སྣང་བ་བན་བུན།

རུ་མཚོན། མཚོ་ལྷོ།

སྣང་བ་བན་བུན་རི་ཟོར་ལ་ནས་མཆེད།།

སྨུག་པ་གར་གོར་བདེ་མོ་ཐང་ན་འདུ།།

ལང་ལོང་ཐར་ཐོར་ལས་ནི་རྒྱུ་བ་ཁྱོད།།

བདག་གི་དྲན་ཚོར་དཔེ་རུ་དཔར་བ་འདྲ།།

གནམ་ལ་མི་ཤོང་ཚོར་བ་འཕྱུར་འཕྱུར་ཡོད།།

ས་ཡིས་མི་བཟོད་གདུང་བ་ལྕི་ལྕི་འདུག།

དྲན་གདུང་མཆི་མའི་བཏུང་བ་ནུར་ནུར་བོ།།

ཟག་བཅས་ཕོར་བའི་ནང་ལ་ལྟེམ་ལྟེམ་འཁོར།།

ཡོད་མིན་མེད་མིན་བརྩེ་བ་སྦས་མ་མངོན།།

ཆེ་མིན་ཆུང་མིན་ཞེན་སེམས་གླན་མ་བཀོག།

རིང་མིན་ཐུང་མིན་ཚེ་ཡི་གསེར་སྐུད་འདི།།

ཡིན་མིན་ཅི་རིགས་འཐབ་པའི་གྲུ་གུར་དཀྲིས།།

ལ་ལ་ས་ཡི་གསེབ་ན་ནུར་ནས་འཚོ།།

མང་ཞིག་མཁའ་ཡི་ལམ་ན་འཕུར་ཀྱིན་འདུག།

ང་ནི་བར་མ་བར་ན་ལངས་ནས་ཡོད།།

འདི་དག་སུ་དང་གང་གི་དོན་དུ་འམ།།

༢༠༡༤:༡༠:༢༣