ཆོས་རྒྱལ་གྱི་ཁ་པར།

美友15343530

མདང་དགོང་མཚན་མོ་དུས་ཚོད་གཉིས་ཙམ་ལ་སླེབས་ཚེ།ང་གཉིད་ཀྱིས་ར་བཟི་ནས་ལྡབ་བི་ལྡིབ་བི་རུ་གྱུར་ཚེ།གློ་བུར་དུ་ངའི་ཁ་པར་གྱིས་དྲིལ་སྒྲ་གྲགས་སོང་།ངས་ལག་ཉུལ་ཅོག་བྱས་ཏེ་ཁ་པར་ཚུར་བླངས་ནས་བལྟས་ཚེ།དེ་ནི་མཐོང་མ་མྱོང་བའི་ཨང་གྲངས་ཤིག་རེད་ལ་ས་གནས་“异界”ཞེས་པའི་རྒྱ་ཡིག་གཉིས་ཤར་འདུག དེ་ནས་ང་དང་ཆོས་རྒྱལ་བར་ཁ་བརྡ་བྱས་པའི་གོ་རིམ།

ང་། ཝེ་ཁྱོད་སུ་ཡིན།

ཆོས་རྒྱལ། ང་ཆོས་རྒྱལ་ཡིན།

ང་། ཆོས་རྒྱལ་གང་།ངས་ངོ་མི་ཤེས་གི་ཨ།

ཆོས་རྒྱལ། ང་གཤིན་རྗེ་ཆོས་རྒྱལ་ཟེར་བ་དེ་ཡིན།ད་ཨེ་ཤེས་གི

ང་། ག་་་ག་རེ་ཟེར།གཤིན་རྗེ་ཆོས་རྒྱལ་ཨེ།

ཆོས་རྒྱལ། ཨོ་ལེ།ཡིད་མི་ཆེས་ནི་ཨེ་རེད།

ང་། ད་ཁྱོས་ཀུ་རེ་མ་ཟེར་ད།དྲང་མོ་ཤོད།ང་གཉིད་འཁོར་གི་ཉལ་དགོས།

ཆོས་རྒྱལ། ངས་ངོ་མ་ཟེར་ལེ་ཡིན་བུ་ཆུང་།

ང་། ད་ཁྱོད་ལ་དོན་དག་འདྲ་མེད་ན་ངས་ཁ་པར་སྒོ་བརྒྱག་རྒྱུ་ཡིན།

ཆོས་རྒྱལ། ང་ལ་དོན་དག་ལོས་ཡོད།དོན་དག་མེད་ན་ཁྱོད་ལ་ཁ་པར་རྒྱག་ནས་ཅི་བྱེད།

ང་། ཡ།དེ་ཡིན་ན་ཁྱོད་སུ་ཡིན་དྲང་མོར་ཤོད་ད།

ཆོས་རྒྱལ། ང་ངོ་མ་ཆོས་རྒྱལ་ཡིན་ཡ།

ང་། ཧུན།གྲོགས་པོ་ང་ལ་ཁྱོས་སྨྱོས་གཏམ་ཉན་ཁོམ་མེད།ཉལ་དགོས་བདེ་མོ།

ཆོས་རྒྱལ། ཝེ་ཝེ།

ངས་ཁ་པར་སྒོ་བརྒྱབས་ནས་སྔས་མགོ་རུ་བཞག་རྗེས་ཉལ་བསྡད།ཡང་ཅང་མ་འགོར་བར་ཁ་པར་གྲགས་སོང་།ངས་འདོད་ལ་མ་འདོད་ངང་ཚུར་བླངས་ནས་གཅིག་བལྟས་ཚེ།སྔོན་གི་ཨང་གྲངས་དེ་རེད་འདུག ཡར་ཉོན་རྗེས།

ང་། ད་ཁྱོད་ལ་ཡོད་དོན་དག་ཡོད་ན་དྲང་མོར་ཤོད།མེད་ན་དེ་ལྟར་མ་བྱེད་ང་ཉལ་དགོས།

ཆོས་རྒྱལ། ང་ལ་བཤད་རྒྱུ་ཡོད་མོད།ཁྱོད་ཡིད་ཆེས་རྒྱུ་མ་རེད།

ང་། ཁྱོས་དྲང་མོར་བཤད་ན་ང་ཡིད་ལོས་ཆེས།

ཆོས་རྒྱལ། ཡ་ཡ།དེ་ན་ཁྱོས་ཉོན་ཨ།

ང་། ཡ་ཡ།ད་ཁྱོས་ཤོད་ཡ།

ཆོས་རྒྱལ། ཁྱོད་མི་ཡུལ་འདིར་འདུག་པའི་ཚེ་ཚད་ཐུག་འདུག བུ་ཆུང་འགྲོ་གྲབ་གྱིས་ལ།ཁ་ཆེམས་འདྲ་ཡོད་ན་ཞོག་ད།ངས་ཁྱོད་ལ་དུས་ཚོད་གཅིག་གི་གོ་སྐབས་བྱིན།

