རྟོགས་བཏགས་ཀྱི་བསམ་གཞིག

རང་ལམ་པ✨

མི་ཚོགས་རྒྱ་མཚོ་བཞིན་དུ་གཏིང་མཐའ་མེད་པ་ཁྱོད་དང་འུ་ཚོའི་ཤེས་གསལ་ཡིན།

ལས་དབང་གཏན་ཁེལ་བཞིན་དུ་ནོར་མཛོལ་མེད་པ་ཡང་དེ་ལྟར་མོད།

གོམ་ཆུང་མདུན་ལ་དབོ་བའི་ཉི་ཟླ་གཟའ་སྐར་གྱི་དུས་བབས་ཅིག་ལ།

ཁོ་བའི་ཁྱོད་རང་འདི་ལྟར་བདེ་བླག་ངང་རྙེད་པ་དང་།

ཁྱོད་ཀྱིས་ཁོ་ཡང་དེ་ལྟར་སྙམ་མེད་ངང་ཟིན་པ་ལགས།

ད་ནི་ཟླ་འོད་མག་མོག་གི་ཁོར་ཡུག་ཅིག་ནས་ངང་ཙམ་ཁ་བརྡ་རེ་ཨེ་གློད་དམ།

ཡང་ན་ཕྱི་མིག་དང་བཅས་སོ་སོའི་ལམ་དུ་བརྟོལ་འགྲོ་འམ།

ཉོན་དང་སྟོན་ཟླའི་སྡོང་ལོ་སྐྱོམས་སོང་མི་ཚོགས་ཡང་འདི་ལྟར་ངུ་ཞིང་འཁྱུད།

ནམ་ནམ་ཞར་ཞར་རྟབ་རྟབ་པའི་ལང་ཤོར་གྱི་སེམས་པའི་གཡོག་ཏུ་ཚུལ།

ཡང་ན་ནར་མ་སོན་པའི་བློང་བློང་པའི་ཁྱེའུའི་རྟོག་པའི་དབང་དུ་གྱུར།

ཅིས་ཀྱང་དངོས་བབས་ལས་མ་མདའ་བའི་ཁྱོད་ཀྱི་བསླུ་མེད་ཀྱི་གདོང་འབག་བདག་ལ་པོ་རྒྱག་དགོས།

ཁྱོད་ནི་སྨུག་རྒྱུའི་གྲོང་ན་འཚོ་བའི་འཆོར་སྒེག་ཡིད་འོང་གི་ལྷའི་གར་མཁན་མ་དེ་ཡིན།

ང་ནི་འཁོར་བའི་ཚོམས་ན་རྨོང་ལ་གཟད་པའི་འཇིག་རྟེན་བྱེད་པོ་དེའོ།