ཤེས་རབ་ཀྱི་སྒྲོན་མེ་སྦར་བ།

美友10353548

གདུལ་བྱའི་མཁའ་ལ་རྒྱུ་བའི་འོད་སྣང་།

བཀའ་བཅུའི་ཡོངས་འཛིན་༧་སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེ་མཆོག་ནི་བསྟན་འགྲོའི་དོན་དུ་བསམ་བཞིན་དུ་ངུར་སྨྲིག་གར་དུ་རོལ་བའི་སྐྱེས་མཆོག་ཅིག་སྟེ། ཁོང་ནི་དབང་དང་ངོ་འཛིན་རྒྱུ་དང་དཔུང་ཤུགས་ཀྱིས་ཆེ་ས་ལ་འགྱིངས་མཁན་དང་ཆེ་མིང་འཛིན་མཁན་ཞིག་གཏན་ནས་མ་ཡིན་ཞིང་། སྙིགས་དུས་ཀྱི་རྣལ་འབྱོར་བ་ཆེན་པོ་༧་རྗེ་ལྕང་སྐྱ་རིན་པོ་ཆེའི་ཞལ་ནས་ངའི་རྩ་བའི་བླ་མ་༧་སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་གི་སྤྲུལ་སྐུ་འཁྲུལ་བ་མེད་པ་རུ་ཐག་ཆོད། ཅེས་ཡང་ཡང་སྤྱན་ཆབ་ཤོར་མྱོང་བ་དང་། དེར་མ་ཟད་སྐུ་ཕྱོགས་རིན་པོ་ཆེ་ཚང་ལ་ཕྱིན་ཆད་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་དོན་དང་སེམས་ཅན་གྱི་བདེ་སྐྱིད་ལ་དམིགས་ནས་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་ཅི་ཞིག་སྒྲུབ་ཀྱང་བླ་མའི་བྱིན་རླབས་དང་ཡི་དམ་ལྷའི་རྒྱབ་བསྟེན།ཆོས་སྐྱོང་སྲུང་མའི་གྲོགས་འཕྲིན་ལས་སྒྲུབ་པ་ཡོད། གསུངས་ནས་ཁོང་གི་དབུ་ལ་བྱིལ་བྱིལ་ལན་གསུམ་བྱས་པས་ཁོང་ཡང་བཤུམས་ཞེས་རྣམ་ཐར་དྲང་སྲོང་འཇུག་ངོགས་ལས་འབྱུང་བ་ལྟར་ལགས་ལ། ཚུལ་འདི་ལ་ཁོང་གིས་བླ་བྲང་ནས་བྲིས་པའི་རྩོམ་ཡིག་ཅིག་ཏུ།

དུལ་ཞིང་སྤྱོད་པ་རབ་ཞི་བའི། །

ཚུལ་ཁྲིམས་དྲི་བཟང་མཆེད་པ་ཅན། །

ཡབ་རྗེ་བླ་མའི་ཞལ་གསུང་འགས། །

དབང་མེད་དད་པའི་མཆི་མ་ལྷུང་། ཞེས་དང་།

དོན་བཞིའི་སྐུ་ནི་བགྲེས་པའི་ཉམས། །

སྐྲ་དཀར་ལོ་མ་ཚ་རུ་བཞིན། །

བསྟན་ནས་བདག་ནི་རྒས་སོང་གསུང་། །

ཡང་ཡང་བསམ་ཞིང་བསམ་ཞིང་ངུས། །

དེའི་ཚེ་འཇམ་མཉེན་ཕྱག་གིས་ནི། །

བདག་གི་མགོ་ལ་བྱིལ་བྱིལ་བཞིན། །

བརྩེ་བ་ཆེན་པོས་དྲན་གསོས་པ། །

མཐོང་ན་མི་ངུ་སེམས་ལྡན་སུ། །

ཞེས་ཤ་འགུལ་སྤུ་ལོང་གཡོ་བའི་བདེན་ཚིག་བྱིན་རླབས་ཅན་དེ་དག་གིས་དམ་པ་གཉིས་ཀྱི་ཚེ་རབས་ཕྲེང་བརྒྱུད་ཀྱི་དམ་ཚིག་གཙང་མའི་རང་མདངས་མཚོན། སྐུ་ཕྱོགས་རིན་པོ་ཆེ་ཚང་ནི་བསྟན་འགྲོའི་དོན་དུ་བསམ་བཞིན་དུ་བྱོན་པ་ནི་གོང་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བདེན་ཚིག་བསླུ་བ་མེད་པས་རྩོད་མེད་དུ་འགྲུབ།