ང་། (ཁོག་འདར་ཞིག་གི་རྗེས་སུ)ད་དོན་དག་ཡོད་ན་དྲང་མོར་ཤོད།དེ་མིན་དོན་མེད་མ་ལབ།

ཆོས་རྒྱལ། ཨ་རོགས་བུ་ཆུང་།ད་ཁྱོད་ལ་གོ་སྐབས་འདི་དགོས་སམ་མི་དགོས།མི་དགོས་ན་ད་ངས་ཡིག་ཆུང་ལ་ཐམ་ག་རྒྱག་རྒྱུ་ཡིན།

ང་། (ཐེ་ཚོམ་དང་དངངས་སྐྲག་ངང་)ཁྱོས་བཤད་པ་ངོ་མ་ཡིན་ནམ།

ཆོས་རྒྱལ། བདེན་པ་ལོས་ཡིན།དེ་མིན་ན་ཀུ་རེ་འདི་འདྲ་སུས་རྩེ་སྲིད།

ང་། བདེན་པ་ཡིན་ན་ཁྱོས་ང་ལ་རྟགས་ཤིག་བཏོན་ད།

ཆོས་རྒྱལ། ཡ་ཡ་་ཁྱོས་མགོ་བོ་དགྱེ་ནས་ལྟོས་དང་ཅི་ཞིག་མཐོང་སོང་།

ངས་མགོ་བོ་དགྱེ་ནས་བལྟས་ཚེ།ལམ་གཉིས་དང་ལས་མཁན་སྟག་མགོ་ཅན་ཞིག་མཐོང་སོང་ལ།ད་དུང་བར་དོ་ཡི་ཐོས་གྲོལ་གྱི་སྒྲ་གསལ་ལ་མི་གསལ་བ་ཞིག་ཐོས་སོང་།ང་རྣམ་པ་དེས་ཧང་སང་དུ་གྱུར་ནས་ལུས་ཚེ།མུ་འཐུད་དུ།

ཆོས་རྒྱལ། བུ་ཆུང་།ད་ཡིད་ཆེས་སོང་ངམ།

ང་། ཆོས་རྒྱལ་ལགས།ངས་ཁྱོད་ཞུ་བ་ཞོག་བྱེད།ཁྱོས་ང་མ་འཁྲིད་རོགས།

ཆོས་རྒྱལ། མ་འཁྲིད་ན་ག་ལ་ཆོག ཁ་ཆེམས་འདྲ་ཡོད་ན་ཞོག་མེད་ན་ད་འགྲོ།

ང་། ཆོས་རྒྱལ་ལེ་ལེ།ང་འགྲོ་མི་ཉན་ཡ།ཁྱོས་ང་མ་འཁྲིད་རོགས།ཐེ་མེ་ཙོང་།

ཆོས་རྒྱལ། ཁྱོད་འགྲོ་མི་ཉན་དོན་ཅི་ཡོད།

ང་། ངས་ད་དུང་འཇིག་རྟེན་འཁོར་བ་ཟེར་བའི་སྙིང་བོ་ངོ་མ་ཤེས་མེད་ལ།དགའ་སྐྱོ་ཆགས་ལྡང་ཞེས་པའི་བྲོ་བ་མྱོང་བས་འདང་མེད།དེས་མ་ཚད་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་བར་ཐག་ཤེས་མེད།མི་སེམས་ཅེས་པའི་གཡོ་སྒྱུ་ཚོར་མེད།

ཆོས་རྒྱལ། སྙིང་རེ་མ་རྗེ།མི་ཡུལ་ན་ལོ་ངོ་ཉི་ཤུ་ཙམ་ཞིག་འགོར་ཀྱང་སྡིག་པ་བསྒྲུབ་ཤེས་པ་ལས་གཞན་ཅི་ཡང་ཤེས་མི་འདུག མི་ཟེར་བ་འདི་ངོ་མ་གླེན་པ་རེད།

