སྐྱེས་ཆེན་དམ་པའི་སྒྲུབ་པ་ཉམས་ལེན་མཛད་གནས་འགའ།

美友7155163

མི་འཇིགས་སེང་གེས་བཏེཊ་པའི་ཁྲི་སྟེང་དུ།།

ཤཱཀྱའི་རྒྱལ་བོ་ལྷམ་མེར་བཞུགས་ནས་ནི།།

ཟབ་རྒྱས་ཆོས་འཁོར་སྐོར་བའི་ཉམས་ལྡན་ཞིང་།།

ཡིད་འཕྲོག་པདྨ་རཱ་གའི་རི་བོ་ལ།།

ཉིན་བྱེད་འོད་ཀྱིས་འཁྱུད་པ་བཞིན་མཛེས་པ།།

ཟངས་མདོག་དཔལ་རིའི་མཆེད་ཟླ་ཧེད་པོ་ཞེས།།

རབ་བརྗིད་ས་འཛིན་རྩེ་མོ་གསུམ་པའི་སྤོར།།

སྐྱབས་མགོན་དགེ་བཤེས་ཆེན་མོས།

གྲུབ་དབང་སྐལ་ལྡན་སྒྲུབ་ཕུག

འདུ་འཛིའི་དབེན་པའི་ཉམས་དགའི་བྲག་སྐྱབས་འདིར།།

གཡོ་མེད་ཚེ་གཅིག་ཏིང་འཛིན་ལོངས་སུ་སྤྱད།།

བདག་ཛིན་སྲིན་མོའི་དགྲ་ཚོགས་རྩ་བར་བཅོམ།།

གཏན་བདེའི་ལམ་བཟང་གོ་འཕང་རིམ་གྱིས་བགྲོད།།

སྒྲུབ་པ་ཉམས་ལེན་མཛད་དེ་གྲུབ་པའི་གོ་འཕང་བརྙེས་པ་

གྲུབ་དབང་སྐལ་ལྡན་རྒྱ་མཚོ་སོགས་གཞུགས་པས་སྐལ་ལྡན་

སྒྲུབ་ཕུག

བཀའ་གདམས་རི་ཁྲོད།

རྒྱལ་བའི་བཀའ་གསུང་སྣ་གཅིག་འདོར་མེད་པར།།

མངོན་མཐོ་ངེས་ལེགས་ཐོབ་པའི་གདམས་ངག་ཏུ།།

གོ་བས་རྣལ་འབྱོར་སྟོང་གི་དབེན་གནས་པར།།

བཞུགས་པའི་བཀའ་གདམས་སློབ་བརྒྱུད་རྣམས་ལ་འདུད།།

རྒྱལ་བའི་ཡི་གེ་སྣ་གཅིག་འདོར་དུ་མེད་པར་གང་ཟག་

གཅིག་འཚང་རྒྱ་བའི་གདམས་ངག་ཏུ་གོ་བའི་རྣལ་འབྱོར་

བ་བཞུགས་པས་ན་བཀའ་གདམས་རི་ཁྲོད།

ཞབས་དཀར་རི་ཁྲོད།

གདམས་དོན་ཉམས་སུ་ལེན་ལ་ཚེ་གཅིག་པར།།

སྒྲུབ་པའི་རྒྱལ་མཚན་གཡོ་མེད་བསྒྲེང་མཁས་པ།།

ཞབས་དཀར་ཚོགས་དྲུག་རང་གྲོལ་ལ་སོགས་པའི།།

རྣལ་འབྱོར་སྟོང་གི་སྒྲུབ་གནས་ཕྱག་གི་ཡུལ།།

གདམས་དོན་ཉམས་སུ་བླངས་ནས་སྒྲུབ་པའི་རྒྱལ་མཚན་

གཡོ་མེད་དུ་བསྒྲེང་བས་རྣལ་འབྱོར་བ་ཞབས་དཀར་

ཚོགས་དྲུག་རང་གྲོལ་སོགས་བཞུགས་པས་ཞབས་དཀར་

རི་ཁྲོད།

བསམ་གཏན་རི་ཁྲོད།

འདུ་ཟིང་དབེན་པའི་གནས་ན་ལྷོད་ཀྱིས་བཞུགས།།

ཉོན་མོངས་དྲི་མའི་མ་ལྷད་རྩེ་གཅིག་ཏུ།།

གཞོལ་བས་རྒྱལ་གསུང་ངེས་དོན་གཏན་ལ་དབབ།།

འབྲས་བུ་ཐེག་མཆོག་ཤེས་རབ་ཚད་མའི་རྒྱན།།

བསམ་གཏན་ལ་སྙོམས་པར་ཞུགས་ཚེ་རྣ་རྩར་རྔ་བོ་ཆེ་

རྡུང་ཡང་མི་ཤིགས་པའི་རྣལ་འབྱོར་བ་མང་པོ་

བཞུགས་པའི་ན་བསམ་གཏན་རི་ཁྲོད།

དབེན་གནས་འདིར་བཀའ་གདམས་ཕ་ཆོས་བུ་ཆོས་ལས།

རྗེ་རྒྱལ་བ་མང་བོ་དེར་ལྷག་ཏེ།།

གནས་བྱིན་གྱིས་བརླབས་པར་ཁོ་བོས་འཚལ།།

ཞེས་གསུངས་པ་ལྟར།

སྣང་མཐའི་མགོན་པོ་པཎ་ཆེན་ཐམས་ཅད་མཁྱེན་པ།

ཀུན་སྤངས་སེམས་དཔའ་ཆེན་པོ་རྗེ་བྱམས་པ་

དགེ་ལེགས་རྒྱལ་མཚན།

སྒྲུབ་བརྒྱུང་བསྟན་པའི་མངའ་བདག་རྗེ་གསེར་ཁང་བ་

བློ་བཟང་བསྟན་འཛིན་རྒྱ་མཚོ།

ཀུན་གཟིགས་མ་ཧཱ་པཎྜི་ཏ་ཤིང་བཟའ་བློ་བཟང་

དར་རྒྱས་རྒྱ་མཚོ་འམ་དབྱངས་ཅན་དགྱེས་པའི་བློ་གྲོས་

སྐུ་ཕྲེང་རིམ་བྱོན། ཀིརྟི་བློ་བཟང་འཕྲི་ལས།

རོང་བོ་གྲུབ་དབང་སྐལ་ལྡན་རྒྱ་མཚོ།

ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྔོན་བྱོན་

སྐྱེས་ཆེན་མང་བོས་གནས་འདིར་བྱིན་གྱི་བརླབས་ཤིང་

སྒྲུབ་པ་ཉམས་ལེན་མཛད་པའི་གནས་མཆོག་ཅིག་ཡིན།

གླིང་བ་མཁས་བཙུན་བཟང་པོས་རྩོམ་དང་པར་བསྒྲིགས་བྱས།

གོང་འོག་གི་པར་བཞི་དགེ་བཟོད་པའི་དྲྭ་ལས་བཤུས།