ལོ་ཟླའི་སེམས་ཚོར།

美友5959325

བརྩེ་འཕྲིན་ཆུ་ལ་སྤྲིངས་པའི་མཚན་མོ་འདིར།
སྒོ་གསུམ་ནད་ཀྱིས་མནར་འདྲིའི་ཚོར་སྣང་བྱུང
མི་མེད་ས་སྟོང་འདི་ཡི་ཁོར་ཡུག་ཁྲོད།
ཆ་རྒྱུས་ཡོད་པའི་ཁྱོད་ཀྱི་རྒྱབ་གཟུཊ་མཐོང་།

མི་ཚོགས་ཁྲི་སྟོང་མངའ་བའི་ཁྲོམ་སྲང་དེ།
རྙོག་འཛིང་རབ་ཏུ་རྒོད་པའི་གཡུལ་ས་བཞིན།
སྤྲིན་ནག་ས་རྡུལ་གཡོ་བའི་རྒྱ་གྲོང་འདིར།
ལོང་གཏམ་སྣང་བ་སུན་པོའི་ངང་གིས་བཟི།

རེ་ཤིང་བསྒུག་པའི་འོད་དཀར་རི་བོང་ཅན།
མུན་པའི་ཀློང་དུ་འོད་སྣང་གསལ་བའི་ཁྱོད།
བརྩེ་བ་གསོན་པོ་སྙིང་ཁོག་རུས་གཏིང་སྦས།
དྲན་པའི་སྙིང་གཏམ་དམར་པོ་ལྷོད་ཀྱིས་གླེང་།

ནང་སེམས་གྲང་ངད་ལྡང་བའི་སྟོན་ཟླ་འདིར།
སྡོང་བུའི་ལོ་མ་སེར་པོ་ས་རུ་ཐོར།
མཛེས་པའི་ནོར་འཛིན་སྒེག་མོའི་པང་མཐིལ་དུ།
དྲི་མེད་དྭངས་གཙང་ཁ་བ་དཀར་པོའི་གཡོགས།

ཟླ༡༠བའི་ཚེས༡༠ཉིན།