ང་། ཆོས་རྒྱལ་ལགས།ཁྱེད་ཀྱིས་ང་འཁྲིད་ད།ངས་དཀོན་མཆོག་གསུམ་ལ་དད་པ་བྱེད་ལ་དམ་པའི་ཆོས་ལ་སྦྱོང་བརྡར་བྱེད་ཡོང་།དེས་མི་ཚད་སེམས་བསམ་པ་བཟང་པོས་གཞན་ཕན་བསྒྲུབ་ཡོང་།ནམ་ཉི་མ་ཞིག་ལ་ང་འཁོར་བ་ལ་ངེས་འབྱུང་སྐྱེ་སྲིད།དེ་དུས་ང་འཁྲིད་ད།ངས་ཁྱོད་ལ་གུས་ཕྱག་འབུལ།

ཆོས་རྒྱལ། (ཁ་སྤུ་ལ་བྱིལ་བྱིལ་བྱས་ནས་བསམ་བློ་ཞིག་བཏང་རྗེས)ཡ།དེ་ན་ངས་ཁྱོད་ཀྱི་བྱ་སྤྱོད་ལ་བལྟ།ད་ཐེངས་ད་མི་འཁྲིད།གལ་ཏེ་ཁྱོས་གཞན་ལ་གནོད་པའི་ལས་བྱས་ཚེ་དེ་མ་ཐག་ཏུ་འཁྲིད་རྒྱུ་ཡིན།

ང་། ཆོས་རྒྱལ་ལགས།ལས་ཟེར་ན་ཅི་རེད།

ཆོས་རྒྱལ། ལས་དང་རྒྱུ་འབྲས་ཞེས་པའི་ལས་རེད།ཁྱོད་ཀྱིས་རྒྱུ་ག་འདྲ་ཞིག་བསགས་ན་འབྲས་བུ་དེ་འདྲ་ཞིག་འབྱུང་བ་རེད།རྒྱུ་དགེ་བ་ལ་འབྲས་བུ་བདེ་བ་དང་རྒྱུ་སྡིག་པ་ལ་འབྲས་བུ་སྡུག་བསྔལ་ཡོང་གི་རེད།ཁྱོད་ཀྱིས་དགེ་བ་བསྒྲུབ་ན་འགྲོ་ས་ཞིང་ཁམས་དང་སྡིག་པ་བསགས་ན་འགྲོ་ས་དམྱལ་བ་རེད།ཤེས་ཨེ་སོང་།

ང་། ལགས་སོ་ཆོས་རྒྱལ་རིན་པོ་ཆེ།ད་ནས་བཟུང་ངས་དགེ་སྒྲུབ་སྡིག་སྤང་ལ་འབད་པ་བྱེད།

ཆོས་རྒྱལ། ཡ་ཡ།ད་སྐད་ཅ་མང་པོ་མེད།རང་གི་བྱ་སྤྱོད་ལ་ཚོད་འཛིན་གྱིས།

ང་། ལགས་སོ།ལགས་སོ།

ཆོས་རྒྱལ། ད་བདེ་མོ།

ང་། བདེ་མོ།

ཆོས་རྒྱལ་དང་ངེད་གཉིས་ཀྱི་ཁ་བརྡ་དེ་ལྟར་འཇུག་རྗོགས་སོང་།དོན་དུ་ངས་བཤད་འདོད་པ་ཞིག་ནི།འཆི་བ་མི་རྟག་གློག་ལྟར་ཡོང་ལ་འཆི་རྐྱེན་ངེས་མེད་ཐོག་བཞིན་ཡིན་པས་རྒྱུ་འབྱོར་བ་ཆེ་ཡང་འཆི་ཉིན་ཁུར་ས་མེད་ལ།འཆི་ཟེར་ཉིན་རྒྱུ་དང་ནོར་གྱིས་མི་མཁོ་བས་རྒྱུ་ནོར་གྱི་ཆེད་དུ་སྡུག་དང་སྡིག་པ་མི་བསགས་པར་རྒྱུན་དུ་བསམ་པ་བཟང་པོ་རེ་བྱས་ནས་གཞན་ཕན་བསྒྲུབ་པ་དང་དམ་པའི་ཆོས་ལ་འབད་པར་འཚལ།

ནམ་འཆི་ཆ་མེད།།

འཆི་རྐྱེན་ངེས་མེད།།

འཆི་བ་མི་རྟག།

མ་ཎི་བགྲང་ཤིག།

ཞེས་སྙིང་གཏམ་པས་༢༠༡༧ལོའི་ཟླ་བ་༡༡པའི་ཚེས་༣༠ཉིན་བྲིས་ཏེ་ཕུལ།