༄།སྐུ་འབུམ་འཕྲེད་གླིང塔尔寺音乐

美友8158476

༄།ཐུགས་རྗེ་ཀུན་ལ་ཉེ་རིང་ཉེ་རིང་བྲལ་བ་ཡིས།།

རྟེན་ཅིངའབྲེལ་བའི་གཏམ་གྱིས་ཚིམས་མཛད་པ།།

སྟོན་པ་སངས་རྒྱས་འཁོར་དང་བཅས་པ་ལ།།

སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

དེའི་སྲས་བྱམས་པ་མགོན་པོའི་ཐུགས་ཀ་ནས།།

བླ་མ་ཙོང་ཁ་ཡབ་སྲས་སྤྱན་དྲངས་ཤིང་།།

འབད་རྡུང་རོལ་མོའི་མཆོད་པ་འབུལ་བྱེད་ན།།

ཐུགས་ཀྱིས་དགོངས་ལ་བརྩེ་བས་རྗེས་སུ་ཟུངས།།

ལིམ་བུ་གཉིས་པ་དགའ་ལྡན་བཀོད་པའི་ཞིང་།།

བཅུ་ཕྲག་རིག་པའི་འདབ་བརྒྱ་ལྷུག་པར་གྲོལ།།

བཟོ་ཡི་རིག་པའི་བྱེ་བྲག་མང་བོ་ལས།།

གླིང་བུའི་གདངས་དབྱངས་མཆོད་པ་འདི་ན་རྩེན།།

གང་དེ་དམ་པ་སུས་བསྐྲུན་བརྗོད་བྲལ་ཡང་།།

མེས་པོ་ངག་རྒྱུན་བདུད་རྩི་ཐིགས་པ་ལས།།

རོལ་མོའི་བྱུང་བ་རྒྱལ་རྔ་སྡིར་བའི་སྒྲ།།

ཅུང་ཟད་གླེངས་པའི་སྤོབས་པ་གཟེངས་སུ་མཐོ།།

དེ་ལྟར་ཤོ་ལོ་འགས་མདུན་བསུས་ནས་གང་བརྗོད་པར་བྱ་བ་ནི། སྐུ་འབུམ་བྱམས་པ་གླིང་གི་འཕྲེད་གླིང་རོལ་མོའི་བྱུང་བ་བཤད་ལ།

དང་པོ།

མདོ་སྔགས་བསྟན་པའི་འབྱུང་གནས་དགའ་ལྡན་གཉིས་པ་སྐུ་

འབུམ་བྱམས་པ་གླིང་གི་སྒྱུ་རྩལ་རྣམ་གསུམ་དུ་གྲགས་པའི་ཡ་

ཀྱལ་མེ་ཏོག་མཆོད་པ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་

གསུམ་ཁྱོན་ན་གཡོ་བ་འདིའི་ཡན་ལག་ཏུ་གྲགས་པ་འཕྲེད་གླིང་བའི་རོལ་མོ་ལྷ་ཡི་རྔ་སྒྲ་ཞེས་འབོད་པ་འདི་ཉིད་མེ་ཏོག་མཆོད་པ་གཙོ་བོའི་བསུ་བ་སེར་སྦྲེངས་སོགས་སུ་འབུད་པའི་རོལ་མོ་ཞིག་ཡིན་ནོ།། དེ་ཡངདགོན་པ་འདིའི་གདན་རབས་སུམ་བཅུ་བ་

འཇིགས་མེད་དབང་བོ་ཚང་གི་སྐུ་རིང་ལ་ནང་སོག་ཧར་ཆེན་

ཕྱོགས་ཀྱི་དཔོན་རིགས་ཇ་སག་གུང་ཟེར་བ་ཞིག་གིས་བླ་མ་ཉིད་ལ་འཕུལ་བར་བཤད་ཅིང་། བླ་མ་ཉིད་ན་ཀྱང་འདི་ལྟ་བུ་རོལ་མོ་རེར་དགོན་པ་ཡོད་ན་བསྟན་འགྲོ་གང་ལའང་ཕན་ཆེ་བར་