༧་སྐུ་ཕྱོགས་ཁོང་གིས་ཀྱང་ཚུལ་འདི་ཐུགས་ལ་ལྕི་བར་བསྣམས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་ཆེན་མོ་༧་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་ཀྱི་༧་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་སོགས་གཞུང་བརྒྱ་སྨྲ་བའི་དགེ་བའི་བཤེས་གཉེན་དག་གི་ཞབས་ལ་གཏུགས་ཏེ། ལོ་ཡི་ཁོར་མོ་བཅུ་ཕྲག་ལྷག་ལ་གཞུང་བཀའ་བོད་ལྔ་བཅས་རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་བརྩོན་གྱིས་ཉིན་མཚན་དུས་འདའ་བར་བྱས་ཏེ་ཕར་ཕྱིན་དམ་བཅའ་བཞག་པས་ཨ་ལགས་གསེར་ལག་ཅེས་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་དག་གིས་ཐུགས་བརྩི་ཆེ་བ་བྱེད་ས་ཞིག་ཏུ་གྱུར། དེར་མ་ཟད་༢༠༡༥ ལོར་བླ་བྲང་གི་ཡོངས་འཛིན་རིན་པོ་ཆེ་༧་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་དཀར་མོ་དགོན་པར་ཕེབས་དུས་ཀྱང་། ཁོང་གིས་ཁྱོད་འདི་ན་ཡོད་པས་མ་གཏོགས་འདི་ང་ཐོན་ས་ཞིག་མ་རེད། ཅེས་ཐུགས་བརྩེ་ཆེ་བ་གནང་ཞིང་དཀར་མོ་དགོན་པའི་གྲྭ་ཚང་གི་ཕྱིའི་སྤྱོད་པ་དང་ལེགས་བཤད་སྙིང་བོ་ཆུང་བ་སོགས་ནང་གི་སྐྱོར་སྦྱངས་སོགས་ནི་ཁོང་གི་ཐུགས་དགྱེས་པ་ཆེན་པོའི་མཆོད་སྤྲིན་དུ་གྱུར། དེ་དུས་ཁོང་གི་ཞལ་ནས། ངོ་མ་ཡ་མཚན་རེད། རྟེན་འབྲེལ་བསྟོད་པ་ནི་རྩ་ཤེས་ཀྱི་དཀའ་གནད་ཐམས་ཅད་བསྡུས་པ་རེད་ཅེས་ཕྱག་ཐལ་མོ་སྦྱར་ཏེ་མཉམ་དུ་གསུངས། ཁོང་འབའ་ཡུལ་པོ་ཏ་ལར་ཕེབས་དུས་ཀྱང། ཁྱོད་ཀྱིས་གནས་འདི་ནས་ཆོས་དང་རིག་གནས་ཀྱི་ལྟེ་བ་འདི་འདྲ་ཞིག་འཛུགས་བསྐྲུན་བྱས་པ་འདིས་སངས་རྒྱས་བསྟན་པའི་རྒྱལ་མཚན་བསྒྲེང་བ་རེད། བོད་ཀྱི་ཤེས་རིག་གི་ལྟེ་གནས་བཞེངས་པ་རེད། འདི་ན་འདི་འདྲ་ཞིག་དགོས་ཀི་ཁྲུག་སེ་རེད། ཅེས་ཁོང་གིས་ཐུགས་དགྱེས་པའི་ཞལ་གསུངས་གནང་བར་མ་ཟད། སྐུ་ཕྱོགས་རིན་པོ་ཚང་ལ་ཁྱོད་བླ་བྲང་ན་ཡོད་དུས་ནས་ངེས་པ་དོན་གྱི་བླ་མ་དང་དགེ་བཤེས་ཡིན། ཞེས་ཕྱག་མཐེ་བོང་བསྒྲེང་སྟེ་ཐུགས་དགྱེས་པའི་བསྟོད་བསྔགས་བྱས། དམ་པའི་རྣམ་ཐར་ནི་བརྗོད་ལས་མི་འདས་ཀྱང་གོང་གི་དེ་ཙམ་ནི་རང་གི་བླ་མའི་ཡོན་ཏན་དང་སྐུའི་ཆེ་བའི་ཆ་ཤས་ཙམ་ཞིག་མཚམས་སྦྱོར་གྱི་ཚུལ་དུ་ཡང་སྙིང་ཙམ་བྲིས་པའོ། །

