ཚིག་བཞིའི་འགྲེལ་བཤད།

རུ་མཚོན།

དྲི་བ།  སྒྲོལ་མ་འཚོ།

དཔལ་ལྡན་ཆོས་ཀྱི་གྲགས་པས།

སྐྱེ་བ་ཡོངས་སུ་ལེན་པ་ན།།

འབྱུང་རྔུབ་དབང་པོ་བློ་དག་ནི།།

རང་གི་རིགས་ལ་ལྟོས་མེད་ཅན།།

ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།།

དྲྭ་གྲོགས་ཚོ་གོང་གི་ཚིག་བཞི་འདི་ལ་ཡང་བསྐྱར་འགྲེལ་བཤད་བརྒྱག་མཁན་ཅིག་ཡོད་ན་མཁས་རྟགས་ཡིན།

དྲིས་ལན།  རུ་མཚོན།

དྲི་ཚིག་ལ་ལྟས་ན་འཕྲིན་ཚོམས་འདི་ནས་ཤུ་ལོག་འདིར་འགྲེལ་བ་བྱས་ནས་ཅུང་འགོར་ཡོད་ཁ་རེད། འོན་ཀྱང་བདག་གིས་ནི་འགྲེལ་བ་སྔོན་བཀོད་དེ་དག་མཐོང་མ་སོང་། མཁས་རྟགས་ལ་བསམ་པ་མིན་མོད་ཐོས་རྟགས་ཤིག་གིས་ཚིག་རྐང་འདི་དག་ལ་འགྲེལ་བའི་ཟོལ་གྱིས་དོན་ལན་ཞིག་ཞུས་ན། འདི་ནི་རྣམ་འགྲེལ་ལེའུ་གཉིས་པའི་ཐད་ཀྱི་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་འགོད་པ་དང་མེད་པའི་སྒྲུབ་བྱེད་དགག་པ་ཞེས་པའི་སྐབས་གཉིས་ལས་སྔ་མ་ལ་ཁེལ་འདུག་པས་སྐབས་དོན་མ་བོར་བ་གལ་ཆེ་འོ།། དེ་ཡང་ཕྱི་རོལ་རྒྱང་འཕེན་པས་ཡིད་བློ་ནི་ལུས་ལ་བརྟེན་པའི་ཕྱིར་དང་ལུས་ཞིག་པ་ན་སེམས་ཞིག་པའི་ཕྱིར་སྐྱེ་བ་སྔ་ཕྱི་མེད་ཅེས་བཤད་པ་ལ། དཔལ་ཆོས་ཀྱི་གྲགས་པས་ལུས་དེ་སེམས་ཀྱི་རྟེན་ཙམ་ཡིན་ཡང་རྟེན་ཁྱད་པར་ཅན་མ་ཡིན་པ་དང་། ཕན་འདོགས་པའི་རྒྱུ་ཙམ་ཡིན་ཡང་ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ཏེ་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་ཞེས་མདོར་བསྟན་གྱི་ཚུལ་དུ་འཆད་པ་ལ། མ་ཡིན་རྟེན་ནི་བཀག་ཕྱིར་རོ།།ཞེས་རྟེན་ཁྱད་པར་ཅན་ཡིན་པ་རིགས་པས་བཀག་པར་གསུང་ནས་རྒྱས་བཤད་སྐབས་སུ། སྐྱེས་བ་ཡོངས་སུ་ལེན་པ་ན་ཞེས་སོགས་འགྲེལ་རྒྱུའི་ཤོ་ལོ་ཀ་གཅིག་སོགས་བྱུང་། སྤྱིར་ན་འདི་ཐད་ཀ་གང་ནས་བྱུང་མིན་གསལ་བོར་བཤད་མི་དགོས་ཀྱང་སྔོན་ཆད་ཞིག་ལ་བདག་གིས་རྣམ་འགྲེལ་གྱི་དྲི་ཚིག་ཞིག་ལ་ལན་སྟེར་སྐབས་དྲྭ་གྲོགས་ཤིག་གིས་སྐབས་དོན་མ་ཤེས་པས་དབང་གིས་གཞུང་ཚིག་དེའི་རྟགས་ཆོས་དོན་གསུམ་ངོས་མ་ཟིན་པའི་རྩོད་ཕྱོགས་གཞན་ཞིག་དྲུད་ཡོང་བས་ཉམས་མྱོང་གིས་འགྲེལ་ལན་དངོས་ཀྱི་སྔོན་དུ་ཞུས་པ་དེ་འདྲ་ལགས།

