མཚོ་ཁའི་སྙན་ངག

རང་ལམ་པ✨

མཚོ་ཁའི་སྙན་ངག

མཚོ་ཁའི་མེ་ཏོག་སྨན་ཆུང་གང་གི་དམར་མདངས་དང་།།

རྐང་དྲུག་ཟིར་སྒྲ་ཟེའུ་འབྲུ་སྤྱོད་པའི་དགའ་ཉམས་ཉིད།།

བདག་ཀྱང་འཇིག་རྟེན་ལྟད་མོ་མཐོང་བའི་དགོས་དོན་གྱིས།།

མཚོ་ཁར་སླེབས་ནས་སེམས་ཀྱི་སྙན་ངག་ཚར་གཅིག་སྤུར།།

ཆུ་བྱ་ངང་བ་མཚོ་ལ་འཐམ་པའི་བར་གླགས་དེར།།

ཨ་ཕོ་ང་ཡང་དེ་ལ་འདུར་བའི་ཞེན་ཆགས་ཤིག།

ཆུ་ལ་གྲུ་དང་སེམས་ལ་གཞས་ཤིག་བཏང་བ་དེ།།

བུ་མོ་ཁྱེད་ཀྱིས་རྟོགས་མིན་བསམ་ནས་ཚ་གཟེར་བརྒྱབ།།

མི་ཡི་བརྩེ་དུང་ཉལ་ཐའི་བཟི་ཁ་འདྲ་ཙམ་དང་།།

རྔུབ་པའི་བདེ་ཆུང་ཚེ་སྲོག་འཇོམས་བྱེད་བསྒྲགས་མོད་ཀྱི།།

སེམས་མཐུན་དཔལ་བེའུ་ཐིག་རྩ་གཅིག་ཏུ་བསྣོལ་བྱེད་ན།།

དེ་ཉིད་སྨྲ་བ་སྙན་ངག་རྩོམ་པའི་སྔོན་འགྲོ་ཙམ།།

མི་ཆུང་ང་ནི་སྙིང་སྟོབས་དབེན་པས་རང་བློ་འཁུམ།།

ལྗགས་རྩལ་དམན་གྱིས་ངག་ནས་སྙན་ཚིག་མི་ཕྱུང་མོད།།

མཛེས་མའི་བསླུ་བྲིད་ཁུ་སིམ་དལ་གྱིས་སླེབས་དུས་སུ།།

སེམས་ཀྱི་སྐད་ཅིག་དབང་མེད་གྲེ་བའི་གཏིང་ནས་ཤོར།།