སྒྲོ་སྐུར་འུད་ཀྱིས་སྟོང་ཁམས་མ་བརྒལ་ཡང་། །

མཛད་འཕྲིན་སྣང་བ་ཉི་ཟླའི་གཟི་འོད་འཚེར། །

ཐུབ་བསྟན་གླིང་བཞི་གསལ་བ་ཁྱོད་ཉིད་ལ། །

བསམ་བཞིན་དད་པའི་སྤུ་ལོང་དབང་མེད་གཡོ། །

འབའ་ཡུལ་པོ་ཏ་ལ་ནི་ཕྱིའི་འཛུགས་བསྐྲུན་གྱི་བརྗིད་ཉམས་ཙམ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་རུ་ལོ་འཁོར་ཟླ་བ་བཅུ་གཉིས་ཀྱི་རིང་ལ་ཆོས་དང་རིག་གནས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པ་ནི་འདི་ལྟ་སྟེ། ལོ་རེ་རེའི་ཟླ་ངོ་བཞི་ལྷག་ལ་ཚད་ལྡན་གྱི་མཁས་པ་ངེས་དོན་གྱི་དགེ་བཤེས། དཔེར་ན། དྷཱི་ཚ་དགོན་པའི་དགེ་བཤེས་ཨ་ཁུ་བྱང་ཆུབ་ཚང་། ཀླུ་ཚང་དགོན་པའི་དགེ་བཤེས་ཨ་ཁུ་རྒྱ་གྲོལ་ཚང་། དགེ་བཤེས་ལྷ་རམས་པ་བསོད་ནམས་བཟང་བོ། རྭ་རྒྱ་དགོན་པའི་དགེ་བཤེས་གྲགས་པ་ཚང་སོགས་ཀྱིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་དགེ་བསྙེན་གྱི་སྡོམ་པ་འབོག་པ་སོགས་དང་།

དབྱར་དགུན་གནང་གི་ཟླ་བཞི་ལ་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཆིག་སྟོང་ཉེ་བ་སོགས་ལ་རིན་མེད་ཀྱིས་ཟབ་སྦྱོང་ད་ལྟའི་བར་དུ་ཐེངས་བཅུ་བཞི་ལ་བསྒྲུབས་ཀྱང་།ད་དུང་དགའ་ལྡན་ལྔ་མཆོད་དང་འབྲེལ་བའི་འབལ་གྱི་ལུང་ར་ཆེན་མོ་ཁོང་རིན་པོ་ཆེས་ས་གནས་མང་ཚོགས་ལ་དབང་དང་རྗེས་གནང་ཁྲིད་དང་བསླབ་བྱ་ཅི་དགར་སྩོལ་བ་སོགས་མདོར་ན་ལོ་ཟླ་ཁོར་མོ་ཡུག་ཏུ་ཆོས་དང་རིག་གནས་ཀྱི་བྱ་བ་ནི་རྒྱུན་ཆད་མེད་པ་ནི་དམ་པ་ཁོང་གིས་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཛད་བཟང་དང་རི་བོ་དགེ་ལྡན་པའི་བསྟན་པའི་རྒྱལ་མཚན་མཐོ་བར་བསྒྲེང་བའི་སྐྱེས་བུ་དམ་པའི་རྣམ་ཐར་ལགས་ན། ཡོངས་འཛིན་རིན་པོ་ཆེས་ཁྱོད་ཀྱིས་བོད་བརྒྱུད་བསྟན་པའི་རྒྱལ་མཚན་བསྒྲེང་བ་རེད། ཅེས་བསྔགས་པ་ཡང་བསྟོད་པ་དོན་ལྡན་དུ་སོང་ཡོད་ན། སྐྱེས་བུ་དམ་པས་ངོ་བསྟོད་དང་འུར་བརྗོད་བྱེད་པའི་གནས་ནི་མི་དམིགས་སོ། །

