མི་ཡི་ཁེ་དབང་ལ་དོ་སྣང་མེད་པར་གང་འདོད་དུ་སྒྲུབ་ན་འགྲིག་གམ།

ང་ཚོའི་དེང་སྐབས་སྣང་མེད་དུ་འཇོག་མི་རུང་བ་ཞིག་སྣང་མེད་དུ་འཇོག་བཞིན་པ་ནི་མི་གཞན་གྱི་བརྩམས་ཆོས་ལས་ཚན་བཤུས་དེ་རང་མིང་བཀོད་དེ། དཔེ་ཆའི་སྟེང་དང་དྲྭ་སྟེང་སོ་སོར་བཀོད་བཞིན་འདུག འདི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཞིག་ཡིན་ལ།

དཔེར་ན། བཅའ་ལག་ཞིག་ལ་དཔེར་བཞག་ན་ཁ་ཤས་རྐུས་དེ་རང་གི་མིང་སྟེང་ལ་བཀོད་ནས་རང་གི་ཡིན་འདོག་བྱས་པ་དང་། ཡང་འཕྲོག་པ་དང་གཡོ་ལེན་བྱེད་པ་སོགས་དང་ཀུན་ནས་མཚུངས་ལ། དེ་ལྟར་བྱས་ན་འགྲིག་གམ།

ད་སྐབས་གཞན་གྱི་བརྩམས་ཆོས་ཚན་བཤུས་བྱས་ནས་དྲྭ་སྟེང་ལ་འགོད་པ་དང་། རང་ཉིད་ཀྱི་ཡིན་འདོག་བྱས་ནས་རང་གི་མིང་སོགས་བྲིས་ནས་འགོད་པ་དང་།

ཡང་ན་རྩ་བའི་ཆ་ནས་འདྲ་བཤུས་ནས་ཚིག་ཅུང་བསྒྱུར་ཁུལ་བྱས་ནས་འགོད་བཞིན་འདུག

འདི་བཅའ་ཁྲིམས་འགལ་བའི་བྱ་སྤྱོད་ཡིན་ལ།

གལ་དེ་ཁྱོད་ཀྱི་དྲ་སྟེང་ལ་འགོད་ན་རྩོམ་པ་པོ་ཡིད་འཐད་དགོས་ལ་དེ་མིན་གཞན་གྱི་བརྩམས་ཆོས་བེད་སྤྱོད་བྱེད་སྐབས་

དེས་བརྩམས་ཆོས་བདག་དབང་ཡོད་མཁན་གྱི་བར་དུ་སྤྱོད་ཆོག་པའི་གན་རྒྱ་འཇོག་དགོས།

བརྩམ་ཆོས་ལ་རྩོམ་དབང་དང་པར་སྐྲུན་ལ་པར་དབང་ཡོད་པར་ཤེས་དགོས་ལ། རྩོམ་དབང་ཟེར་བ་དེ་རྩོམ་པ་པོའི་མི་ཚེ་གང་བོ་དང་། ཁོ་འདས་རྗེས་མི་ལོ་ལྔ་བཅུའི་རིང་ལ་ཤུལ་འཛིན་མི་ལ་རྩོམ་དབང་ཡོད། རྩོམ་པ་པོའི་བརྩམ་ཆོས་ལ་གང་འདོད་དུ་འབྲི་བ་དང་ཚིག་བསྒྱུུར་བ་སོགས་ཁེ་དབང་ལ་རྡོག་རྫིས་བྱེད་མི་ཆོག་པ་སོགས་ཤེས་པར་ཅེས།

པར་དབང་དེ་པར་སྐྲུན་ཁང་ལ་ཡོད་ལ། པར་སྐྲུན་ཁང་ལ་ལོ་བཅུའི་རིང་དབང་ལ།

དེ་ནས་པར་དབང་ཡང་རྩོམ་པ་པོ་ལ་དབང་བ་ཡིན། བཅའ་ཁྲིམས་ལྟར་ན་དཔེ་དེབ་སོགས་དཔེ་སྐྲུན་མཁན་གྱི་བརྩམ་ཆོས་

བསྐྱར་དཔར་རམ་ཚན་་བཤུས་སོགས་བྱེད་པར་བརྩམ་ཆོས་བདག་དབང་ཡོད་མཁན་ལ་བཤད་དགོས་པར་མ་ཟད་གླ་ཆ་ཡང་སྤྲོད་དགོས།

རྩོམ་པ་པོའི་ཆོག་མཆན་ཐོབ་རྗེས་དཔེ་སྐྲུན་མཁན་སོགས་ཀྱིས་བརྩམ་ཆོས་ལ་བཟོ་བཅོས་དང་ཚན་བཤུས་ཡེ་གེ་ཉུང་འབྲི་བྱ་ཆོག་