གཟིགས་ནས། དཔའ་རིས་བྱམས་པ་ཟེར་བའི་གྲྭ་རྒྱུན་ཞིག་

ཆེད་མངགས་ཀྱི་དེ་གར་སོང་ནས་སྦྱང་བ་དང་གཞན་ཡང་རྒྱ་ནག་རི་བོ་རྩེ་ནས་ཀྱང་རོལ་ཆ་ཁ་ཤས་འཁྱེར་ནས་ཡོང་བ་ཡིན་ཞིང་། དགོན་པ་གཞུང་ནས་ཀྱང་ཁོང་ཐུགས་འཁུར་རྒྱབ་སྐྱོར་གནང་ནས་འཕྲེད་གླིང་ཚོགས་པ་ཡོངས་སུ་ཚུགས་པར་བྱས།། ཁོང་གིས་ཀྱང་དགོན་གཞུང་གི་བཀའ་གསུང་སྤྱི་བོར་བླངས་སྟེ་སྔར་ཡོད་ཇེ་བཟང་དང། མེད་པ་ཁ་གསབ་སོགས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་དང་། དབྱངས་རྟ་མི་བོར་ཆེད་དུ་དབྱངས་ཡིག་

ཞིག་ཀྱང་བྲིས་པ་རེད། ཀུན་གྱི་སྙན་དབང་གསོ་བའི་བདུད་རྩི་རུ་གྱུར་བས། བསྟོད་པའི་མེ་ཏོག་གི་ཆར་བ་ལྷབ་ལྷབ་ཏུ་

བབས་པོ།། དེ་ནས་དམ་པ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསམ་གཞི་ལེགས་པར་གནང་ནས་མེ་ཏོག་མཆོད་པའི་སྟེང་ནས་བུས་ན་མེ་ཏོག་མཆོད་པ་ལྷག་ཏུ་ངོ་མཚར་དུ་འགྱུར་བས་དགེ་

མཚན་ལ་དམིགས་ནས་རྒྱ་ལོ་སྨོན་ལམ་གྱི་མེ་ཏོག་མཆོད་པའི་

སྟེང་ནས་འབུད་རྒྱུ་སྲོལ་བཙུགས་པ་ཡིན་ནོ།། དགོན་གཞུང་ནས་ཀྱང་ཁོང་ལ་དགའ་རྟགས་ཞིག་གནང་བ་ནི་ང་བརྒྱད་སྔོན་གྱི་གྲྭ་བ་རྒན་པ་རྣམས་ཀྱི་ངག་ན་རླུང་ལྟར་གྲགས་པའི་དཔའ་རིས་བྱམས་པ་ཞེས་པའི་གྲྭ་ཤག་ཞིག་ཡོད་པ་དེ་རེད། དེར་རྟེན་

འཕྲེད་གླིང་ཚོགས་པ་མེད་ནས་ཡོད་པ་དང་ཡོད་པ་ནས་ཟམ་མ་ཆད་པར་ད་ལྟའི་བར་གནས་པ་ནི་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུའི་རྒྱུ་རིམ་ཡིན་ནོ།།

གཉིས་པ།

དེ་ན་འཕྲེད་གླིང་རོལ་མོ་ལ་སྣ་ཁ་དུ་ཞིག་ཡོད་ཞེས་ན། དེ་ཡང་སྤྱི་ལོ་ང་བརྒྱད་སྔོན་དུ་སྣ་ཁ་བཅུ་དྲུག་ལྷག་ཡོད་པར་བཤད་ཅིང་ད་ལྟ་འབུད་ཆོག་ཆོག་ཏུ་ཡོད་པ་སྣ་ཁ་བཅུ་གཅིག་ཙམ་མོ།། དེ་ཡང་ཤིང་གུན་ཅིན་གོང་༼གནས་རྟེན་མཆོད་ཕྲེང་།༽པཱ་ཤམ་༼ལྷ་ལས་བབས་པ༽དེ་ཤིན་གར༼བླ་མའི་ཆོས་སྤྱོད༽

ཡི་ཟི་གར༼བླ་མ་གུ་རུ༽ཅིན་ཆང་བློ༼ལྷ་ཡི་རྔ་སྒྲ༽པཱ་ཕུརའར༼མཆོད་པའི་ལྷ་མོ༽ཟི་གྲིག༼སྣང་སྟོང་དབྱེར་མེད།༽པའི་མི་ཡིན༼རྣམ་སྲས་ཕོ་བྲང་༽ལི་ཆི་ལིན