ད་ལོའི་སློབ་སྐབས་འདིར་ཡང་ཟབ་སྦྱོང་འཛིན་གྲྭ་སྐབས་བཅུ་བཞི་བ་གཟབ་རྒྱས་ངང་བསྡུས་ཤིང་བཀའ་བཅུའི་ཡོངས་འཛིན་༧་སྐུ་ཕྱོགས་རིན་པོ་ཆེས་འདིར་ཞུགས་སློབ་མ་ཆིག་སྟོང་ཉེ་བ་ལ་༧་རྗེ་བླ་མའི་༼ལམ་གཙོ་རྣམ་གསུམ་༽གྱི་ལྗགས་ཁྲིད་ལུང་རིགས་དྲི་མ་མེད་པའི་རྒྱབ་བསྟེན་བཅས་ལོ་རྒྱས་རྣམ་ཐར་བདེན་པ་གོང་བསྒྲིགས་ཏེ་མཁས་པའི་རང་རྟགས་མངོན་དུ་མཛད་དེ་བཀའ་དྲིན་བསྩལ།

སྐུ་ཕྱོགས་རིན་པོ་ཆེ་མཆོག་གིས་འདི་ལྟར། ང་ཚོ་ཚང་མ་སང་ཉིན་གྱི་ཆེད་དུ་འཚོ་དགོས་པས། རང་རང་གིས་ཡོན་ཏན་ལེགས་པོ་སྦྱངས་དགོས་པར་མ་ཟད། མ་འོངས་པར་རྒྱལ་ཁབ་དང་མི་རིགས་རང་གི་ལས་དོན་ལ་གླེང་རིན་ཡོད་པའི་བྱས་རྗེས་རེ་བསྐྲུན་རྒྱུ་ནི།ངས་ཁྱོད་ཚོའི་དོན་དུ་དཀའ་སྡུག་དང་དུ་བླངས་པའི་རེ་འབྲས་ཡིན་ལ་ཕ་མས་ཁྱོད་ཚོའི་ཆེད་དུ་ཡོད་ཚད་བཀོལ་བའི་རིན་ཐང་ཡིན། ཞེས་སོགས་སེམས་འགུལ་ཐེབས་པའི་ཞལ་གསུངས་གང་མང་གནང་།

ཚོགས་ཐོག་ཏུ་ཟབ་སྦྱོང་འཛིན་གྲྭ་འདིའི་འགོ་མཇུག་ཀུན་ཏུ་མཛད་རྗེས་ཆེ་བའི་དགེ་རྒན་སྐོར་ཞིག་ལ་༧་ སྐུ་ཕྱོགས་ཨོའུ་རྒྱ་རིན་པོ་ཆེའི་༼བྱམས་བརྩེའི་འོད་སྣང་༽ཞེས་པའི་གཟེངས་བསྟོད་བྱ་དགའ་གནང་།

གར་གྱི་སྟངས་སྟབས་རྫོགས་པའི་ཟབ་ཞུགས་སློབ་མ་སྐོར་ཞིག་གིས་གནའ་དེང་རྣམ་པ་གཉིས་ལྡན་གྱི་ཞབས་བྲོ་དང་།རྩྭ་ཐང་གི་དམངས་གླུ། སྙན་ངག་གྱེར་བ། གར་ཆུང་། ཁ་ཤགས་བཅས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩེད་མོ་སྣ་ཚོགས་ཀྱིས་བག་འཁུམས་དང་གུ་དོག་གི་ལྷིང་འཇགས་དཀྲོག་པར་བྱས།

འབའ་ཡུལ་པོ་ཏ་ལའི་མདོ་སྔགས་རིག་གནས་ཟབ་སྦྱོང་འཛིན་གྲྭ་སྐབས་བཅུ་བཞི་བ་ཟླ་འདིའི་ཚེས་བཅོ་ལྔའི་ཉིན་རྒྱལ་ཁའི་ངང་གྲོལ།

གསར་འགོད་པ་ལ་བ་དམར་པོ།