དེ་མིན་གང་འདོད་དུ་ཚན་བཤུས་ཉུང་འབྲི་སོགས་བྱས་ནས་རང་གི་ཡིན་འདོག་གི་རང་མིང་འགོད་མཁན་དང་། དྲ་སྟེང་ལ་བཞག་ནས་དཔེར་ན་དགེ་ལུགས་དྲ་བ་ལྟ་བུ་ལ་དཔེར་བཞག་ན། གཞན་རྩོམ་ལ་རང་ཡིན་འདོག་གིས་རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་ལ་འགོད་མི་ཆོག་སོགས་གསུངས་བཞིན་འདུག ་པས་གནས་ཚུལ་མང་པོ་མཐོང་། རྩོམ་སོགས་དྲྭ་སྟེང་ལ་འགོད་སྐབས་མི་དེའི་ཡིན་མིན་ལ་གསལ་ཁ་དྲྭ་བདག་ཚོའི་འབྱེད་དགོས་ལ། དེ་ལྟར་མ་བྱས་པར་གང་འདོད་དུ་བཀོལ་ན་རྩོད་སྙོགས་ཀྱིས་སྟེགས་བུ་ཞིག་ཏུ་འགྱུར་སྲིད།

དོན་ངེས་ནས་བཤད་ན་དེ་ནི་ང་ཚོའི་བཅའ་ཁྲིམས་མ་ཤེས་པའི་ཁྲིམས་འགལ་དང་མི་གཞི་ལ་དོ་སྣང་མེད་པར་རྡོག་རྫིས་བྱས་པ་ཞིག་རེད། དཔེར་ན་མི་ཞིག་གི་འབད་བརྩོན་ལ་བརྟེན་ནས་བཟོས་པའི་དངོས་པོ་དེ་བཀོལ་སྤྱོད་བྱེད་པ་ལ་བདག་པོ་མ་གཡར་བར་རང་འགལ་གྱི་ཁྱེར་སོང་ནས། རང་གི་ཡིན་ཟེར་ནས་སྟེང་ལ་མིང་འགོད་པ་དང་རང་གི་གང་འདོད་དུ་བཀོལ་སྤྱོད་སོགས་བྱས་ན་འགྲིག་གམ། རྩོམ་པ་པོས་ཡང་འབད་བརྩོན་ལ་བརྟེན་ནས་བྲིས་པའི་བརྩམས་ཆོས་དཔེ་དེབ་དང་སྙན་རྩོམ་སོགས་རང་གི་ཡིན་འདོག་བྱས་ནས་ཚན་བཤུས་དང་ཉུང་འབྲི་བྱས་ནས་རང་གི་མིང་བྲིས་ནས་གཞན་སྟེང་ལ་བཀོད་ན་དངོས་པོ་རྐུས་པའི་ཁྲིམས་རྩ་བཞིན་གཅིག་མཚུངས་ཡིན། འདི་འདྲའི་བྱ་སྤྱོད་ཁྲིམས་འགལ་ཡིན་པ་

སོགས་བརྩམས་ཆོས་བདག་དབང་བཅའ་ཁྲིམས་སུ་གསལ་ལ། དེའི་ཕྱིར་གཞན་གྱི་བརྩམས་ཆོས་རང་གི་ཡིན་འདོག་དང་གཞན་དུ་བཀོད་པ་དང་ཚན་བཤུས་སོགས་མི་བྱེད་པར་ཞུ། གལ་དེ་དྲྭ་སྟེང་སོགས་ལ་འགོད་ན་རྩོམ་པ་པོ་ལ་འབྲེལ་བ་བྱས་ནས་ཡིད་འཐད་བྱུང་བ་ན། དེའི་བརྩམ་པའི་དཔེ་དེབ་དེ་ནས་བཤུས་སྟེ་མི་ག་གེ་མོ་རྩོམ་སྒྲིག་སོགས་ངེས་པར་དུ་གསལ་ཁ་དགོས། འདི་འདྲའི་བྱ་སྤྱོད་སྣ་ཚོགས་མཐོང་ནས་དྲན་སྐུལ་བྱས་པ་ཡིན་ལ། འདི་འདྲའི་འགལ་བ་དང་རྩོད་སྙོགས་མི་བྱེད་པར་ཀུན་གྱི་ཐུགས་འཛིན་གནང་བར་ཞུ།

༢༠༡༧ /༤;༢༨ གངས་བུ་སྨྱུག་འཛིན་ནས།