༼ཨ་ཕ་ལགས༽

ཁྱེད་ཉིད་མེད་པའི་ལོ་ཟླ་རེ་རེའི་ནང་ངའི་འཚོ་བ་ནི་སུན་སྣང་ངམ་ན་ཟུག་གིས་ཁྱབ་ཅིང་།

མཚམས་རེར་ཟས་ཀྱི་ཡི་ག་འཆུས་ནས་སྡུག་བསྔལ་གྱི་རྒྱ་མཚོའི་གཏིང་རིམ་ན་ལྷུང་།

སྐབས་ལན་རེར་གནས་གང་དུའང་འགྲོ་མི་འདོད་པར་མིག་ཆུ་མོད་པོའི་མཐའ་ཡངས་པའི་སྐམ་ས་ཆེན་མོ་མ་བརླན་བར་དུ།

ང་རང་གནས་དེ་ནས་སྨྲེ་ངག་གམ་ངུ་འབོད་གཏོང་བཞིན་འཚོལ་བ་ཡིན་ལ།

ང་ལ་མཚོན་ན་ཁྱེད་ནི་ངའི་འཚོ་རྟེན་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས།

ཁྱེད་མེད་ན་ངའི་མི་ཚེའི་མགོ་མཇུག་བར་གསུམ་ལ་སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་གཞི་ནས་མངོན་མི་སྲིད།

ཨ་ཕ་ལགས།

ངའི་མི་ཚེ་འདིས་ཀྱག་ཀྱོག་གི་བགྲོད་ལམ་སྐྱ་བོ་ལ་རྫོགས་ཚིག་མ་བཀོད་བར་དུ་ངའི་རྣམ་ཤེས་དེ་ཁྱེད་ཀྱི་རུས་གསེང་དུ་འཐིམ་ངེས་ལ། ད་དུང་སྐྱེ་བ་ཕྱི་མར་སླར་ཡང་ཁྱེད་ཀྱི་བུ་མོར་གྱུར་ཐུབ་པ་སྨོན་ལམ་ཡང་ཡང་བཏབ་ཀྱིན་ཡོད།

ངོ་མ། འབྱུང་བཞི་ཡི་ནད་ཡམ་དེ་ནི་ཅི་འདྲིའི་གློ་བུར་བ་དང་སྙིང་རྗེ་མེད་པ་ཞིག་སྟེ།

ཉིན་རེ་ནས་ཉིན་རེ་དང་ཟླ་རེ་ནས་ལོ་རེར་མི་ཁྲི་སྟོང་མང་པོའི་ཚེ་སྲོག་འཕྲོད་པ་མ་ཟད།

ཤ་ཁྲག་རུས་གསུམ་གྱི་གྲུབ་པའི་ལུས་ཕུང་འདི་དངངས་སྐྲག་དང་འདར་སིག་སིག་གིས་འཇིག་རྟེན་འདི་ལ་བདེ་མོ་འཇོག་མི་དགོས་མཁན་གཅིག་ཀྱང་མ་མཆིས།

ཨ་ཕ་ལགས།

ཁྱེད་ཉིད་བཞུད་རྗེས་ཀྱི་ལོ་ཟླ་ནག་པོ་དེ་དག་ནི་གདུབ་རྩུབ་ཀྱི་ཁེངས་ཡོད་པའི་དམྱལ་ཁམས་དང་མཚུངས་ལ།

ཁྱེད་དང་བྲལ་བའི་དུས་སྐབས་དེ་ནས་བཟུང་ང་ལ་དྲན་གདུང་དང་ན་ཟུག་ལྕི་མོས་ངང་གིས་བཟི་ཏེ་ཉིན་མཚན་དཀར་ནག་གི་དབྱེ་བའང་འབྱེད་མི་ནུས།

མཚམས་མཚམས་སུ།

སློབ་གྲོགས་དག་གིས་ཁ་པར་བཏང་སྟེ་༼ཨ་ཕ་ཅི་བྱེད་ཀི་ཡོད༽ཅེས་འདྲི་བའི་སྐབས་སུ་་་་་་ངས་ཀྱང་ཁྱེད་ཀྱི་གཟུགས་ཁམས་ཡོང་རྫོགས་སེམས་ཀྱི་སྣང་ངོར་འཆར་ཡོང་བ་དང་།

གལ་ཏེ་འདས་སོང་གི་ལོ་ཟླ་དེ་དག་ཕྱིར་ཡོང་ཡོད་རྒྱུ་ན།ང་རང་སྔར་ལྟར་ཨ་ཕ་ཞེས་འབོད་ས་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་ཚོར་སྣང་སྡུག་བསྔལ་ཅན་ཞིག་གི་ཁྲོད་དུ་ངའི་མིག་མདངས་དམར་པོར་གྱུར་ཏེ་མིག་ཆུ་གཅིག་འཐོར་གཉིས་འཐོར་གྱི་ནང་སེམས་སུ་བཟོད་གླགས་མེད་པའི་ན་ཟུག་སྐྱེས་པ་དང་།གཉོམ་ལ་ཆུང་བའི་སེམས་པ་སྙི་མོ་འདི་འཁྱག་སིབ་སིབ་ཏུ་གྱུར་ནས་འདི་ལྟར་ཞེ་ཕམ་དང་གཅོང་སྣང་ངང་ཁུ་སིམ་མེར་འཚོ་སྡོད་བྱེད་དགོས་བྱུང་།

༢༠༡༧ལོའི་ཟླ་༦པའི་ཚེས་༡༨ཉིན་བྲིས།