美篇用户的美篇

美友81084561

༄༅།།སྒྲོལ་མ་ཉེར་གཅིག་ལ་སྐྱབས་གསོལ་བདུད་རྩིའི་མཆོད་ཡོན།

པོ་ཏཱ་ལ་ཡི་གནས་མཆོག་ན།།

ཏཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་།།

འོད་དཔག་མེད་ཀྱིས་དབུ་ལ་རྒྱན།།

དུས་གསུམ་སངས་རྒྱས་འཕྲིན་ལས་མ།།

སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ།།

ཉོན་མོངས་སྒྲིབ་པ་མཐུག་པོའི་ཀློང་དབྱིངས་ནས།།

རྣམ་རྟོག་སྤྲུལ་བ་རྒོད་པའི་རྐང་གཉིས་མི།།

རང་སྣང་མཐོ་བས་གོལ་བར་འཕྱན་གྱུར་བ།།

དེ་ལས་སྐྱོབས་ཤིག་སྒྲོལ་མ་མྱུར་དཔའ་མོ།།

འདས་པའི་ཉམས་མྱོང་བསགས་པའི་བློ་གྲོས་ལ།།

བདག་འཛིན་བློ་ཡི་བཟི་ཁ་རབ་བཙན་པས།།

གང་བྱས་ལས་ལ་བདེ་བ་རྙེད་དཀའ་བ།།

དགོངས་ནས་སྐྱོབས་ཤིག་ཟླ་བའི་མདངས་ལྡན་མ།།

རྙེད་བཀུར་དོན་ལ་རྔམ་པའི་སྡེར་ཁྱིམ་གྱིས།།

བརྩེ་བའི་རྨུ་ཐག་གཅོད་ལ་སྙིང་དཔའ་བ།།

མུན་པའི་འོབས་ན་འཛུམ་གྱིས་དགོད་པ་འདི།།

ད་ལྟ་སྐྱོབས་ཤིག་གསེར་གྱི་མདོག་ལྡན་མ།།

ཤེས་རབ་ཆེ་སྙམ་ཤེས་དམན་ལས་ལ་ཞུགས།།

ལྟར་སྣང་དོན་ལ་ཡང་དག་འཇོག་པ་ཡི།།

འཁྲུལ་འཛིན་བློ་ལ་ཞེན་པ་མ་ནུའི་བུ།།

ཉམ་ངའི་གཡེང་ལས་སྐྱོབས་ཤིག་གཙུག་ཏོར་མ།།

འཕགས་པའི་ནོར་བདུན་འཇིག་རྟེན་ནོར་དང་བརྗེ།།

སྣ་ཚོགས་བྱ་བྱེད་སྣ་མའི་མེ་ཏོག་བཞིན།།

ཉེ་བར་བསྒྱུར་བས་ལས་འབྲས་ནོགས་པར་བཏང་།།

རྨོངས་ལས་སྐྱོབས་ཤིག་ཧཱུཾ་སྒྲ་སྒྲོག་མཛད་མ།།

དགེ་སྡུག་ལས་ཀྱིས་བདེ་སྡུག་སྐྱེད་བྱེད་པའི།།

ལས་འབྲས་འཆད་པ་བླུན་པོར་མཐོང་བ་ཡི།།

རང་རློམ་མཁན་པོ་རང་ལམ་འཆོལ་བ་ལས།།

མྱུར་དུ་སྐྱོབས་ཤིག་འཇིག་རྟེན་གསུམ་རྒྱལ་མ།།

དགའ་རབ་དགའ་བའི་ལས་ལ་རབ་དགའ་བ།།

གཏན་བདེ་གཅོད་པའི་རྩ་བར་མ་མཐོང་བར།།

བཟའ་བཏུང་ཉིད་ཀྱིས་ཡིད་རབ་ཚིམ་པའི་འགྲོ།

ད་ལྟ་སྐྱོབས་ཤིག་རྒོལ་བ་འཇོམས་མཛད་མ།།

ཉམ་ཆུང་སྲོག་ལ་རྒོལ་བ་བདུད་པོའི་གཤིས།།

སྣ་བརྒྱའི་རོ་ལ་སྲེད་པ་བྱིས་པའི་སྤུན།།

གང་ཡང་མ་སྟོན་ཅི་ཡང་མི་ཤེས་པའི།།

འགྲོ་རྣམས་སྐྱོབས་ཤིག་ཁྲོ་གཉེར་ལྡན་མཛད་མ།།

ཡོད་ཡོད་འདྲ་བའི་འདི་སྣང་དངོས་པོ་ལ།།

བདག་འཛིན་བློ་ཡིས་དམ་དུ་འཁྱུད་པའི་མཐར།།

བདག་བས་གཞན་གྱི་དོན་ལ་རབ་རྨོངས་པས།།

བདག་འཛིན་ཆོད་ཅིག་དངོས་གྲུབ་མཆོག་སྩོལ་མ།།

སྣ་མང་སྤྲུལ་བས་སྙན་གྲགས་དོན་ལ་འབད།།

སྣ་ཚོགས་ལུས་ཀྱིས་འདོད་ཡོན་སྒྲུབ་ལ་བརྩོན།།

སྣ་གཅིག་མ་ཐོབ་ཉམ་ངའི་འཕྲང་དུ་ལུས།།