ཚིག་རྐང་འདི་དག་གིས་མཐར་གཏུག་ན་སྐྱེ་བ་སྔ་ཕྱི་སྒྲུབ་ཀི་ཡོད། དེ་ཡང་ལ་ལར་བསྒྲུབས་ཟིན་ལ། ལ་ལར་སྒྲུབ་ཀྱིན་ཡོད། ལ་ལར་བསྒྲུབ་དགོས་པས་སྒྲུབ་བྱེད་རྙིང་བ་འདིའི་རིགས་གནའ་ནས་ད་བར་བཀོད་ཀྱང་འགྲུབ་མ་སོང་། དོར་བར་བྱ་ཟེར་མཁན་དག་གི་འདང་རྒྱག་ཕྱོགས་ལ་ཟུར་གཅིག་ནས་ལྟས་ན་གནའ་ནས་འཐུང་རུང་ད་དུང་མ་རྒྱག་པས་མི་འཐུང་ཟེར་བ་དང་། རིགས་པའི་བདུད་རྩི་འདི་ཁྱོས་འཐུང་ན་ང་ཡང་རྒྱག་དགོ་རྒྱུ་རེད་བསམ་མཁན་སྐོར་ཅིག་རེད། འོན་ཀྱང་རྒྱུན་མི་ཆད་པའི་སེམས་ཅན་གསར་སྐྱེས་འདི་དག་ལ་མཚོན་ན་དགའ་མོས་ཀྱི་ལྟ་བ་བརྗོད་སྟངས་ལས་རྒལ་ཏེ་སྐྱེ་བ་སྔ་ཕྱི་ཡོད་མེད་ནི་ཤེས་དགོས་པ་དང་། དེ་ལ་བསམ་བློ་འཁོར་དགོས་པའི་གནད་རྩ་གལ་ཆེན་ཞིག་ཡིན་པས་ལྟ་གྲུབ་འདི་དང་བསམ་ཕྱོགས་འདི་ངེས་པར་རྒྱུན་འཁྱོང་བྱེད་དགོས་པ་ཤ་སྟག་རེད་ཅེས་ཞར་བྱུང་གི་སྐད་ཆ་ཡང་འགའ་ཤོར།

སྐྱེས་བ་སྔ་ཕྱི་ཡོད་པར་སྒྲུབ་པ་ལ་རྣམ་ཤེས་ཡོད་པར་སྒྲུབ་དགོས་ཤིང་། དེ་ལ་དཔྱད་ཚེ་རྣམ་ཤེས་ཀྱི་རིགས་དབྱེ། ནུས་པ། རྣམ་གྲངས་སོགས། ཁྱད་པར་དུ་ལུས་དང་རྣམ་ཤེས་བར་ཀྱི་འབྲེལ་བ་དང་རྣམ་ཤེས་དེ་ཇི་ལྟར་གང་ནས་བྱུང་མིན་སོགས་ལ་བརྟག་དགོས་པ་བྱུང་། དེས་ན་གོ་སླ་བའི་ཚིག་འགྲེལ་ནི། མི་དང་དུད་འགྲོ་ལྟ་བུའི་སྲོག་ཆགས་ཤིག་གི་སྐྱེ་བ་ལེན་པའི་ཚེ་ན། དབུགས་མར་འབྱུང་བ་དང་ཡར་རྔུབ་པ། མིག་གི་དབང་བོ་ལ་སོགས་པ། བློ་འམ་སེམས་ཡང་ན་རྣམ་པར་ཤེས་པ་དག རང་རང་གི་རིགས་འདྲ་སྔ་མ་འམ། སྐྱེ་བ་སྔ་མའི་འབྱུང་རྔུབ་ཀྱི་གོམས་པ་དང་། བློའི་ཉེར་ལེན་ལ་མ་བརྟེན་པ་འམ་ལྟོས་པ་མེད་པའི་རང་བཞིན་ཅན་ཞིག ལུས་གཅིག་པུ་འམ་ཁོ་ནས་ཕན་བཏགས་པ་ལ་བརྟེན་ནས་སྐྱེ་བ་མིན་ནོ།།ཞེས་པ་འོ།། གཞུང་དངོས་ཀྱི་ཐད་ན་འཕྲོས་སྦྱོར་འགའ་རེ་བཀོད་འདུག་མོད་ཀྱང་གཙོ་བོ་རྣམ་ཤེས་སྒྲུབ་ཆེད། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ཅེས་ཁྱབ་པ་སྟོན་པའི་སྦྱོར་བ་དང་མཐུན་དཔེ་ལ་ཡང་ད་ལྟའི་རིག་པ་འདི་བཞིན་ཟེར་བ་འདྲ་བོ་མང་དུ་འདུག་ཀྱང་། ཕ་རོལ་ཕྱི་རྒོལ་ལ་ད་ལྟའི་རིགས་པ་འདི་བཞིན་ཅེས་བཤད་ན་རིགས་འདྲ་སྔོན་སོང་དུ་འཆར་མི་ནུས་པས་སྔོན་སོང་འདོད་པ་དག་ལ་མ་གཏོགས་སྒྲུབ་ཀི་མེད་དམ་དཔྱད་པར་འཚལ་ཞེས། རྣམ་དཔྱོད་ཅན་དག་ལ།

སྤྱི་ལོ་༢༠༡༤:སྤྱི་ཟླ་༠༦ཚེས་༠༨ལ་རང་ཤག་ནས་ཕུལ་ལོ།།