我的美篇

美友1454075

སློབ་གྲོགས་མགར་ཚེ་རྡོར་གྱི་སྐྱེས་སྐར་བསུ།

དེ་རིང་དགོང་མོ་བདག་གི་དྲན་པའི་མེ་ལོང་ངོས་སུ་མི་ལོ་གསུམ་ཙམ་ལ་མཉམ་དུ་ཟས་གོས་ངན་ངོན་གྱི་བརྟུལ་ཞུགས་བཟུང་སྟེ་ཤེས་རིག་གི་ཞིང་ཁམས་ཤིག་ནས་སྐྱེས་ཆེན་དམ་པ་དུ་མའི་ཞབས་ཀྱི་པདྨོ་ལས་བདུད་རྩི་ལྟ་བུའི་ཤེས་བྱ་ཧུབ་ཀྱིས་འཐུང་བའི་སློབ་གྲོགས་དམ་པ་མགར་ཚེ་རྡོར་ལགས་ཀྱི་སྐྱེས་སྐར་ཡིན་པ་དྲན་བྱུང་། དེ་བས་ངས་ཁོ་ལ་ལེ་བར་སྟོང་ཕྲག་གསུམ་གྱི་ཕ་རོལ་ནས་བཀྲ་ཤིས་རྟེན་འབྲེལ་གྱི་ལེགས་སྐྱེས་ཤིག་འབུལ་བའི་དོད་དུ་སྐྱེས་སྐར་བསུ་བཞིན་ཤིས་ཚིག་ཅིག་འབྲི་བར་བྱའོ།།

སྔོན་བསགས་ལས་སྨོན་བཟང་བའི་ས་བོན་དེ།།
འཕགས་མཆོག་ཕྱག་ན་པདྨོའི་གདུལ་བྱའི་ཡུལ།།
ཁ་བ་གངས་རིའི་ལྗོངས་སུ་ལེགས་སྨིན་པ།།
ཨེ་མ་སྐལ་བཟང་ཁྱེད་ཀྱི་སྐྱེས་སྐར་བསུ།།

ཚོགས་གཉིས་ཐར་ཕྱིན་ཐར་བའི་ལམ་སྟོན་མཆོག།
ཐམས་མཁས་ཐུགས་རྗེ་མགོན་པོ་ཟས་གཙང་སྲས།།
དེ་ཡི་རྗེས་འཇུག་བསླབ་གསུམ་མཉམ་ལེན་ཁྱེད།།
ཨེ་མ་རྨད་བྱུང་ཁྱེད་ཀྱི་སྐྱེས་སྐར་བསུ།།

ཆུང་དུས་དབེན་པའི་གནས་སུ་ཆོས་ལ་བརྩོན།།
གཞོན་དུས་གངས་ལྗོང་ཤེས་རིག་ནོར་གླིང་འགྲིམས།།
མི་ཚེ་ཐོས་པས་ཕྱུག་པའི་བློ་ལྡན་ཁྱེད།།
ཨེ་མ་ལེགས་སོ་ཁྱེད་ཀྱི་སྐྱེས་སྐར་བསུ།།

ཤེས་ཡོན་ཅན་ནི་ཁྱོད་འདྲ་མང་སྲིད་ཀྱང་།།
མི་གཞི་ཀུན་སྤྱོད་ཁྱོད་འདྲ་ཉིན་མོའི་སྐར།།
ལས་ཀྱིས་གྲོགས་སུ་བསྡེབས་པ་མང་མོད་དེ།།
སྨན་གྱི་ལྗོན་ཤིང་དཔེ་ལ་ཁྱོད་འདྲ་དཀོན།།

ཚུལ་ཁྲིམས་གོས་ལ་དྲི་མ་མེད་པར་ཤོག །
ངེས་འབྱུང་བློ་ལ་བཅོས་མིན་ཡོང་བར་ཤོག །
བྱང་སེམས་རིན་ཆེན་མྱུར་དུ་ཐོབ་པར་ཤོག །
ཡང་དག་ལྟ་བ་ཚེ་འདིར་རྙེད་པར་ཤོག །

མཐའ་མར་རྟག་ཏུ་ཚེ་རིང་ནད་མེད་ཅིང་། །
ཚེ་ལྷ་རྣམ་གསུམ་མགོན་གྱིས་བསྲུང་གྱུར་ཅིག །
ཁ་ལས་རླུང་རྟ་མི་ཉམས་གོང་འཕེལ་དང་། །

བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ།།

ཞེས་གྲོགས་གྱི་ན་བ་བློ་བཟང་རྒྱ་མཚོ་རུ་འབོད་པས་སྤྱི་ལོ་༢༠༡༧ཟླ༣ཚེས༥དགོང་མོར་ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་གི་རང་ཤག་ཞི་བའི་དགའ་ཚལ་ནས་བྲིས་པ་དགེའོ།།