གས་ཧྲུལ།

༼ཞིས་ཀྲིས་མོའོ།༽

༡

ཟབ་ཟབ་པོ་དེ་ནམ་གུང་དུ་ཙོག་པུར་འདུག

སྒེའུ་འགྲམ་དུ་ཚེས་ཟླ་མོག་པོ་ཞིག

རླུང་གིས་ཐལ་སྐྱ་འཁྱེར་ནས་

གྲོང་དང་གྲོང་གསེབ་དག་ཏུ་རྒྱུ།

ངས་སྐམ་རིད་དུ་གྱུར་པའི་སྨྱུག་རྩེ་ནས་

གས་ཧྲུལ་དུ་གྱུར་བའི་

གས་ཧྲུལ་དུ་གྱུར་བའི་གདངས་དབྱངས་ཞིག་འཕྱུར་བར་བྱེད་ནས།

ངའི་གས་ཧྲུལ་གྱི་བསམ་བློ་ལྷུག་པར་བརྗོད།

༢

ཟབ་ཟབ་པོ་དེ་ནམ་གུང་དུ་ཙོག་པུར་འདུག

འཁྱག་རླུང་རྩང་པོ་ཞིག་སྒེའུ་སྲུབས་དུ་

སྡོད་ཤག་གི་དྲོད་ཁོལ་ལྷག་མར་ཕྲག་དོག་བྱས།

ད་དུང་ངའི་གཟུགས་པོ་ལའང་འཇབ་རྒོལ་ཐེབས།

ཡིན་ནའང་ངས་ཟད་པར་འགྱུར་བའི་སྣག་བུམ་གྱིས་

གས་ཧྲུལ་དུ་གྱུར་བའི་

གས་ཧྲུལ་དུ་གྱུར་བའི་རྣམ་པ་དེ་དག་འབྲི

རྒྱུ་མཚན་ནི། གས་ཧྲུལ།

གས་ཧྲུལ་ནི་ངའི་བསམ་བློ་ཡིན།

༣

ཟབ་ཟབ་པོ་དེ་ནམ་གུང་དུ་ཙོག་པུར་འདུག

གཡས་གཡོན་ནི་བཙོག་འདྲིས་ཀྱི་འདྲེ་ཡི་གྲིབ་གཟུགས།

སྐམ་རིད་གྱི་བླ་འཁྱམ་པའི་ལྗོན་པས་

འཁྱག་སོབ་སོབ་ཀྱི་གཙང་འགྲམ་ན་ཨག་སྐད་འདོན་བཞིན་འུ་ཐུག་གི་བཟོ་ལྟ་འགྲན།

དེ་ནི་ཏག་ཏག་ངས་གས་ཧྲུལ་གྱི་འདུ་ཤེས་ཁྲོད་

གས་ཧྲུལ་གྱི་འཇིག་རྟེན་ཞིག་བསྐྱར་དུ་བཞེངས་བརྩིས་དང་འདྲ།

༤

ཟབ་ཟབ་པོ་དེ་ནམ་གུང་དུ་ཙོག་པུར་འདུག

མིག་ཟུང་བཙུམ་མ་ཐག་འདས་ཟིན་གྱི་འདུས་བྱས་ལ་གཟིགས་ན།

ཨ། མོ་སྔར་བཞིན་འདམ་གྱི་དྲི་མས་མ་བསྒོས་པའི་པད་རྐང་གཅིག་རེད།

ཞོགས་རླུང་ལ་བསྙེ་ནས། གཟི་འོད་འབུམ་དུ་འཕྲོ།

འོན་ཏེ། ང་ཉི་ཟེར་མིན། ཟིལ་བའང་མིན།

ང་ལ་ཡོད་པ་ནི་གས་ཧྲུལ་གྱི་དབུགས་དབྱུང་།

གདུང་ལྕམ་དང་བུ་ག་དག་ཏུ་བཀག་ཉར་དུ་རྒྱུ་བའི་

བྱི་བ་ཇི་བཞིན།

མུན་ནག་དང་ཟོག་ཟོལ་རེ་ཀྱང་དེ་ལ་སྙེག

༢༠༡༧་ལོའི་ཟླ་༧་པའི་ཚེས་༢༧་ཉིན་མགོ་ཚང་བུས་བསྒྱུར།

《残破》

徐志摩

一

深深的在深夜里坐着:

当窗有一团不圆的光亮,

风挟着灰土,在大街上

小巷里奔跑:

我要在枯秃的笔尖上袅出

一种残破的残破的音调,

为要抒写我的残破的思潮。

二

深深的在深夜里坐着:

生尖角的夜凉在窗缝里

妒忌屋内残余的暖气,

也不饶恕我的肢体:

但我要用我半干的墨水描成

一些残破的残破的花样,

因为残破,残破是我的思想。

三

深深的在深夜里坐着,

左右是一些丑怪的鬼影:

焦枯的落魄的树木

在冰沉沉的河沿叫喊,

比着绝望的姿势,

正如我要在残破的意识里

重兴起一个残破的天地。

四

深深的在深夜里坐着,

闭上眼回望到过去的云烟;

啊,她还是一枝冷艳的白莲,

斜靠着晓风,万种的玲珑;

但我不是阳光,也不是露水,

我有的只是些残破的呼吸,

如同封锁在壁椽间的群鼠

追逐着,追求着黑暗与虚无!