学前有法 善育有规

2025年学前教育宣传月

堆纳乡古汝村幼儿园

致家长的一封信

尊敬的家长朋友们:

您好!在孩子成长的道路上,学前教育至关重要。2025 年全国学前教育宣传月活动正式启动、本次活动主题为 “学前有法 善育有规”,这与我们每一位家长息息相关,也与孩子的未来紧密相连。借此机会,我们希望与您分享一些关于学前教育法的重要信息,共同为孩子创造更好的成长环境。

学前教育法是保障孩子们接受优质学前教育的坚实后盾。它明确规定了幼儿园的办园标准,从场地设施到师资配备,都有严格要求,就是为了给孩子们提供安全、舒适且富有教育意义的学习生活空间。在我们幼儿园,每一位教师都具备专业资质,经过严格筛选和培训,他们不仅拥有丰富的教学经验,更满怀对孩子们的关爱,会按照法律要求,为孩子们制定科学合理的教学计划。

法律还强调了尊重孩子个性差异的重要性。每个孩子都是独一无二的,都有自己的兴趣爱好和发展节奏。在幼儿园里,教师们会细心观察每个孩子的特点,因材施教。无论是喜欢绘画的小艺术家,还是热衷于探索自然的小科学家,亦或是充满活力的运动小健将,都能在这里找到展示自己的舞台,得到充分的支持和鼓励。

在培养孩子方面,学前教育法也为我们指引了方向。它倡导培养孩子的综合素质,不仅仅是知识的学习,更注重品德、社交、动手能力和创新思维的发展。我们幼儿园通过丰富多彩的课程和活动,如角色扮演、手工制作、户外探索等,让孩子们在玩中学、学中玩,全面提升综合素养。

家庭在孩子的成长过程中起着不可替代的作用,家园共育是学前教育的关键。希望家长们能和我们一起,深入学习学前教育法,了解法律赋予我们的权利和义务。在日常生活中,依据法律理念,为孩子树立良好的榜样,注重培养孩子的良好习惯和品德。比如,和孩子一起遵守交通规则,培养他们的规则意识;鼓励孩子自己的事情自己做,锻炼他们的自理能力;多与孩子沟通交流,倾听他们的想法,尊重他们的意愿。

同时,也希望您积极参与幼儿园组织的各项活动,加强与教师的沟通合作。您的宝贵意见和建议,对我们改进教育教学工作非常重要。让我们携手共进,依据学前教育法,为孩子们营造一个充满爱与规范的成长环境,让他们在学前阶段就奠定坚实的基础,为未来的人生道路做好充分准备。

如果您对学前教育法或幼儿园的教育教学工作有任何疑问,欢迎随时与我们联系。让我们共同努力,陪伴孩子们度过一个快乐、充实、有意义的童年!

གུས་ཤིང་བརྩེ་བའི་ཁྱིམ་བདག་ཚོ།

ཁྱེད་ཚོ་སྐུ་ཁམས་བཟང་། ཕྲུ་གུ་འཚར་ལོངས་ཀྱི་ལམ་བུའི་ཐོག་སློབ་ཞུགས་གོང་གི་སློབ་གསོ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། 2025ལོའི་རྒྱལ་ཡོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཚ་ཚ་འུར་འུར་གྱི་སྤེལ་བཞིན་ཡོད། ད་ཐེངས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“སློབ་ཞུགས་གོང་གི་སློབ་གསོ་ལ་བཅའ་ཁྲིམས་ཡོད་། གསོ་སྐྱོང་ཡག་པོ་བྱེད་པར་སྒྲིག་སྲོལ་ཡོད”ཞེས་པ་དེ་ང་ཚོའི་ཁྱིམ་བདག་རེ་རེ་དང་འབྲེལ་བ་དམ་ཟབ་ཡོད་ལ་བྱིས་པའི་འབྱུང་འགྱུར་དང་ཡང་འབྲེལ་བ་དམ་ཟབ་ཡོད། གོ་སྐབས་དེ་དང་བསྟུན་ནས་ང་ཚོས་ཁྱེད་དང་མཉམ་དུ་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་སྐོར་གྱི་ཆ་འཕྲིན་གལ་ཆེན་ཁག་གཅིག་མཉམ་སྤྱོད་བྱས་ཏེ་ཐུན་མོང་ཐོག་ཕྲུ་གུ་འཚར་ལོངས་ཡོང་བའི་ཁོར་ཡུག་དེ་བས་ལེགས་པ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད།

སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་ནི་ཕྲུ་གུ་ཚོས་སྤུས་ལེགས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་་དང་ལེན་བྱེད་པར་འགན་སྲུང་བྱེད་པའི་རྒྱབ་རྟེན་ཞིག་ཡིན། དེས་བུ་བཅོལ་ཁང་གཉེར་བའི་ཚད་གཞི་གཏན་འབེབས་ཁ་གསལ་བཟོས་ཡོད་པ་དང་། ལས་ཡུལ་དངོས་ཀྱི་སྒྲིག་ཆས་ནས་དགེ་རྒན་བཀོད་སྒྲིག་བར་ཚང་མར་བླང་བྱ་དང་རེ་བ་ནན་པོ་ཡོད་པ་དེ་ནི་བྱིས་པ་ཚོར་བདེ་འཇགས་དང་། བདེ་སྐྱིད། སློབ་གསོའི་དོན་སྙིང་ཕུན་སུམ་ཚོགས་པའི་སློབ་སྦྱོང་དང་འཚོ་བའི་བར་སྟོང་མཁོ་འདོན་བྱ་ཆེད་ཡིན་པ་རེད། ང་ཚོའི་བུ་བཅོལ་ཁང་དུ་དགེ་རྒན་ཚང་མར་ཆེད་ལས་གྱི་འོས་ཐོབ་ལག་ཁྱེར་ལྡན་ཡོད། གདམ་གསེས་དང་གསོ་སྦྱོང་ནན་པོ་བྱས་པ་བརྒྱུད། ཁོང་ཚོར་ཕུན་སུམ་ཚོགས་པའི་སློབ་ཁྲིད་ཉམས་མྱོང་ཡོད་པ་མ་ཟད། ཕྲུ་གུ་ཚོར་དེ་བས་གཅེས་སེམས་བཅངས་ནས་བཅའ་ཁྲིམས་ཀྱི་བླང་བྱ་དང་རེ་བ་གཞིར་བཟུང་ཕྲུ་གུ་ཚོར་ཚན་རིག་དང་མཐུན་པའི་སློབ་ཁྲིད་འཆར་གཞི་བཟོས་ཡོད།

བཅའ་ཁྲིམས་གྱིས་ད་དུང་བྱིས་པའི་རང་གཤིས་ཁྱད་པར་ལ་བརྩི་འཇོག་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད། བྱིས་པ་རེ་རེ་ནི་ཆེས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས། ཚང་མར་རང་ཉིད་ཀྱི་དགའ་ཕྱོགས་དང་འཕེལ་རྒྱས་འགྲོ་བའི་ནུས་པ་ཡོད། བུ་བཅོལ་ཁང་དུ་དགེ་རྒན་ཚོས་ཕྲུ་གུ་རེ་རེའི་ཁྱད་ཆོས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ལྟ་ཞིབ་བྱས་ཏེ་སློབ་མའི་གཟུགས་གཞི་དང་བསྟུན་ནས་སློབ་ཁྲིད་བྱེད་ཀྱི་ཡོད། རི་མོ་བཟོ་རྒྱུར་དགའ་བའི་སྒྱུ་རྩལ་མཁས་ཅན་ཆུང་ཆུང་ཡིན་ནའང་འདྲ། ཡང་ན་རང་བྱུང་འཚོལ་ཞིབ་བྱེད་པར་དགའ་པོ་བྱེད་པའི་ཚན་རིག་པ་ཆུང་ཆུང་ཡིན་ནའང་འདྲ། ཡང་ན་གསོན་ཤུགས་ཀྱིས་ཁེངས་པའི་འགུལ་སྐྱོད་བྱེད་རྒྱུར་དགའ་བའི་ལུས་རྩལ་པ་ཆུང་ཆུང་གང་ཡིན་རུང་དེ་གར་རང་ཉིད་ཀྱི་ནུས་རྩལ་སྟོན་པའི་གར་སྟེགས་བསྐྲུན་གྱི་ཡོད་པས་ཚང་མས་རྒྱབ་སྐྱོར་དང་སྐུལ་མ་གང་ལེགས་ཐོབ་ཀྱི་ཡོད་པ་རེད།ཕྲུ་གུ་གསོ་སྐྱོང་བྱེད་པའི་ཐད་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་ཀྱིས་ཀྱང་ང་ཚོར་ཁ་ཕྱོགས་ཁྲིད་སྟོན་བྱས་ཡོད། དེས་བྱིས་པའི་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་བྱ་རྒྱུ་དར་སྤེལ་བྱེད་ཀྱི་ཡོད་པ་སྟེ། ཤེས་བྱ་སློབ་སྦྱོང་བྱེད་པ་ཙམ་མ་ཡིན་པར་ཀུན་སྤྱོད་དང་། སྤྱི་ཚོགས་འབྲེལ་བ། ལག་འགུལ་ནུས་པ། གསར་གཏོད་བསམ་གཞིགས་ཀྱི་འཕེལ་རྒྱས་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོའི་བུ་བཅོལ་ཁང་གི་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཚན་དང་བྱེད་སྒོ། དཔེར་ན། མི་སྣ་འཁྲབ་སྟོན་དང་། ལག་ཤེས། ཕྱི་རོལ་འཚོལ་ཞིབ་སོགས་ཀྱིས་བྱིས་པ་རྣམས་ལ་རྩེད་མོའི་ཁྲོད་ནས་སློབ་སྦྱོང་དང་སློབ་སྦྱོང་ཁྲོད་ནས་རྩེད་མོ་འཚོལ་རྙེད་ཡོང་བ་བྱེད་བཅུག་ནས་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས།