༼མགོན་པོ་རྟ་རིང་༽བུན་བུན་དེན༼ཤང་ཤིང་རྡེའུ༽ལིན་ཐུན་ཆ༼རྒྱལ་རྔ༽

བཅས་ཡིན་ནོ།། མིང་འདི་དག་ནི་སྔོན་གྱི་དཔེ་རྙིང་ན་འདི་ལྟར་འཁོད་ལ་མིང་གསར་བ་དག་ནི་ཉིས་སྟོང་ལྔ་ལོར་གསར་དུ་བསྣན་པའོ།། དེ་ནས་རོལ་མོ་འདི་ནི་གང་སྐབས་སུ་འབུད་པ་ཡིན་ཞེས་ན། དེ་ཡང་དགོན་པ་འདིའི་མེ་ཏོག་

མཆོད་པ་ལོ་རེ་རེའི་བཅུ་བའི་ལྔ་མཆོད་ནས་བཞེངས་བསྐྲུན་

འགོ་ཚུགས་པའི་ཕྱག་སྲོལ་ཡོད་པ་བཞིན་ལྷ་བཟོ་རྣམས་ཀྱིས་མེ་ཏོག་མཆོད་པ་

བཞེངས་འགོ་ཚུགས་པ་དང་འཕྲེད་ཤིང་རྣམས་ཀྱང་རང་རང་གི་ཤག་ལ་རེས་མོ་

སྒོས་ཚོགས་ནས་རོལ་མོ་ཞིབ་ཏུ་སྦྱང་བ་ཡིན་ཞིང་། མི་ཤེས་པ་རྣམས་ལ་གསར་དུ་སློབ་པ་དང་ཤེས་པ་རྣམས་སྙན་པོ་ཡོང་གང་འཐད་ལ་སློབ་པ་ཡིན་ནོ།།

དེ་ཡང་རྒྱ་ལོ་བཅུ་གསུམ་ལ་འཛིན་གྲྭ་གོང་མ་ཚོགས་པ་དང་མཉམ་དུ་འཕྲེད་གླིང་བ་ཡང་འཛིན་གྲྭར་ཚོགས་ནས་འབུད་པ་ཡིན། དེ་ལྟར་བཅུ་བཞི་དང་བཅོ་ལྔ་རྣམས་ལ་འབུད་ཅིང་བཅོ་ལྔའི་དགོང་མོ་མེ་ཏོག་མཆོད་པ་བཤམས་སའི་གཉིས་ལམ་སྟེང་ནས་འབུད་པ་དང་མེ་ཏོག་མཆོད་པ་མཚམས་འཇོག་རོགས་པར་ཏུ་

