ངས་གོམ་ཁ་དང་པོ་སྟེ་ངུ་མ་དགོད་ཀྱི་འཚོ་བ་དེ་རོལ་དུས།

བདག་གི་རྒྱབ་ཕྱོགས་ནས་ང་དང་མཉམ་དུ་ངུ་མ་དགོད་ཀྱི་འཚོ་བ་རོལ་མི་ཐུབ་ནས་བྲོས་པ་དེ་སུ་རེད།

དེ་ཁྱོད་ཡིན་ནམ། བསམ་བློ་ཞིག་ཐོངས།

ངས་དཀར་ངོག་གི་དག་ཞིང་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་དུས།

མདུན་ཕྱོགས་ནས་དགོད་བཞིན་ངའི་གམ་དུ་སླེབས་ཡོང་བ་དེ་སུ་རེད།

དེ་ཁྱོད་ཡིན་ནམ། བསམ་བློ་ཞིག་ཐོངས།

སྐྱོ་ངལ་དང་དཀའ་སྡུག་གི་སྐབས་ལ་རིག་རྒྱུ་མེད་པ་དེ་སུ་རེད།

སྤྲོ་འཛོམས་ཀྱི་དགའ་སྟོན་ལ་རོལ་དུས་ཁ་ཡག་དང་ངོ་དགའ་བཤད་མཁན་དེ་སུ་རེད།

དེ་ཁྱོད་ཡིན་ནམ། བསམ་བློ་ཞིག་ཐོངས།

མདོར་ན་མཁོ་དུས་འགྲོགས་ལ་སུན་དུས་གཡུག་མཁན་གྱི་མི་དེ་སུ་རེད།