ཤིས་ཚིག་བསྟན་འཛིན་ནོར་བུ།

སྲིད་གསུམ་གཙུག་རྒྱན་རྣམ་འདྲེན་རྒྱལ་བའི་གསུང་།།
ཆོས་ཕུང་བརྒྱད་ཁྲིད་བཞི་སྟོང་ཐམས་ཅད་ཀྱི།།
སྙིང་བོ་མཆོག་སྟེ་ཕ་རོལ་ཕྱིན་པའི་གཞུང་།།
རྒྱལ་བ་ཀུན་གྱི་ཡུམ་ལ་ཕྱག་འཚལ་ལོ།།

འཁོར་བ་ཕྲ་རགས་རྒྱ་མཚོའི་ཕ་རོལ་ཏུ།།
ཕྱིན་པའི་ཀུན་མཁྱེན་རྣམས་ཀྱི་མཁྱེན་པའི་འོད།།
འཁྲུངས་པའི་ཉིན་བྱེད་རྒྱལ་ཡུམ་ཆེན་མོ་ལས།།
རྒྱས་སྲས་བསྟན་འཛིན་ནོར་བུ་འཁྲུངས་པར་ཤོག།

གྲོགས་ཁྱེད་རིང་མིན་ཚོགས་གཉིས་མཐར་ཕྱིན་ཞིང་།།
བྱང་ཆུབ་སེམས་ཀྱི་ས་ལམ་རིམ་པ་ཀུན།།
མྱུར་དུ་རྟོགས་ནས་འགྲོ་ཀུན་འདྲེན་པའི་སླད།།

ཤེར་ཕྱིན་ཆེན་མོ་འཆད་ལ་ཐོགས་མེད་ཤོག།

ཅེས་སློབ་གྲོགས་དམ་པ་ཨ་ལགས་བསྟན་འཛིན་ནོར་བུ་མཆོག་གིས་རྒྱལ་བའི་ཡུམ་གྱི་སྦས་དོན་ཁོ་ན་གསལ་བར་བྱེད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པའི་གཞུང་ལུགས་སོགས་ལ་ཐོས་བསམ་གསར་དུ་བྱེད་པའི་དགའ་སྟོན་རྟེན་འབྲེལ་གནང་བཞིན་པ་ཐོས་ཕྲལ། སློབ་གྲོགས་གྱི་ན་བ་ཧི་མ་ལའི་ལྗང་མྱུག་ཏུ་འབོད་པས་ཧྲིན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་ནས་ཤར་མར་བྲིས་ཏེ་ཕུལ་བ་དགེའོ།།