འཛུམ་ཞལ་དྲོད་མོ།

ཤེར་དབྱངས།

ཚོར་བའི་ང་རོ།

གྱེས་གཏམ་དང་ཕྱིར་མིག

དུངས་སེམས་ཀྱི་རླབས་སྒྲ་དྲག་ཏུ་འཕྱོ་བའི་རྨི་ལམ་གྱི་བདག་པོ་ཚོ།
དགོད་དང་།
ང་ཚོ་མཉམ་དུ་དགོད།
མི་ཡུལ་གྱི་འདོད་པ་མ་རྫོགས་བར་དུ།
འཇིག་རྟེན་གྱི་དུངས་ཞེན་མ་འཇིག་བར་དུ།
ཤི་གསོན་གྱི་རུམ་ཁ་སློག་ཞོར་བདེ་སྡུག་གི་དབྱངས་རྟ་དཀྲོལ་ཞོར་འུ་ཅག་མི་ཡུལ་འདིར་མགྲོན་པོར་བསླེབས་ནས་ཡུལ་ཁམས་འདི་ལོངས་སྤྱོད་ཀྱི་ཆས་སུ་སྤྲས།
མཛེས་སྡུག་དང་བདེ་སྐྱིད་ཀྱིས་བལྟམས་པའི་མིའི་ཆོ་ལོ་དེ་ཡང་འུ་ཚོས་བཏགས།
ཤ་རུས་དང་ཁྲག་རྒྱུན་གཅིག་ལས་མཆེད་པའི་སྙིང་གི་གཅེས་ལོ་ཚོ།

ལས་དབང་དང་བགོ་སྐལ་ཞིག་གིས་ངོ་མི་ཤེས་པའི་ཁྱེད་ཚོ་དང་ལྷན་དུ་འཛོམས་ནས་

སླ་ང་གཅིག་གི་སྲོག་ལ་མཉམ་བརྟེན་དང་སྡེར་མ་གཅིག་གི་ཟས་ལ་མཉམ་རོལ་བྱས།

ཤ་ཉེ་ཚོ་སེམས་གཏམ་ཞིག་ཤོད་དང་འུ་ཚོས་མཉམ་དུ་གོ་རེ་སྐམ་པོ་ཞིག་ལ་སོ་

འབྲད་བྱས་པ་དྲན་ནམ།
འུ་ཚོས་མཉམ་དུ་ཀ་ར་བུ་རམ་ཞིག་ལ་ཁ་སྐོར་བྱས་ནས་བསྡད་པ་དྲན་ནམ།
འུ་ཚོས་མཉམ་དུ་པེ་ཅིན་སྟབས་ཐུག་ཅིག་ལག་རེས་བྱས་ནས་འགམས་པ་དྲན་ནམ།
ཚེ་སྲོག་གི་དབུགས་རྒྱུན་རྟ་རྔ་ཙམ་དེ་མ་ཆད་བར་དུ་ངས་བརྗེད་མི་སྲིད་གཅེས་ལོ་ཚོ།
བགྲང་བྱ་དུ་མ་ཞིག་གི་སྔ་རོལ་ཏུ་ཡུལ་ལུང་སོ་སོ་དང་རི་ཆུ་སོ་སོར་བརྒལ་ནས་

གནས་འདི་ལ་འཛོམས་སོང་།

ཕུགས་བསམ་རིང་མོ་ཞིག་དང་དམ་བཅའ་བརྟན་པོ་ཞིག་སེམས་ལ་ཉར་ནས་ཀ་ཁའི་

དབྱངས་རྟ་ཐོག་མ་གྱེར།
གྲོགས་པོ་ཚོ་འུ་ཚོ་ལ་རང་ཉིད་ཀྱི་ལྟ་བ་ཡོད་ལ་མི་རིགས་ཀྱི་འགན་འཁྲི་དེ་ལས་ཀྱང་ཡོད།
དེའི་ཕྱིར་འུ་ཚོས་ཀྱང་རང་ཉིད་ཀྱི་དུས་ཚོད་དེ་ལེགས་པར་སྤྱད་ནས་

