💐བུ་ཆུང་མ་ཁྲོ་ཚིམ་པར་མཛོད།

眼泪 སྐྲན།

བུ་ཆུང་མ་ཁྲོ་ཚིམ་པར་མཛོད།

ཐོར་རྒོད་པ་སྤྱན་ཆབ། [རྒྱ་གར་བྱང་ཕྱོགས།]

___ བུ་ཆུང་གི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་བཅས།

དུས་ཚོད་རྟ་ལས་མགྱོགས་པས་མིག་བརྡེབས་པ་ཙམ་གྱིས་བུ་ཆུང་མི་ལོ་ལྔ་ལ་སོན་སོང་། དེ་རིང་ཁོ་པའི་སྐྱེས་ཚེས་ཉིན་མོ་ཡིན། ལོ་ངོ་ལྔའི་གོང་གི་དེ་རིང་གི་ཉི་དྲོས་ཆར་སྐྱེས་པ་དང་ལོ་དེའི་དབྱར་ཉི་ལྡོག་ལ་ཁེལ་ཡོད།

དེ་རིང་ཕྱི་ཟླ་ ༦ ཚེས་ ༢༡ ཡིན་ལ་སྔར་བཞིན་ཉི་མ་ལྷོ་བགྲོད་ཚུགས་པར་ཁེལ་ཡོད་ལ། བོད་ཁུལ་གྱི་ས་ཆ་ལ་ལར་ཉི་ལྡོག་གྱི་ཆོ་ག་བྱེད་ཅིང་གཏོར་མ་བརྡབ་སྲོལ་ཡོད། ད་དུང་ཉིན་འདིར་དགེ་གསོག་སྡུག་སྦྱོང་གི་ལས་ལ་འབད་ན་དགེ་སྡུག་བྱེ་བ་འབུམ་འགྱུར་དུ་འགྲོ་བའི་ཐུན་མོངས་མིན་པའི་བཤད་སྲོལ་ཡོད།

བུ་ཆུང་ནམ་རྒྱུན་ལྟར་སྔ་མོ་ནས་སློབ་གྲྭར་འགྲོ་དགོས་ལ་ཕ་ལོའང་དེ་བཞིན་ལས་ཞུགས་བྱ་དགོས་ཡོད་པས་དང་། བཙན་བྱོལ་བ་ཞེས་པའི་མིང་བྱང་བརྗིད་ཆེ་བ་དེ་འུ་ཅག་གི་ཕྲག་པ་རེ་རེའི་སྟེང་ན་ཁུར་དུ་མ་སོང་རྒྱན་ཏུ་ཡོད་དགོས་པ་སོགས་རྐྱེན་དུ་མའི་དབང་གིས་ཁྱོད་ཀྱི་སྐྱེས་སྐར་ལ་ཁ་གཡར་ནས་ལོ་ལྟར་ལེགས་སྐྱེས་དངུལ་དངོས་བསྡུས་ཏེ་རང་གི་འཚོ་བ་བསྒྲུབ་འདོད་མ་སྐྱེས་ལ། གྲོགས་ཚོགས་བསྡུས་ཏེ་ཤ་ཆང་ལ་རོལ་ནས་འུར་ཟིང་གིས་དུས་ཚོད་བསྐྱལ་འདོད་དེ་བས་ཀྱང་མ་བྱུང་།

འོན་ཏེ། དེ་རིང་ཞོགས་པ་སྔ་མོ་སྔ་མོ་ནས། ཐག་རིང་གི་ཐག་རིང་གི་ཆེན་པོ་བོད་ཀྱི་ཡུལ་ནས། ཨ་མྱེས་གཉིས་གཙོས་ནང་མི་ཉེ་འབྲེལ་མང་པོས་ཁྱོད་ལ་ཁུག་དམར་བསྐུར་ཅིང་། བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་བསྒྲགས་པ་དང་། མ་ལོས་སློབ་གྲྭའི་འགྲོ་ལུགས་བསྒྲུབས་པ། ཨ་ཞང་དང་ཨ་ནེ་ང་ཚོས་ཁྱོད་ཀྱི་འདོད་པ་ཆུང་ངུ་དག་རེ་རེ་བཞིན་བསྐངས་པའི་སྟབས་བདེ་སྟབས་བདེ་དེས་བུ་ཆུང་ཁྱོད་མ་ཁྲོ་ཚིམས་པར་མཛོད་ཅིག། །།

2017.06.21 ཉིན་ལས་བྲེལ་གྱི་བར་གསེང་ནས་བྲིས།