ཁྱིམ་ཚང་གིས་ཕྲུ་གུ་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་དང་ཐུན་མོང་གི་ཁྱིམ་ཚང་ཚང་མས་གསོ་སྐྱོང་བྱ་རྒྱུ་ནི་སློབ་ཞུགས་གོང་གི་སློབ་གསོའི་འགག་རྩ་ཞིག་རེད། ཁྱིམ་བདག་ཚོས་ང་ཚོ་དང་མཉམ་དུ་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་སློབ་སྦྱོང་གཏིང་ཟབ་བྱས་ནས་བཅའ་ཁྲིམས་ཀྱིས་ང་ཚོར་སྤྲད་པའི་དབང་ཆ་དང་འོས་འགན་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད། བཅའ་ཁྲིམས་འདུ་ཤེས་ལྟ་བ་གཞི་འཛིན་ས་བྱས་ནས་བྱིས་པར་མིག་དཔེ་བཟང་པོ་སྟོན་རྒྱུ་དང་བྱིས་པར་གོམས་གཤིས་བཟང་པོ་དང་ཀུན་སྤྱོད་ཡག་པོ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། དཔེར་ན། ཕྲུ་གུ་དང་མཉམ་དུ་འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་བྱས་ཏེ་ཁོང་ཚོའི་སྒྲིག་སྲོལ་དང་འདུ་ཤེས་གསོ་སྐྱོང་བྱེད་པ། ཕྲུ་གུ་རང་ཉིད་ཀྱི་བྱ་བ་རང་ཉིད་ཀྱིས་སྒྲུབ་པར་སྐུལ་མ་གཏོང་བ། ཁོ་ཚོའི་རང་སྐྱོང་ནུས་པ་སྦྱོང་བརྡར་བྱེད་པ། བྱིས་པ་དང་འབྲེལ་འདྲིས་མང་ཙམ་བྱེད་པ་དང་། ཁོ་ཚོའི་བསམ་ཚུལ་ལ་ཉན་པ། ཁོ་ཚོའི་བསམ་འདུན་ལ་བརྩི་འཇོག་བཅས་བྱེད་དགོས།

དེ་དང་ཆབས་ཅིག་ཁྱེད་རང་བུ་བཅོལ་ཁང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ནས་དགེ་རྒན་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཁྱེད་ཀྱི་རྩ་ཆེའི་བསམ་འཆར་དང་གྲོས་འཆར་གྱིས་ང་ཚོའི་སློབ་གསོ་སློབ་ཁྲིད་ལས་དོན་ལེགས་བཅོས་ཀྱི་བྱ་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་གཞིར་འཛིན་ནས་ཕྲུ་གུ་ཚོར་བརྩེ་དུང་དང་ཚད་ལྡན་གྱི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ཁོང་ཚོར་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་སུ་རྨང་གཞི་བརྟན་པོ་བཏིང་ནས་འབྱུང་འགྱུར་གྱི་མི་ཚེའི་འགྲོ་ལམ་ལ་གྲ་སྒྲིག་གང་ལེགས་བྱེད་དུ་འཇུག་དགོས།

གལ་ཏེ་ཁྱེད་ལ་སློབ་ཞུགས་གོང་གི་སློབ་གསོའི་བཅའ་ཁྲིམས་སམ་ཡང་ན་བུ་བཅོལ་ཁང་གི་སློབ་གསོ་སློབ་ཁྲིད་ལས་དོན་ལ་དོགས་གཞི་ཡོད་ན། དུས་དང་རྣམ་པ་ཀུན་ཏུ་ང་ཚོ་དང་འབྲེལ་བ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྲུ་གུ་ཚོར་རོགས་རམ་བྱས་ཏེ་སྤྲོ་སྣང་དང་། ཕུན་སུམ་ཚོགས་པ། དོན་སྙིང་ལྡན་པ་བཅས་ཀྱི་བྱིས་དུས་ཤིག་རོལ་དུ་འཇུག་རྒྱུ་ཡིན།