འབུད་པ་ཡིན་ནོ།། དེ་མ་ཟད་ཕྱོགས་འདིར་རྒྱལ་བ་རྣམ་གཉིས་དང་།

རྒྱལ་བློན་རྣམས་འཕ྄ེལ་པ་ལ་འབུད་པ་ལས་དུས་རྒྱུན་མི་འབུད་པ་ཡིན།

ད་དུང་དགའ་སྟོན་དང་སྒོ་འབྱེད་སོགས་ལ་འབུད་པའི་སྲོལ་ཡང་ཡོད་དོ།

གསུམ་པ།

རོལ་ཆས་ལ་རྣམ་གྲངས་དུ་མ་ཡོད་དེ་མེ་ལོང་དགུ་བརྡུང་དང་

བཀོན་ཙི་སྟེ༼ སྦུ་ལུང༽དང་། གླིང་བུ་དང་། སིན་དེ་༼ལྦངཆེན་༽དང་། ཚ་པོ་སྟེ་༼སྦུབ་ཆུང༽དང་། སོ་ན་སྟེ༼བརྒྱག་གླིང་ཆུང་བ༽དང་། སྦུབ་དང་སིལ་སྙན་རྔ་ཆུང་བཅས་ཡོད་ལ། དེ་དག་ལས་མེ་ལོང་དང་སྦུབ་ཆུང་། སྦུབ་དང་སིལ་སྙན་རྔ་ཆུང་བཅས་ནི་བརྡུང་ཆས་རོལ་མོདང་། སྦུ་ལུང་དང་གླིང་བུ། ལྦང་ཆེན། བརྒྱག་གླིང་ཆུང་བ་བཅས་ནི་འབུད་པའི་རོལ་ཆས་ཡིན་ནོ།། དེ་དག་གི་སྒྲ་རྟགས་ནི་Eཡིན་པར་བཤད་དོ།། རོལ་ཆས་དེ་དག་ལ་ཕན་ནུས་དང་དགེ་མཚན་མི་འདྲ་བ་རེ་ཡོད་དེ། མེ་ལོང་དགུ་རྡུང་ནི་སྒྲ་དྭངས་ལ་གསལ་བ་རོལ་མོ་རྣམས་ཀྱི་ཐོག་མར་བརྡུང་ནས་དབུ་སྐུལ་བར་བྱེད་པས་དབུ་མཛད་ལྟ་བུ་ཡིན། སྦུ་ལུང་ནི་སྒྲ་བསྙོམས་ལ་དམའ་བའི་སྒྲ་སྙན་མོ་འཛིན་པར་བྱེད། གླིང་བུ་ནི་སྒྲ་གསལ་ལ་འགྱུར་ཁུག་དོད་པོ་ལྡན་པ་ཡིན། ལྦང་ཆེན་ནི་སྒྲ་དཔུང་ཆེན་པོ་ལྡན་པས་སྒྲ་མཐོ་བ་དམའ་བར་བྱེད་ལ་དམའ་བ་འདེགས་པར་བྱེད་པས་རོལ་མོའི་སྒྲ་མང་བོ་ལྷན་དུ་བསྡུད་པར་བྱེད་པ་ཡིན། སྦུབ་ཆུང་གིས་རོལ་མོ་རྣམས་ཀྱི་སྒྲའི་བར་མཚམས་འབྱེད་པ་དང་། གཅོད་མཚམས་དག་པར་བྱེད་པ་ཡིན། བརྒྱག་གླིང་ཆུང་བས་རོལ་མོ་རྣམས་ཀྱི་སྒྲ་རྔམས་བརྗིད་དང་ལྡན་པར་བྱེད་པ་ཡིན་ནོ། དེ་ཡང་རོལ་མོ་འདི་ཡོད་པ་ནས་བཟུང་མེ་ཏོག་མཆོད་པ་དང་མཉམ་དུ་བོད་ཁུལ་དང་རྒྱ་ནང་ཕྱི་རྒྱལ་སོགས་ལའང་འགྲེལ་སྤེལ་ལ་སོང་བ་ནི་དབྱར་གྱི་ཤ་མོ་རྡོལ་བཞིན། དེ་ལྟར་རོལ་མོ་ཚོགས་པའི་མི་སྣ་ཡང་གཅིག་ལས་གཅིག་ལྷག་རིམ་པར་བྱུང་བ་མངོན་དགའ་བའི་མཚན་མ་བཀྲ་ཤིས་རྟགས་བརྒྱད་བཀྲ་བའོ།།

བཞི་བ།

གསར་དུ་བཏགས་པའི་མིང་དེ་དག་གི་དོན་ཙམ་ཞུ་བ་ནི།

སྤྱིར་ན་རོལ་མོ་འདི་དག་ལ་མིང་ཞིག་སྔ་མོ་གྲུབ་ཡོད་ནའང་དེ་ནི་བོད་སྐད་དམ་སོག་སྐད། ཡང་ན་རྒྱ་སྐད་ཡིན་ནམ་གང་ཡིན་འབྱེད་དཀའ་བའི་ནང་དོན་ཤོད་མཁན་དེ་བས་ཀྱང་དཀའ་འོ། དེའི་ཕྱིར་རྒན་པ་རྣམས་སྔར་ནས་མིང་འདོགས་འདོད་ཡོད་པ་དང་། གཞན་གྱིས་དྲིས་པ་ཡོང་ཚེ་དེ་ལ་ལམ་གསལ་བོ་མེད་པ་ལ་སོགས་དཀའ་ངལ་དང་ཕྲད་ཚེ་འདི་ལྟ་བུའི་མིང་ཞིག་དགོས་མཁོ་ཡོད་པ་དང་བསྟུན་ནས་བཏགས་པ་ཡིན་ནོ། དེ་ཡང་རྒན་པ་རྣམས་ཀྱིས་མེ་ཏོག་མཆོད་པས་སངས་རྒྱས་བྱང་སེམས་རྣམས་ཀྱི་རྣམ་ཐར་བཞེངས་ནས་སེམས་ཅན་ལ་ཐར་བའི་ས་བོན་བསྐྲུན་པ་དེ་ལྟར་ལེགས་ན་ངེད་ཅག་འཕྲེད་གླིང་རོལ་མོ་འདི་དག་ལའང་སེམས་ཅན་ལ་བག་ཆགས་བཟང་བོ་འཇོག་ཐུབ་པའི་མིང་ཞིག་ཡོད་ན་སྙམ་པ་དང་བཅས་ཐམས་ཅད་ཀྱི་བསམ་གཞི་ཡང་ཡང་བཏང་མཐར་མིང་འདི་དག་ཨི་འབྱོར་བསམ་ནས་བྲིས་པ་ལེགས་སོ།