དེ་ལས་སྐྱོབས་ཤིག་མྱ་ངན་སེལ་མཛད་མ།།

རང་བདེ་བསྒྲུབས་མཐར་རང་ལུས་བརླག་པར་བྱེད།།

རང་དོན་བསྒྲུབས་མཐར་རང་འཁྲི་ཡལ་བར་བོར།།

རང་སེམས་འདི་ཡང་རང་ལ་མི་དབང་བས།།

དེ་ལས་སྐྱོབས་ཤིག་ཕོངས་པ་སེལ་མཛད་མ།།

རང་གི་ཚེ་འདི་ཀུན་ལས་རྒྱལ་འདོད་ནས།།

རང་སེམས་སྨྱོན་པའི་རྗེས་སུ་རྒྱུགས་རྒྱུགས་མཐར།།

རང་ཡང་འཆི་འཕོའི་ལམ་དུ་ཉེན་གྱུར་བ།།

མྱུར་དུ་སྐྱོབས་ཤིག་འོད་རབ་སྟེར་མཛད་མ།།

གཞན་དོན་སྒྲུབ་སྐད་རང་དོན་ཁོ་ནར་འབད།།

གཞན་བཀུར་ཆེ་སྐད་རང་བསྟོད་འབའ་ཞིག་གཉེར།།

གཞན་ཕན་རྫུ་ཡིས་གཞན་མགོ་སྐོར་སྙམ་པའི།།

འགྲོ་འདི་སྐྱོབས་ཤིག་དགྲ་ཡི་དཔུང་འཇོམས་མ།།

མཐུན་པའི་ཚེ་ན་ཕུགས་ཀྱི་ནོར་ཡང་སྟེར།།

འགལ་བའི་ཚེ་ན་གཅེས་པའི་སྲོག་ཀྱང་འཕྲོག།

དགའ་སྡུག་སོ་ན་མེད་པའི་ཅོལ་ཆུང་བ།།

དེ་ལས་སྐྱོབས་ཤིག་ཁྲོ་གཉེར་སྤྱན་མཛད་མ།།

རྒྱལ་བའི་བཀའ་ལ་དོགས་སློང་གཏམ་གྱིས་རྒྱགས།།

བླ་མའི་གསུང་ལ་དགག་བཞག་ཅི་རིགས་བྱེད།།

ཕ་མའི་ཚིག་ལ་ཡིན་མིན་རྩོད་པའི་བུ།།

དེ་ལས་སྐྱོབས་ཤིག་དགེ་ལེགས་ཞི་བ་མ།།

བག་མེད་ལོག་འཚོས་ཉིན་མཚན་འདའ་བ་དང་།།

བབ་ཅོལ་གཏམ་གྱིས་གཞན་སེམས་དཀྲུགས་ལ་དགའ།།

ཁྲེལ་དང་ངོ་ཚ་བྲལ་བའི་སྙིགས་མའི་འགྲོ།།

མྱུར་དུ་སྐྱོབས་ཤིག་ཆགས་པ་འཇོམས་མཛད་མ།།

དབུགས་ཤིག་ཆགས་ཚད་ཁ་ལ་ཟ་ཐབས་དང་་།།

སེམས་ལ་ཐོགས་ཚད་རང་ལ་ཐོབ་ཐབས་ཀྱི།།

འདོད་སྲེད་དགྲ་ཡིས་བསླུས་པའི་སྐྱེ་བོའི་ཚོགས།།

མྱུར་དུ་སྐྱོབས་ཤིག་འཇིག་རྟེན་གསུམ་གཡོ་མ།།

ཁ་ལ་ཡོང་ཚད་ཟ་ལ་རྔམ་པའི་མཐར།།

གཉན་རིམས་ནད་ཀྱི་འཇིགས་པས་གཙེས་པ་ན།།

འོད་དོད་ལས་གཞན་བྱ་ཐབས་ཟད་པའི་འགྲོ།།

མྱུར་དུ་སྐྱོབས་ཤིག་མ་ལུས་དུག་སེལ་མ།།

མི་འདོད་ནད་ཀྱི་ཟུག་ངུ་ཆེ་ན་འང་།།

ཉམ་ཆུང་སྲོག་ལ་གཟན་པའི་དོ་ཟླ་མིན།།

དེ་ཡི་འཇིགས་སྐྱོབས་ལས་འབྲས་ངེས་པ་ཡིན།།

དེ་ལ་གོམས་མཛོད་སྡུག་བསྔལ་སྲེག་བྱེད་མ།།

ནད་རིགས་བཞི་བརྒྱ་རྩ་བཞི་འབྱུང་བའི་རྒྱུ།།

འདོད་ཆགས་ཞེ་སྡང་གཏི་མུག་ལས་གཞན་མེད།།

འདི་ཉིད་ཡིན་ཕྱིན་འདི་ལ་ནན་ཏན་དགོས།།

དེ་དོན་སྟོན་མཛོད་རིམས་ནད་ཀུན་སེལ་མ།།

མི་མཐུན་རྒུད་པ་མ་ལུས་སེལ་བ་དང་།།

མཐུན་རྐྱེན་ལེགས་ཚོགས་ཆར་བཞིན་སྙིལ་མཛད་དེ།།

ས་སྟེང་སྐྱེ་འགྲོ་གཅིག་ལས་གཅིག་ཟ་བའི།།

འཇིགས་ལས་སྐྱོབས་ཤིག་གནོད་ཀུན་འཇོམས་མཛད་མ།།

ཨ་རུ་རྣམ་རྒྱལ་གྱིས་འཕྲལ་མར་སྦྱར་བ་ཛ་ཡནྟུ།