ཕ་ཡུལ་གྱི་དབྱར་ཁ། ད་དུང་ཕུ་ནུ།

སྐྲན། [དྷ་རམ་ཤཱ་ལ།]

ང་ཚོ་ཡུལ་གྱར་བ་ལའང་ཕ་ཡུལ་ཡོད་རེད།།
ཕ་ཡུལ་བོད་ཀྱི་ཡུལ་ལ་དབྱར་ཁ་ཡོད་རེད།།
དབྱར་ཁ་ཟེར་ན་ཁྲ་ཚོམ་མེ་ཏོག་གདན་རེད།།

ཆར་བ་སམ་སིམ་གསེབ་ནས་ཉི་ཟེར་འཕྲོ་རེད།།
རླུང་དང་ཟིལ་བ་འཇམ་པོ་འཇམ་པོ་ཡོད་རེད།།
ས་གཞིའི་ཁོད་ཡངས་སྙོམ་པོ་སྙོམ་པོ་ཡོད་རེད།།

དེ་རུ་ད་དུང་དྲིན་ཆེན་ཕ་མ་ཡོད་རེད།།
དེ་རུ་ད་དུང་སྤུན་དང་ན་ཟླ་ཡོད་རེད།།
དེ་ཉིད་མི་དྲན་ཟེར་བ་བདེན་པ་སྲིད་དམ།།

ཆུང་ནས་གོམས་པའི་འབྲོག་གླུ་སིང་སིང་ཡོད་རེད།།
བྱིས་བློའི་དྭངས་གཙང་ཟུར་མིག་ཐོག་མ་ཤོར་སའི།།
ཡིད་བྱམས་བྱུ་རུ་དམར་ཆུངའང་དེ་ན་ཡོད་རེད།།

ཆུ་མོ་ལྷོད་ཀྱིས་འབབ་ཅིང་མྱུར་མོར་འདུར་བ།།
རྩྭ་ལྗང་རྐང་བ་བཀྲུ་ཞོར་གླུ་དབྱངས་ལེན་པ།།
བྱ་དང་བྱེའུས་སྐད་སྙན་རོལ་མོ་དཀྲོལ་བ།།

ཕ་ཡུལ་ཞེ་ན་རྣ་ལ་སྙན་དོན་དེ་རེད།།
ཕ་ཡུལ་ཞེ་ན་མིག་ལ་མཛེས་དོན་དེ་རེད།།
མདོར་ན་ཕ་ཡུལ་ཞེ་ལ་ཐོགས་དོན་དེ་རེད།།

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༧ མཚན་མོར་ཕ་ཡུལ་གྱི་བརྙན་ཐུང་ཞིག་ལ་ཡང་འགྲེལ་དུ་བྲིས་པ།