ལྷ་ལས་བབས་པ་ནི། བདག་བཅག་གི་སྟོན་པ་མཉམ་མེད་ཤཀྱའི་རྒྱལ་བོ་དེ་

ཉིད་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་ལ་སྐྱེ་ཞིང་འདུལ་བ་སྐབས་སུ་བབས་པ་མཁྱེན་ནས་སྟོན་པ་འཁོར་བཅས་ལྷ་ཡུལ་བྱོན་ནས་སྨིན་ལམ་བཀོད་ཅིང་ལྷ་རྣམས་ལ་ཆོས་སྟོན་རྒྱ་ཆེན་པོ་གནང་ནས་ཕྱི་འཛམ་བུ་གླིང་ལ་བབས་པའི་དོན་དེ་དྲན་པའི་དོན་དུ་བཏགས་པའོ།།

མཆོད་པའི་ལྷ་མོ་ནི། རོལ་མོའི་ཉམས་འགྱུར་ཁྲོད་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་ཕྱོགས་བཅུ་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་འབུལ་བའི་ཉམས་དང་ལྡན་པའི་འདི་ལྟར་བཏགས་སོ།།

ཤིང་ཤང་རྡེའུ་ནི། སྐད་སྙན་པའི་བྱ་ཞིག་གི་མིང་ཡིན་ལ་སངས་རྒྱས་བཅོམ་

ལྡན་འདས་ཀྱི་གསུང་དབྱངས་ཡན་ལག་དྲུག་བཅུའི་མཚོན་པའི་དཔེ་སྟེ་སངས་

རྒྱས་བཅོམ་ལྡན་འདས་ཀྱི་གསུང་དབྱངས་དྲན་པའི་དོན་དུ་བཏགས་སོ།།

གནས་བརྟན་མཆོད་ཕྲེང་ནི། སྐུ་འབུམ་བྱམས་པ་གླིང་གི་གདན་རབས་རིམ་

བྱོན་རྣམས་འཕགས་པའི་གནས་བརྟན་དངོས་ཡིན་པས་ཁོང་རྣམས་པའི་བཀའ་དྲིན་དྲན་པའི་དོན་དུ་བཏགས་སོ།།

སྣང་སྟོང་དབྱེར་མེད་ནི། སྣང་བས་ཡོད་མཐའ་སེལ་ཞིང་སྟོང་བའི་མེད་མཐའ་སེལ་བ་གཉིས་རེ་འཇོག་མེད་པར་དབྱེར་མེད་ཏུ་ རྟོགས་པ་ནི་མཐའ་བྲལ་དབུ་མའི་ལྟ་བ་ཡིན་པས་དེ་ལ་བག་ཆགས་རེ་འཇོག་པའི་དོན་དུ་བཏགས་སོ།།

རྣམ་སྲས་ཕོ་བྲང་ནི་བར་སྐབས་ཤིག་ལ་འཕྲེད་གླིང་ཚོགས་པ་དཀའ་ངལ་ཕྲད་

ནས་རོལ་ཆས་ཀྱང་བསྒྲིག་མི་ཐུབ་པའི་གནས་སུ་གྱུར་བས་ནོར་བདག་ཆེན་པོ་

རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས་ལ་མཐུན་རྐྱེན་བསྒྲུབ་པའི་དོན་དུ་བཏགས་སོ།།

