ཁོང་གི་དངོས་སློབ་རྡོར་བྷ་ལགས་ཀྱི་ཕྱག་བྲིས།

ཡིག་མཁན་སྨོན་ལམ་རྒྱ་མཚོ་ལོ་ནམ་ཞིག་ལ་འཁྲུངས་པ་རེད་དམ།
ས་འབྲུག་༡༩༢༨་ལོར་སྐུ་འཁྲུངས།

བོད་ཀྱི་ཡིག་མཁན་ཆེན་མོ་སྨོན་ལམ་རྒྱ་མཚོ་མཆོག་ནི་ས་ཆ་གང་ནས་འཁྲུངས་པ་རེད་དམ།

མདོ་ལྷོ་བསང་ཆུ་རྫོང་འབོ་རའི་ལོ་ཡག་ཐང་ཞེས་པའི་གྲོང་སྡེ་རུ་སྐུ་འཁྲུངས།

དྲུང་ཡིག་སྨོན་ལམ་ཞེས་པའི་མཚན་ཇི་ལྟར་གསོལ་བ་རེད་དམ།
༡༩༥༣ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་༧རྗེ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་བཀའ་གསུང་བཞིན་བླ་བྲང་ཡིག་ཚང་གི་དྲུང་ཡིག་ཆེན་མོའི་ཁུར་ཡོངས་སུ་བཞེས་ཏེ་དྲུང་ཡིག་སྨོན་ལམ་ཞེས་པའི་མཚན་སྙན་གྱི་མེ་ཏོག་ཐོབ་པ་རེད།

༼ཡིག་གཟུགས་བློ་གསལ་སྤྱི་ནོར༽ཇི་ལྟར་རྩོམ་སྒྲིག་གནང་བ་རེད་དམ།
༡༩༨༢ལོར་རྔ་བ་བོད་རིགས་ཆིང་རིགས་རང་སྐྱོང་ཁུལ་གྱིས་བོད་ཡིག་དུས་ཐུང་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་ལ་སྤྱན་དྲངས་ཏེ། དེ་གའི་རྩོམ་སྒྱུར་ཅུས་ཀྱིས་འབྲི་བསྐུལ་ཞུས་པ་བཞིན་དུས་ཚོད་ཐུང་ངུའི་ནང་སྐྱེས་འགྲོའི་དང་བ་དབང་མེད་དུ་འདྲེན་པའི་ཡི་གེའི་མ་ཕྱི་༼ཡིག་གཟུགས་བློ་གསལ་སྤྱི་ནོར༽ཞེས་པ་བརྩམས་ནས་ཀུན་གྱི་མིག་གི་དགའ་སྟོན་དུ་སྨིན་པར་གྱུར། ཡིག་གཟུགས་འདིའི་ཐིག་རྩ་དང་ལག་ལེན་གྱི་ཐད་ལ་ཁྱུང་བོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་དང་། ཁྱུང་བོའི་སློབ་མ་མཁས་པ་རོང་པའི་ཐིག་རིས་རིན་ཆེན་སྒྲོམ་བུ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་སོགས་ལ་ཁུངས་གཏུགས་ཡོད་མོད། གཙོ་ཆེར་ཁྲིད་རྒྱུན་བཞིན་དང་སྡེ་སྲིད་ཆེན་མོས་གཡའ་སེལ་དུ་འཁོད་པའི་ཐིག་འགྲེལ་ལ་བསྟུན་པར་གྲགས།

ཡིག་མཁན་དྲུང་ཡིག་སྨོན་ཚང་དུས་ནམ་ཞིག་ལ་སྐུ་གཤེགས་པ་རེད་དམ།
༡༩༩༠ལོའི་ཟླ་༡པའི་ཚེས་༨ཉིན་ལ་སྐུ་གཤེགས་པ་རེད།

སྒྲིག་སྦྱོར་བ། སྐལ་བཟང་དོན་གྲུབ།