ཟུན་ཐོ།

摄影•雪域儿梦

གཙང་ཞོལ་མ་དགོན་དཔལ་ངེས་དོན་བཀྲ་ཤིས་ཆོས་འཁོར་གླིང་གི་ས་ག་ཟླ་བའི་དུས་འཁོར་བསྒྲུབས་མཆོད་ཆེན་མོའི་ཉིན་བདུན་པའི་ཟིན་ཐོ།

སྒྱུ་རྩལ་བ་ཞིག་གི་ངོ་གདོང་དང་རྨི་ལམ།

ཁོ་བོའི་དངོས་མིང་ལ་དྲན་པ་རབ་གསལ་དང་།

སྨྱུག་མིང་ལ་གངས་ཕྲུག་རྨི་ལམ་དུ་འབོད།

གཅིག་དགུ་དགུ་བཅུའི་སྟོད་དུ་འཇིག་རྟེན་མི་ཡུལ་ལ་མགྲོན་པོར་ཐོག་མར་འོང་ཞིང་ཕ་མའི་ཁ་ཏ་དང་སློབ་གསོའི་འཛུམ་དཀར་འོག་མཐོ་སྒང་འབྲོག་པའི་འཚོ་བ་དང་མཉམ་དུ་འཚར་ལོངས་བྱུང་།

དེ་བས་ནར་སོན་རྗེས་སྦྲ་ནག་དང་སྤང་ཐང་རྟ་ནོར་སོགས་ལ་དུང་བརྩེ་ངང་གིས་འཕེལ།

སྤྱི་ལོ་༼༢༠༡༥༽ལོར་མི་སྒེེར་གྱི་བསམ་བློར་འགྱུར་ལྡོག་གཞན་ཞིག་གིས་་བསྐུལ་མ་ཐེབས་ཏེ་འཆར་ཡན་དང་སྒྱུ་རྩལ་གྱི་མཛེས་པ་ཡུན་གྱིས་འཐུས།

དེ་ནས་བཟུང་མི་སྒེར་ལ་དབང་བའི་ལམ་བུ་འདི་གཏོང་མྱོང་མེད་ལ།

དེས་གྲུབ་འབྲས་ཀྱིས་སྤོབས་པ་ཡང་མི་ཉུང་བ་བསྐྱེད་དེ་པར་ལེན་སྒྱུ་རྩམ་གྱི་བྱ་འགུལ་མང་བོར་རིམ་གྱིས་ཞུགས་ཤིང་།

བྱ་དགའ་ཡང་མང་བོ་ཐོབ་མྱོང་།

མ་ཟད་ད་ལྟ་མགོ་ལོག་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་རང་ཡུལ་གཙང་ཞོལ་པར་ལེན་རུ་བའི་ཚོགས་མིའི་མིང་བྱང་ཁུར་ཏེ་མུ་མཐུན་དུ་རེ་བའི་གངས་རི་ལ་འོད་མདངས་འཚེར་ཕྱིར་ལམ་ལ་ཆས་བཞིན་ཡོད།