བོད་ལ་ཡོད་པ་དྲང་བཤད། ཀ་རྩོམ།

美友19198772

བོད་ལ་ཡོད་པ་དྲང་བཤད། ཀ་རྩོམ།

རྩོམ་འབྲི་བ། གཉན་གངས་སྨྱུག

ཀ་མད་སུམ་ཅུའི་ཡིག་ངོ་མི་ཤེས་ཤིང་། །

ཁ་ནས་སྦྱོར་ཀློག་ཙམ་ཡང་མི་འཁྱོར་བའི། །

ག་ས་གང་གི་དྲྭ་ལམ་སོ་སོ་རུ། །

ང་ཁྱོད་རྩོད་པའི་མཁས་དབང་བོད་ལ་མང་། །

ཅ་ཀ་རྒྱུ་ནོར་མཁོ་དགུ་མི་ཚང་ཞིང་། །

ཆ་རྐྱེན་ཚང་བའི་འཚོ་ཆས་མེད་ན་ཡང་། །

ཇ་ཆང་བག་མེད་སྤོམ་སྐད་ཆེར་འདོན་པའི། །

ཉ་ཉོག་ཁྲོད་ཀྱི་ཚོང་དཔོན་བོད་ལ་མང་། །

ཏ་ཐ་ག་ལྟའི་དགོངས་དོན་མ་རྟོགས་ཤིང་། །

ཐ་སྙད་ཚིག་གི་བརྡ་ཙམ་མི་གོ་བའི། །

ད་ཏའི་དུས་ཀྱི་ཤེས་རབ་རྒྱས་སོ་སྐད། །

ན་ཚོད་དར་བབས་རྟོགས་སད་བོད་ལ་མང་། །

པ་ཊའི་རིས་ལྟར་རྙོག་འཛིང་ཆེ་དྲགས་པའི། །

ཕ་མཐའ་བྲལ་བའི་དུས་རབས་མདུན་སྐྱོད་ཁྲོད། །

བ་ཕྱུག་རྗེས་འགྲོ་རང་རིགས་སྤུན་ཟླ་ལ། །

མ་མོག་ངང་གི་གྲགས་ཅན་བོད་ལ་མང་། །

ཙ་ཙིར་སྐད་ངན་གང་སར་སྤུར་བཞིན་དུ། །

ཚ་གྲང་དཀའ་བ་ཅུང་ཟད་མི་བཟོད་ཀྱང་། །

ཛ་དྲག་ཅན་གྱི་དཀའ་རྙོག་གསལ་ཡོང་ཞེས། །

ཝ་སྐྱེས་ཆེ་རློམ་རླབས་ཆེན་བོད་ལ་མང་། །

ཞ་ཞུམ་ཕྱི་ཚུལ་ཞི་དུལ་རབ་ལྡན་ཡང་། །

ཟ་འདོད་ནང་གི་རྟོག་པ་ཆེར་རྒྱས་ཤིང་། །

འ་ཆད་འུ་ཐུག་ཕལ་ཆེར་མི་གཟིགས་པའི། །

ཡ་མཚན་ཆེ་བའི་བྱམས་ལྡན་བོད་ལ་མང་། །

ར་ལྟར་རང་སྣང་མཐོ་པོའི་ཁྲི་འཕང་ཐོག །

ལ་ལུང་སྐྱེ་བོ་ཀུན་ལ་འགྲན་འདོད་ཅིང་། །

ཤ་ཉེ་སྤུན་གྱི་ཁྲོད་དུ་ཆེས་ངར་བའི། །

ས་སྟེང་དཔའ་བོའི་དང་རྩེ་བོད་ལ་མང་། །

ཧ་ཅང་དྲང་པོར་སྨྲས་ན་མི་འདོད་པས། །

ཨ་ཁུ་བདག་ལ་རྒོལ་རྡུང་སྤྲད་སྲིད་ཀྱང་། །

ཧ་ཅང་རྫུ་འབག་གྱོན་ན་མི་ལེགས་ཕྱིར། །

ཨ་ཕོ་ང་ཡིས་དྲང་བཤད་བྱས་པ་ཡིན། །

ཧ་ཧ་ཧ་ཧ་ཧ་ཧ། ཀུ་རེ་དང་འབྲེལ་ནས་བྲིས།