ལམ་ཕྲན་འདིའི་མཇུག་མཐའི་འཁྲབ་ཚན་ལ་ཐོན་ཡོད།
རྒོད་པོ་ཚོ་འཕུར་ཡ།
རྩལ་དྲུག་གི་གཤོག་ཟུང་རྒྱས་ཡོད།
ལྡེམ་མྱུར་གྱི་འཁྱུག་རྩལ་ངོམ་ཤོག
མཁའ་དབྱིངས་ཀྱི་རྒྱ་ཁྱོན་ཇི་ལྟར་ཆེ་ན་འུ་ཚོ་དེ་ལྟར་འཕུར།

སློབ་གྲོགས་ཚོར་ཡིད་མ་ཕམ།
མདུན་ཕྱོགས་ན་འོད་དུ་འཚེར་བཞིན་པ་ནི་ཅི་ཞིག་རེད་ཁྱེད་ཅག་གི་ཕུགས་བསམ་རེད།
དེ་བས་ཡིད་མ་ཕམ།
སྤུན་ཟླ་ཚོ་མིག་ཆུ་མ་ཕུད།
འདུས་པའི་ཐ་མར་བྲལ་བ་ཆོས་ཉིད་ཀྱི་བདེན་པ་རེད།
དེ་ལ་བསུབ་ཏུ་མེད།
ལོ་ཟླ་ག་ཙམ་ཞིག་གི་སྐྱིད་སྡུག་ལ་རི་མོ་འབྲི་བཞིན།
ཕྱིར་མིག་གཉོན་པོ་ཞིག་གི་གས་སྲུབས་ལ་དྲན་ཤིང་འཇོག་བཞིན།
བགྲང་བྱ་དུ་མ་ཞིག་གི་སྦྱང་འབྲས་ཁུར་ཏེ།

ང་ཚོ་བྲལ་དགོས་བསམ་ན་ཤ་རུས་པའི་གསེང་ལ་གྲང་ངར་ཞིག་དང་སེམས་དམར་པོའི་གཏིང་

ལ་ན་ཟུག་ཅིག་ལས་ཅི་ཡང་མ་མཆིས།
ཚོར་བའི་དབྱངས་རྟ་དཀྲོལ་རོགས་ཚོ།
སྙིང་ཆུང་དམར་པོའི་དཀྱིལ་དབུས་ན་ཁྱེད་རང་ཚོ་དྲོད་དུ་སྒོམ་ཡོད།
ཁྲ་ཆུང་མིག་གི་རང་མདངས་ལས་ཁྱེད་རང་ཚོ་འོད་དུ་འཚེར་ཡོད།

བརྩེ་འཛུམ་གྱི་དར་དཀར་འཐེན་རོགས་ཚོ།

2016. 8. 19. ཉིན།  ཧྭ་སྐོར་ཤེར་དབྱངས་ཀྱིས།

རིག་པའི་མེ་དཔུང་ཞིག

ལྷད་མེད་ཀྱི་དགོད་སྒྲ།

བརྩེ་འཛུམ་གྱི་དབྱངས་རྟ།

མཐར་ཕྱིན་མཛད་སྒོའི་སྙན་ངག་མཉམ་གྱེར།

༼ འབྲོང་དྲན་པའི་ཟིན་ཐོ། ༽

རྒྱལ་ཁའི་ཉིན་མོ་བསུ་བ།

ལེགས་སྐྱེས་ཤིག

ང་ཡི་གངས་འཛུམ་རུ་དཔུང་།

སང་ལོ་ང་ཚོ་སླར་ཡང་རིག་པའི་ལྡིང་ཁང་དེ་ནས་མཇལ།

༢༠༡༧ ༨ ༢༨ཉིན་བསྒྲིགས།