དབུས་གཙང་གནས་མཇལ་དུ་ཕྱིན་པའི་ལམ་གྱི་ལེའུ།
ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་སླར་ཡང་དབུས་གཙང་ལྷ་ལྡན་དག་ཞིང་ལ་གནས་མཇལ་དུ་ཕྱིན་པ་ཡིན། ལོ་ན་བདུན་ཅུ་དོན་གཉིས་ལྷག་ལ་སོན་པའི་ཨ་མྱེ་རྒན་པོ་ཞིག་དང་། ལས་དབང་གྱི་རྨུ་ཐག་གནས་ཡུལ་གཅིག་ལ་འཐེན་པའི་འཚོ་བའི་འགྲུལ་བཞུད་ཁྲོད་ཀྱི་ཁོ་མོ་དང་ངེད་སྤྱི་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་པ་ཡིན། གནས་མཆོག་བྲག་ཡེར་བ། གནས་མཆོག་བྲག་ཡེར་བའི་སྒྲུབ་གནས། སྤྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་ར་མོ་ཆེའི་གཙུག་ལག་ཁང་ལ་མཇལ་བ་ཡིན།༼ གཙུག་ལག་ཁང་འདི་ནི་སྤྱི་ལོ་དུས་རབས་བདུན་པའི་དུས་དཀྱིལ་ལྕགས་གླིང་ལོར་651ལོར་རྒྱ་བཟའ་ཀོང་ཅིས་རྨིང་གཏིང་། རྟེན་གྱི་གཙོ་བ་ལ་སྟོན་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་རྒྱལ་བའི་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས། རྗེས་ནས་པོ་ཏ་ལར་མཇལ།༼ པོ་བྲང་པོ་ཏ་ལ་ནི་དམར་པོ་རིའི་སྟེང་དུ་ཆགས་ཡོད། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། རྟེན་གྱི་གཙོ་བོ་ལ། སྐུ་གསུང་ཐུགས་རྟེན་མཐའ་ཡས་ཤིང་ཁྱད་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་འཕགས་མཆོག་ལོ་ཀྭ་ཤོར་འམ་ལ་འཇིག་རྟེན་དབང་ཕྱུག་གི་སྐུ་བརྙན། གོང་ས་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་། རྒྱ་བོད་མཁས་གྲུབ་དུ་མའི་མཛད་རྗེས་ཀྱི་རྟེན་གསུམ།འཛམ་གླིང་གསེར་གདུང་རྒྱན་གཅིག་སོགས་རྟེན་མཆོག་མཐའ་ཡས་པ་བཞུགས་སོ། ༽ འབྲས་སྤོང་དགོན་པ་མཇལ།རྟེན་གྱི་གཙོ་བོ་ལ༼ རྗེ་བཙུན་བྱམས་པ་སོགས་མང་པོ་ཡོད། ༽
སེ་ར་ཐེག་ཆེན་གླིང་ལ་མཇལ། རྟེན་གྱི་གཙོ་བོ་ལ༼ རྟ་མགྲིན་རང་བྱོན་དང་། སེ་ར་ཐེག་ཆེན་གླིང་ནི་རྗེ་བདག་ཉིད་ཆེན་མོའི་དངོས་སློབ་བྱམས་ཆེན་ཆོས་རྗེས་སྤྱི་ལོ་༡༥༡༩ལོར་ཕྱག་བཏབ། རྟེན་གྱི་གཙོ་བོ་ལ་སངས་རྒྱས་སྨན་བླའི་བློས་བསླངས་དཀྱིལ་འཁོར་དང་། རྒྱ་ནག་ནས་གདན་དྲངས་པའི་རྗེ་སྐུ་གསེར་ཟངས་ལས་གྲུབ་པ་སོགས་རྟེན་མཐའ་ཡས་པ་བཞུགས། འབྲས་སྤོང་དགོན། སྤྱི་ཟླ་བཅུ་པའི་ཚེས་གཉིས་ཀྱི་ཞོགས་པར་སླར་ཡང་འགྲུལ་བཞུད་ཀྱི་ལམ་ལ་བུད་དེ་གནས་མཆོག་བྲག་ཡེར་བ།༼ རྟེན་གྱི་གཙོ་བོ་ཡེར་བའི་མཎི་ཡིག་དྲུག་རང་བྱོན་ད་ལྟ་འང་མཇལ་རྒྱུ་འདུག།ཇོ་བོ་རྗེ་ཨ་ཏི་ཤས་བཀའ་གདམས་ཕ་ཆོས་བུ་ཆོས་གསུང་སའི་སྒྲུབ་གནས་སོགས་མང་པོ་བཞུགས། གསང་སྔགས་དགོན། ༼ རྗེ་ཙོང་ཁ་བ་ཆེན་མོའི་སྔགས་ཀྱི་བསྟན་པ་སེལ་བའི་གནས་ཡུལ་བྱིན་ཅན།