ལྷ་ཡི་རྔ་སྒྲ་ནི་ལྷ་རྣམས་ཀྱི་སྔོན་བསག་བསོད་ནམས་ཀྱི་མཐུ་ལས་བྱུང་བའི་ལྷའི་རྔ་སྒྲས་སེམས་ཅན་རྣམས་སྡུག་བསྔལ་ལས་གྲོལ་བར་མཛད་པ་དེ་དྲན་པའི་དོན་དུ་བཏགས་སོ།།

མགོན་པོ་རྟ་རིང་ནི་མགོན་ཆོས་ལྷ་གསུམ་རྒྱལ་བ་ཙོང་ཁ་བའི་བསྟན་སྲུང་གི་གཙོ་བོ་ཡིན་པས་དེ་དག་ལ་འཕྲིན་ལས་བཅོལ་བའི་དོན་དུ་བཏགས་སོ།།

བླ་མ་གུ་རུ་ནི་ཡོན་ཏན་ཀུན་གྱི་མཁུར་དུ་ལྕི་བའི་བླ་མ་རྣམས་གཙོ་བོའི་བསྟན་

འཛིན་སྐྱེས་བུ་མཐའ་དག་ཞབས་པད་སྲིད་མཐའི་བར་དུ་བརྟན་པའི་དོན་དུ་

བཏགས་སོ།།

བླ་མའི་ཆོས་སྤྱོད་ནི་དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ་ལོག་ལྟ་སྐད་ཅིག་

ཙམ་ཡང་མི་སྐྱེ་བར་ཇི་མཛད་ལེགས་པར་མཐོང་ནས་ཆོས་སྤྱོད་བྱ་བ་ལ་གནས་

དགོས་པའི་དོན་དུ་བཏགས་སོ།།

ལྔ་བ

དགེ་བ་ཚོགས་ཞིང་དུ་བསྔོ་བ་དང་ཤིས་པ་བརྗོད་ནས་མཇུག་བསྡུས་པའོ།

ལྷ་ལས་བབས་དང་མཆོད་པའི་ལྷ་མོ་དང་།།

ཤང་ཤིང་རྡེའུ་གནས་བརྟེན་མཆོད་པའི་ཕྲེང་།།

སྣང་སྟོང་དབྱེར་མེད་རྣམ་སྲས་ཕོ་བྲང་ཆེ།།

ལྷ་ཡི་རྔ་སྒྲ་མགོན་པོ་རྟ་རིང་བོ།།

བླ་མ་གུ་རུ་བླ་མའི་ཆོས་སྤྱོད་རྣམས།།

མྱུར་ལམ་ཟབ་པའི་དམ་ཆོས་མ་ཡིན་ཀྱང་།།

བསོད་ནམས་བསོག་པའི་གླིང་བུ་ཁུ་བྱུག་གདངས།།

ཕྱོགས་བཅུ་རྒྱལ་བ་དགྱེས་པའི་མཆོད་པའི་སྤྲིན།།

དེ་ལས་བྱུང་བའི་དགེ་རྩ་མ་ལུས་པ།།

བྱང་ཆུབ་ཆེན་པོའི་ས་ལ་བསྔོ་བར་བགྱི།།

གླིང་བུ་བུ་མོ་གར་མཁན་མ།།

རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན།།

བསོད་ནམས་སྤེལ་བའི་མ་མ་སྟེ།།

སྲིད་མཐའི་བར་དུ་རྒྱས་གྱུར་ཅིག།

རྨད་བྱུང་རྩིག་པ་བརྟན་པོ་ལས་འཕོས་པ།།

དོན་གཉིས་ཁང་བཟང་རྣམ་པར་རྒྱལ་བ་ལས།།

སྐུ་བཞི་ནོར་མཆོག་རང་མདངས་གསལ་བ་ཅན།།

ཟླ་མེད་སྟོན་པ་འཁོར་བཅས་ཤིས་པ་སྩོལ།།

འདིས་ཀྱང་གྲྭ་ཚང་རིན་པོ་ཆེ་ལ་སྲི་ཞུ་ཅུང་ཟད་བྱས་པའི་ཁུལ་དང་བཅས་༢༠༡༧ལོའི་ཟླ་གཉིས་པའི་གཉིས་ཉིན་མཇུག་གྲུབ་པ་ཡིན། ཡི་གེ་བ་ཀ་རིང་བ་རང་ལུས་འདམས་པ་གང་ཡིན་ནོ།། །།