ལྷ་ས་མཇལ་བ།

lin na

དཀར་དང་དམར་བའི་ཚོན་མདངས་མཛེས་ཤིང་ལྷུན་པོའི་སྤོ་ལས་རབ་ཏུ་བརྗིད།།

ངོ་མཚར་བཀོད་པ་བརྗོད་ལས་འདས་ཤིང་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ།། རྟེན་གསུམ་ནོར་གྱིས་ཡོངས་སུ་བལྟམས་པའི་བོད་ཀྱི་ཕ་མཁར་པོ་ཏ་ལ།། གྲུ་འཛིན་ཞིང་དང་ཀུན་ནས་མཚུངས་ཤིང་རྗེས་མཐུན་གཞན་ཞིག་སྲིད་ན་དབེན།།

ངང་ངུར་འཕུར་ལྡིང་གར་ལ་རོལ་ཞིང་ལྗོན་པའི་ལོ་མ་གདུགས་ལྟར་ཕུབ།།

རྐྱལ་རྩལ་བྱང་བའི་གསེར་མིག་ཁྱུ་ཚོགས་བྱམས་ལྡན་མི་ཡི་ཕྱག་ཟུང་ལས།། ཁ་ཟས་ལེན་ཕྱིར་རྫིང་བུའི་ཟབ་ཚད་ཐོག་མེད་འཇལ་ལ་ལྷགས་པ་ལྟར།། ངལ་དུབ་སེལ་བའི་དགའ་ཚལ་འདི་ནི་རྫོང་རྒྱབ་ཀླུ་ཁང་ཞེས་སུ་གྲགས།།

ཚེས་བཟང་དུས་སུ་འཚང་ག་ཤིག་ཤིག་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས།།

ཞལ་ནས་མ་ཎི་དིར་དིར་སྒྲོག་ཅིང་ཕྱག་གིས་འཁོར་ལོ་དཀྱིལ་དཀྱིལ་བསྐོར།། བརྐྱང་ཕྱག་འཚལ་ལ་མྱུར་སྟབས་ཆེ་བའི་དད་ལྡན་འགའ་ཡི་གམ་དེ་རུ།། ཁོ་བོ་རེ་ཞིག་རི་མོའི་གཟུགས་བཞིན་བོད་མི་ཞེས་པར་བསམ་གཞིག་ཤོར།།

༢༠༡༧/༦/༢༤/_____ས་ཟླའི་གནམ་གང་ཉིན་སྙུག་འཁྱེར་གྱིས་ལྷ་ལྡན་ནས་བྲིས་པའོ།།