ཁང་ཐོག་འཕྲོད་བསྟེན་ཁང་།

叱诧风云

དུས་རབས་ཉེར་གཅིག་པའི་ཏིང་གི་སྲིད་ཇུས་བཟང་བོའི་འོག་དང་འགོ་ཁྲིད་རྣམ་པའི་རྒྱབ་སྐྱོར། ལས་གྲོགས་རྣམས་ཀྱིས་ངལ་རྩོལ་དང་ལྷག་བསམ་གྱི་ཁྲོད་ནས། ཁང་ཐོག་ཞང་འཕྲོད་བསྟེན་སྨན་ཁང་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་ལ། སྒྲིག་གཞི་ལེགས་ལ་སྒྲིག་བཀོད་མཛེས།

སྨན་སྣ་སྔར་ལས་ལྷག་པའི་འཐུས་སྒོ་ཇེ་ཚང་དང་རིན་གོང་ཇེ་བདེ་བཟོ་བཞིན་ཡོད་ལ། ནང་སྒོས་སུ་བོད་སྨན་གཙོ་བྱས་ཏེ་བཀོལ་སྤྱོད་བྱེད་པ་མ་ཟད། མ་འོངས་བ་ན་ཁང་ཐོག་ཞང་བོད་སྨན་འཕྲོད་བསྟེན་ཁང་དུ་སྒྱུར་རྩིས་ཡོད།

རོང་འབྲོག་ས་ཁུལ་གྱི་མི་མང་དམངས་ཚོགས་རྣམ་པའི་ཕྱིའི་འབྱུང་གཞི་དང་ནང་སེམས་ཁམས་གཉིས་ལ་མཐུན་པའི་སྒོ་ནས་བོད་སྨན་ནང་འདྲེན་བྱས་ཡོད་ལ། མི་ན་བ་གནས་བར་བྱེད་པ་དང་ན་བ་གསོ་བར་བྱེད་པའི་ཆེད་དུ་བོད་སྨན་རིགས་དགུ་ཅུ་ཙམ་འདུས་བ་མ་ཟད་མུ་མཐུད་དུ་རིགས་ཇེ་མང་དང་གོང་ཇེ་བད་ེཡོང་བའི་འདུན་པ་མེ་ལྟར་འབར་བཞིན་མཆིས།

སེམས་ཅན་ནད་པ་ཇི་སྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག། འགྲོ་བའི་ནད་རྣམས་མ་ལུས་བ།། རྟག་ཏུ་འབྱུང་བ་མེད་པར་ཤོག།ཅེས་བའི་བཀྲ་ཤིས་བའི་ཁ་གཡང་འབོད་བཞིན་རོང་འབྲོག་ས་ཁུལ་དུ་བྱུང་བའི་རྒྱུན་མཐོང་གི་ནད་རིགས་དང་འབྱུང་སླ་བའི་ནད་རིགས། དེ་མིན་ནད་རིགས་སྣ་ཚོགས་ལ་དམིགས་ནས་སུ་ཁྲོན་སྡེ་དགེ་དང་ཧོང་ཡུན། མཚོ་སྔོན་དང་ཀླུ་ཆུ་སོགས་ནས་བོད་སྨན་སྤུས་ལེགས་ཅན་ནང་འདྲེན་བྱས་ཡོད།

བླ་མ་དང་དགེ་རྒན་རྣམ་པའི་གདམས་ངག་ཟབ་མོ་དུས་དང་རྣམ་པ་ཀུན་དུ་ཡིད་ལ་བཟུང་ནས། ལྷག་བསམ་དཀར་པོ་དགུང་ལ་བཏེགས་ཏེ་སྙིང་གཏམ་དྲོན་པོ་ལག་དུ་བླངས་བཞིན་རང་ཉིད་ནི་ཁྱི་ཕག་ལྟ་བུ་དང་ནད་པ་དག་ནི་རང་གི་དྲིན་ཆེན་ཕ་མ་ལྟ་བུར་གུས་ཏེ་གསོ་བཅོས་བྱེད་པའོ།།

ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།། མཚན་ཙམ་ཐོས་བས་ངན་འགྲོའི་སྡུག་བསྔལ་སེལ།། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།། བཻཊཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།། ཞེས་བའི་གུས་ཕྱག་འཚལ་བཞིན་བརྟ་རག་དྲི་གསུམ་གྱི་སྒོ་ནས་ནད་པར་བརྟག་དཔྱད་བྱེད་པ་དང་ཟས་སྤྱོད་སྨན་དཔྱད་བཞི་ཡི་སྒོ་ནས་གསོ་བཅོས་བྱེད་བཞིན་ཡོད།

རྗེས་ཕྱོགས་སུ་ཁང་ཐོག་འཕྲོད་བསྟེན་ཁང་དུ་ཉེས་སྐྱོན་ཅན་གྱི་ཆུ་ཁབ་ཇེ་ཉུང་བཏང་ནས་ང་ཚོས་མཐུན་འབྲེལ་གྱ྄ི་ལག་ཟུང་གཅིག་ཏུ་སྒྲིལ་ཏེ་བོད་ལུགས་དང་ཀྲུང་ལུགས་གསོ་རིགས་གི་ལག་ཐབས་ཟུང་འབྲེལ་བྱས་ནས། སྐམ་ཁབ་དང་མེ་བཙའ། ཕུར་མཉེ་དང་སྨན་ལུམས་སོགས་ཀྱི་ཞབས་ཞུ་གང་མང་འགྲུབ་རྒྱུ་ཡིན་པས། གལ་ཏེ་ང་ཚོའི་སྨན་ཁང་གི་སྒྲིག་བཀོད་དང་ཞབས་ཞུའི་ཐད་ནས་མི་འདིང་ས་དང་སྐྱོན་ཆ་རེ་ཡོད་ན་ཚང་མས་ཁ་གསལ་དང་དགོངས་དག་གནང་བར་ཞུའོ།།

早上7:04/7:11/7:16/7:21/7: