2017.06.19

འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ན་མོ་དབུལ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། །

སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །

གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །

ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །

སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །

ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས། །

མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །

ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །

ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ། །

བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །

རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །

དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག།

བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག། ཅེས་གསུངས་སོ། །

བཀྲ་ཤིས་རྟགས་བརྒྱད་ནི་བོད་མི་རིགས་ཀྱིས་བཀྲ་ཤིས་དགེ་མཚན་ཡོང་བའི་མཚོན་རྟགས་གཙིགས་ཆེན་ཤིག་ཏུ་འཛིན་གྱིན་ཡོད། ཆོས་ལུགས་ཀྱི་ལྟ་བ་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཡོད་རིགས་ཚང་མར་གཅིག་གྱུར་ཡིན། བཀྲ་ཤིས་པའི་རྟགས་བརྒྱད་འདི་དགོན་སྡེའི་གཙུག་ལག་ཁང་དང་ལྷ་ཁང་ཆེ་ཆུང་རིགས་ཀུན་དང་བླ་བྲང་། གྲྭ་ཤག མགྲོན་ཁང་བཅས་དང་། རྒྱལ་བོའི་ཕོ་བྲང་། སྤྱིར་བཏང་གྲོང་བའི་སྡོད་ཁང་། ཁྲིམས་སྲིད་སྡེ་ཚན་གྱི་ཚོགས་ཁང་། སྤྲོ་སྐྱིད་ཁང་། གཞན་རས་གུར་བཅས་ཚང་མའི་ཕྱི་ནང་གང་སར་རི་མོའི་ལམ་དང་། རྒྱུ་ཆ་སྣ་ཚོགས་ཀྱིས་གྲུབ་པའི་དབྱིབས་གཟུགས་ལས་གྲུབ་པ་བཤམས་སྒྲིག་བྱེད་ཀྱིན་ཡོད། དེ་ཡང་སེར་སྐྱ་ཀུན་གྱིས་བཀྲ་ཤིས་པའི་རྟགས་བརྒྱད་པོ་རེ་རེས་ཐུན་མོང་མ་ཡིན་པའི་མཚོན་དོན་རེ་ཡོད་པ་ཤེས་མིན་ལ་མ་ལྟོས་པར། སྤྱིར་བཀྲ་ཤིས་རྟགས་བརྒྱད་དེ་ཡུལ་དུས་གནས་སྐབས་ཀུན་དང་བྱ་བ་ཆེ་ཆུང་། སྤྱི་སྒེར། མི་ཆོས་དང་ལྷ་ཆོས་གང་ཡིན་ཡང་བཀྲ་ཤིས་དགེ་མཚན་ཡོང་བའི་མཚོན་དོན་ཡིན་པ་ལ་ཐེ་ཚོམ་མེད་པར་བུ་རབས་ཚ་རྒྱུད་ནང་བག་ཆགས་བརྟན་པོ་བཞག་ཡོད་པ་སྨོས་མེད་རེད།

吉祥八宝即八吉祥,又称八瑞吉祥,八宝吉祥,藏语称"扎西达杰",是藏族绘画里最常见而又赋予深刻内涵的一种组合式绘画精品。大多数以壁画的形式出现,也有雕刻和塑造的立体形,这八种吉祥物的标志与佛陀或佛法息息相关。 另外这八个图案可以单独成形,也可堆成一个整体图案,这种整体图案在藏语中称"达杰朋苏"意为吉祥八图宝瓶状。

གདུགས་ནི། སྤྱིར་འཇིག་རྟེན་གྱི་བྱ་བའི་སྒོ་ནས་གོས་དར་དཀར་བོ་ཁ་དོག་གིས་སྒོ་ནས་མཆོག་ཏུ་བརྩི་ཞིང་།ས་སྤྱོད་ཀྱི་རྒྱལ་བོ་རྣམས་ལ་སྲི་ཞུའི་རྫས་ལས་ཆེས་མཐོ་བའི་གདུགས་དཀར་བོ་ཡིན་པ་དང་།སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ལྷ་རྣམས་ཀྱིས་དབུའི་སྟེང་ལ་གདུགས་ཕུབ་པ་དང་།ཆོས་རྒྱལ་སྦྱིན་བདག་རྣམས་ཀྱིས་བསྙེན་བཀུར་མཛད་པ་ན་ཡང་དེ་བཞིན་དུ་ཕུལ་བ་ལ་བརྟེན་ནས་འབྲས་བུ་བཀྲ་ཤིས་པའི་དགེ་མཚན་མང་བོ་བྱུང་ཞིང་སྟོན་པས་ཀྱང་འདི་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས།མཚོན་དོན་ནི།ཡུ་བས་བཤད་སྒྲུབ་ཀྱི་བྱ་བ། ཤམ་བུས་སྡེ་སྣོད་གསུམ་དང་།ཏོག་གིས་བསླབ་པ་གསུམ།གྲིབ་བསིལ་གྱིས་སྡུག་བསྔལ་ཕྲ་རགས་ལས་སྐྱོབ་པ་བཅས་མཚོན་ནོ།།

宝伞,梵语称"CHATTRA",藏语音"Rinchen Dug",象征佛陀教诲的权威。古印度时,贵族、皇室成员出行时,以伞蔽阳,后演化为仪仗器具,寓意为至上权威。佛教以伞象征遮蔽魔障,守护佛法。藏传佛教亦认为,宝伞象征着佛陀教诲的权威。

གསེར་ཉ་ནི། ཉ་མོ་གསེར་གྱི་ཁྲབ་ཅན་གྱི་ལོ་རྒྱུས་ལྟར་བཀྲ་ཤིས་དང་། རྒྱ་མཚོར་རོལ་བས་དམ་པའི་ཆོས་ལ་སྤྱོད་པ་དང་།མྱུར་འཁྲུག་གིས་ཤེས་རབ་དང་།གསེར་མདོག་ཅན་གྱི་མིག་གཉིས་འབུར་བས་བདེན་གཉིས་བཅས་མཚོན་ནོ།།

宝鱼,梵语称"SURVANA MATSYA",藏语音"Sergyi Nya",象征自在与解脱,也象征慧眼。鱼行水中,畅通无碍。佛教以其喻示超越世间、自由豁达得解脱的修行者。藏传佛教中,常以雌雄一对金鱼象征解脱的境地,又象征着复苏、永生、再生等意。

བུམ་པ་ནི། རྫས་སྔགས་ཏིང་འཛིན་གྱིས་བསྒྲུབས་པའི་གཏེར་གྱི་བུམ་པ་ཞེས་པ་གྲུབ་པ་ན་རིན་པོ་ཆེ་མཛད་པ་མེད་པའི་རིང་བཞིན་དུ་གྱུར་ནས་བཀྲ་ཤིས་པ་ལྟར་དོན་དམ་པའི་ཆོས་གྲུབ་པ་ནས་སྲིད་ཞིའི་དགེ་ལེགས་མཛད་མེད་འཕེལ་བ་སོགས་མཚོན་ནོ།།

宝瓶,梵语称"KALASHA",藏语音"Terchen-pahi Bumpa",象征阿弥陀佛也象征灵魂永生。宝瓶 藏传佛教寺院中的瓶内装净水(甘露)和宝石,瓶中插有孔雀翎或如意树。即象征着吉祥、清净和财运,又象征着俱宝无漏、福智圆满、永生不死。

པདྨ་ནི། བསྐལ་བ་འདི་ཆགས་པ་ན་རྒྱ་མཚོ་ཆེན་པོ་ལས་འདབ་སྟོང་པདྨ་སྐྱེས་པ་དེ་རྣམ་འདྲེན་སྟོང་རྩ་འབྱོན་པའི་བཀྲ་ཤིས་པའི་རྟགས་སུ་བྱུང་བ་དང་།འདོད་ཡོན་ལྔའི་ཡོན་ཏན་དང་ལྡན་པས་ལྷ་ཆེན་པོ་རྣམས་ཀྱང་དེ་ལ་དགའ་བ་ལྟར།དེས་ཀྱང་ལམ་འབྲས་ལྟ་སྤྱོད་སོགས་ཕྱི་ནང་ཐམས་ཅད་གཙང་བ་སྦྲང་རྩིའི་བཅུད་ཆགས་པ་དང་འདྲ་བར་མཚོན་ནོ།།

莲花,梵语称"PADMA",藏语音"Padma Zangpo",象征出污泥不染的品质及修成正果。莲花出污泥而不染,至清至纯。藏传佛教认为莲花象征着最终的目标,即修成正果。

དུང་དཀར་གཡས་འཁྱིལ་ནི། བྱང་ཆུབ་སེམས་དང་དཔལ་སྐྱེ་བ་ལྔ་བས་བདག་གིར་བཞེས་པའི་རྟེན་དེ་བུས་པའི་སྒྲ་སུས་ཐོས་ཀྱང་ངན་འགྲོར་མི་སྐྱེ་བའི་ཕན་ཡོན་ཡོད་ཅིང་།སྟོན་པ་ལ་ཆོས་འཁོར་བསྐོར་བར་སྐུལ་བའི་རྟེན་དུའང་དེ་འདྲ་བྱུང་བ་དང་།དམ་པའི་ཆོས་ཀྱི་སྒྲས་ཕྱོགས་སུ་ཁྱབ་པ་འབྱུང་བ་སོགས་མཚོན་ནོ།།

白海螺,梵语称"SHANKHA",藏语音"Dungkar Yakhyil",象征佛法音闻四方。白海螺 佛经载,释迦牟尼说法时声震四方,如海螺之音。故今法会之际常吹鸣海螺。在西藏,以右旋白海螺最受尊崇,被视为名声远扬三千世界之象征,也即象征着达摩回荡不息的声音。