ལྷོ་བྲག་ནམ་མཁའ་རྒྱ་མཚོའི་སྐུ་གདུང་། སྐུ་གདུང་འདི་ལ་ཕྱག་འཚལ་སྐོར་བ་ཕྱིན་ན་སྙིང་ཁམས་མི་བདེ་བའི་ནད་པ་སོགས་ལ་ཕན་ཆེ་བར་གསུངས།
དགའ་ལྡན་དགོན། རྟེན་གྱི་གཙོ་བོ་ལ་དགའ་ལྡན་གསེར་ཁྲི་དང་རྗེ་ཙོང་ཁ་པའི་གསེར་གདུང་སོགས་སྐུ་རྟེན་མང་པོ་བཞུགས་སོ། དགའ་ལྡན་དགོན་པའི་ཕྱི་བསྐོར། བསམ་ཡས་མཆིམས་ཕུའི་མཁའ་འགྲོ་ཡི་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། སྤྱི་ཟླ་བཅུ་པའི་ཚེས་གསུམ་གྱི་ཞོགས་པར་སླར་ཡང་དད་གསུམ་གྱི་སྐྱ་རེངས་ཡོལ་བས་ཕྱེས་པ་དང་ལྷན་དུ་ལོ་ངོ་ཆིག་སྟོང་བཞི་བརྒྱ་ཙམ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་མཆོག་ཁྱད་པར་ཅན་ལྷ་ལྡན་གཙུག་ལག་ཁང་ལ་མཇལ་དུ་ཕྱིན་པ་ཡིན།
ཕྱི་དྲོ་བར་སྐོར་ལ་ཕྱི་བསྐོར་ཕྱིན་པ་དང་ཉིན་གཅིག་གི་མཆོད་མཇལ་གྱི་དུས་ཚོད་དེ་ལྟར་མཇུག་གྲུབ། སྤྱི་ཟླ་བཅུ་པའི་ཚེས་བཞི་ཉིན་གྱི་ཞོགས་པར་ཆུ་ཚོད་བདུན་གྱི་སྟེང་སླར་ཡང་འགྲུལ་བཞུད་ཀྱི་ལམ་ལ་བུད་དེ་གནས་ཡུལ་ཁྱད་པར་ཅན་དཔལ་བསམ་ཡས་དགོན་པར་མཇལ་སྐོར་དུ་ཕྱིན་པ་ཡིན།
ཆུ་ཚོད་གསུམ་གྱི་འགྲུལ་བཞུད་ཀྱི་ལམ་སྣེ་བཟུང་སྟེ་དཔལ་བསམ་ཡས་དགོན་པར་ཐོན། གནས་རྟེན་བྱིན་ཅན་སྐོར་ལ་གུ་རུ་རིན་པོ་ཆེའི་སྒྲུབ་པ་ཉམས་ལེན་བྱེད་སའི་གནས་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་སོགས་ཀྱིས་ཚེ་སྒྲུབ་གྱི་བསྙེན་པ་མཛད་པའི་སྒྲུབ་གནས་བྱིན་ཅན་མང་པོ་ལ་མཇལ།
བསམ་ཡས་དགོན་པ། བསམ་ཡས་དགོན་པ། སེ་ར་དགོན། སེ་ར་ཐེག་ཆེན་དར་རྒྱས་གླིང་། ལྷ་སའི་འགྲུལ་བཞུད་ཀྱི་སྨོན་ཚིག་བདེ་ལེགས་དབྱངས་ཀྱི་ཞུ་གསོལ།
སྒོ་ག་བུར།
ཚིག་ལ་སྙན་མོ་དབྱངས་ཀྱི་བྲག་ཅ་འཁོར།།
དོན་ལ་ཞུ་གསོལ་ངག་གི་དཔལ་གྲུབ་བརྙེས།།
ལམ་དང་ལམ་གྱི་སེམས་འགྱུ་སྟོང་ཕྲག་གིས།།
འགྲུབ་བའི་སེམས་པ་བདེ་སྐྱིད་དཔལ་གཡང་སྩོལ།།
གནས་དང་གནས་མིན་གང་སོགས་བཞུད་པའི་དུས།།
མཛེས་པ་སྟོང་ཕྲག་བློ་རིག་ཡུལ་ལ་འགོངས།།
དད་གསུམ་སྐྱ་རེངས་རླུང་གིས་བསྐུལ་བ་ལས།།
བྱུང་བའི་ལམ་གྱི་ཟིན་བྲིས་བདེ་ལེགས་སྤེལ།།
བཀྲ་ཤིས་བདེ་ལེགས།