འབྲུག་སྒྲའི་རི་བོ་སྒུལ་སོང་མཛེས་ལྡན་མདོང་མཐར་གར་གྱིས་མྱོས།།

ནགས་ལ་རི་དྭགས་འཛོམས་སོང་ཁུ་བྱུག་གསུང་སྐད་དེ་ལས་སྙན།།

ཆར་བས་སྡོང་ལོ་སྐྱོམས་སོང་ཁ་བས་རི་མགོར་ལྭ་དཀར་བཀླུབས།།

མིག་ལ་མཆི་མ་དབྱུང་སོང་འབྲོག་རིའི་བུ་མོ་འགྲེན་པར་སྣང་།།

དྲན་པ་སྨིག་ལ་འདྲེས་སོང་རྡོ་ལ་བརྐོས་བའི་རི་མོ་ཡིན།།

འཕྲེང་ཞེན་འབྲོག་མོར་ཕོག་སོང་སྐང་ཅིག་ལོ་ཟླའི་འགྲུལ་བཞུད་མིན།།

ཕྱིར་མིག་ཁྲ་ཁྲ་མ་ཡིན་ཟླ་བའི་བཞིན་གྱི་འཛུམ་ལ་ཆག།

རྨི་ལམ་ཡན་གར་མ་ཡིན་བཅོས་མིན་བརྩེ་བའི་རུལ་མར་བདོག།