དཔལ་བེའུ་ནི། གཡུང་དྲུང་གི་རི་མོ་སྟེ།ལྷ་དང་སངས་རྒྱས་སོགས་རྟག་བརྟན་དང་ཚེ་རིང་འབྱུང་བའི་རྟགས་སུ་ལུས་ལ་དེའི་རི་མོ་འབྱུང་བ་དང་།དེས་རྟག་བརྟན་འཆི་བ་མེད་པའི་གོ་འཕང་སྟེ་ཐར་ལམ་མཚོན་ནོ།།

吉祥结,梵语称"SHRIVATSA",藏语音"Palgyi Behu",象征着代表有关宇宙的所有理论和哲学的《梵网经》,它象征着,如果跟随佛陀枣达摩之网,就能从生存的海洋中打捞起智慧珍珠和觉悟宝珠。吉祥结 吉祥结较为原初的意义象征爱情和献身。按佛教的解释,吉祥结还象征着如若跟随佛陀,就有能力从生存的海洋中打捞起智慧珍珠和觉悟珍宝。


རྒྱལ་མཚན་ནི། འཇིག་རྟེན་ན་གང་གཡུལ་ལས་རྣམ་པར་རྒྱལ་བའི་རྟགས་སུ་རྒྱལ་མཚན་གྱི་དར་འཕྱར་བ་དང་།དེས་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཡོན་ཏན་མཚོན། གཡུལ་ལས་རྒྱལ་བའི་མཚན་མ་ནི།ཁྱུང་དང་སེང་གེ་འདུས་པ་ལས་སེང་གེ་ཁྱུང་གི་གཤོག་པ་ཅན།དུང་དང་ཆུ་སྲིན་འདུས་པ་ལས་ཆུ་སྲིན་དུང་གི་མཇུག་མ་ཅན།ཉ་སྲམ་འདུས་པ་ལས་ཉ་སྤུ་ཅན་སྲམ་གྱི་སྡེར་མོ་ཅན་ཏེ་མི་མཐུན་དྲུག་སྦྱོར་གྱི་རྟགས་ཀྱང་བྱའོ།།

胜利幢,梵语称"DHVAJA",藏语音"Choggi Gyaltshan",象征着修成正果的胜利。胜利幢 为古印度时的一种军旗。佛教用幢寓意烦恼孽根得以解脱,觉悟得正果。藏传更用其比喻十一种烦恼对治力,即戒、定、慧、解脱、大悲、空无相无愿、方便、无我、悟缘起、离偏见、受佛之加持得自心自情清净。

འཁོར་ལོ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་བོའི་བསོད་ནམས་ཀྱི་མཐུས་འགྲུབ་པའི་མཚོན་ཆའི་འཁོར་ལོ་སྟེ་མིས་བསྐོར་མི་དགོས་པར་རང་འཁོར་གྱིས་དགྲ་ལས་རྒྱལ་བར་བྱེད་པ་དང་།དེ་ཡང་གཡུལ་མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་གནད་དུ་འབེབས་པ་དང་།མཐོར་བར་འཕར་བ་དང་། དམའ་བར་འབབ་པ་ལ་སོགས་པའི་དཔེ་ཇི་བཞིན།འདི་ཡང་དེ་ལྟར་མཚོན་བྱ་དོན་གྱི་ལྷའི་དབང་བོ་བརྒྱ་བྱིན་གྱིས་སྟོན་པ་བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་བར་སྐུལ་བྱེད་ཀྱི་རྫས་ཀྱང་ཡིན་པས་བཀྲ་ཤིས་པ་འབྱུང་པར་བྱེད་པའི་རྫས་དང་།དེས་ནི་གདུལ་བྱ་ལ་ཆོས་འཁོར་བསྐོར་ནས་འཇིག་རྟེན་ཀུན་ལ་བཀྲ་ཤིས་པར་བྱས་པ་དེ་མཚོན་ཞིང་།མ་འོངས་པ་ནའང་དེ་ལྟར་བཀྲ་ཤིས་པར་འབྱུང་བའི་རྫས་སུ་བསྒྱུར་བ་ལྟར་འདིར་ཡང་དེ་ལྟར་བཀྲ་ཤིས་པའི་དངོས་པོར་མཆོད་པར་བྱ་བ་ཡིན་པ་བརྒྱད་ཀ་ལའང་འདྲའོ།།

金法轮,梵语称"CHAKRA",藏语音"Sergyi Khorlo",象征佛陀教义的传播。金轮 古印度时,轮是一种杀伤力强大的武器。后为佛教借用,象征佛法象轮子一样旋转不停,永不停息。

རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང་༎ 

པདྨ་དུང་དཀར་གཡས་འཁྱིལ་དཔལ་བེའུ༎ 

རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱིས༎ 

ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ༎