འབྲོག་མོ

ཟུར་མིག་ལས་འཕྲོས་བའི་བརྩེ་དུངས་གི་འབོད་པ་རེ་རེ

ཁྱོད་ཀྱི་རྒྱབ་ཕྱོགས་ན་རླུང་ལ་གཟད་པའི་དར་ལྕོགས་བཞིན་ཡང་ཡང་འགུལ་དུས

ཁུ་བྱུག་གི་གྲེ་འགྱུར་ལས་དབྱར་ཟླ་ཞིག་ལ་འབོད་པའི་གཡབ་མོ་བྱེད་པ་དང་ཅི་འདྲའི་མཚུངས་ལ

མཐོ་བ་རི་རབ་ཀྱི་རྩེ་མོའི་ལང་ལོང་གི་སྨུག་པ

དམའ་བ་ལུང་གསུམ་གྱི་མདོ་ཁའི་དྭངས་གཙང་གི་ཆུ་མོ

བདེ་བདེ་ཡངས་ཡངས་གི་རྩྭ་ཐང་གི་དུ་བའི་འབོད་པ

ད་དུང་སེམས་པ་ཤོར་སའི་འཆོར་སྒེག་མཛེས་བའི་བྱད་བཞིན་ཟླུམ་པའི་ཡ་ཆུང་ཁོག་གི་སྙིང་སྡུག་མ

ཁུ་ཁུ་སིམ་སིམ་བབ་ཆགས་ཞི་འཇམ་དེ་ཟླ་འོད་དབེན་པའི་མཚན་མོ་འདི་ཅི་འདྲའི་ལྷིང་ཞིང་འཇགས

ཟུར་མིག་དང་དགའ་དུང་ལས་འཕོས་བའི་རྒྱབ་ཕྱོགས་ཀྱི་གཉོམ་དུང་བའི་འབོད་པའི་གཡབ་མོ་ལ་ཨ་ལན་མ་བྱང་བས

ཁེར་རྐྱང་གི་གོམ་པའི་ལ་མོ་རླུང་ཕྱོགས་ལ་བསྒྱུར་ཅིང

ཨུ་ཚུགས་དང་འཁང་ར་མེད་པར་ལན་ཞིག་འཚོ་བར་ཨ་ཐང་ཆད