སྟོན་པ་གཤེན་རབ་དང་༼བཀའ་ཆེམས་ཀ་ཁོལ་མ།༽

美友5616036

བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་

བཀའ་ཆེམས་གསེར་གྱི་འཕྲེང་བ་

ཞེས་བྱ་བ།

"བསླབ་པ་གསུམ་ནི། སངས་རྒྱས་དཀོན་མཆོག་ལ་བསླབ་པ། ཆོས་དཀོན་མཆོག་ལ་བསླབ་པ། དགེ་འདུན་དཀོན་མཆོག་ལ་བསླབ་པ་དང་གསུམ་ཡིན་ནོ། དེས་ན་བོན་སྟོན་པ་གཤེན་རབ་མི་བོ་དེ་ཡང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ནོ། དེ་ཅིའི་ཕྱིར་ན་སྔོན་བསྐལ་བ་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ཤར་ནས་གནས་ཏེ་ནུབ་པའི་ཤུལ་དུ། ཤཱཀྱ་ཐུབ་པའི་བསྟན་པ་ས་ནས་ཤར་བའི་བར་སྐབས་དེར་ཆོས་ཀྱི་བསྟན་པ་གང་ཡང་གང་མེད་པར་སེམས་ཉོན་མོངས་ཤིང་སྡུག་བསྔལ་བ་ལ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཐུགས་རྗེས། ནུབ་ཕྱོགས་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབས་མི་བོར་སྤྲུལ་ནས། འཁོར་གཡུང་དྲུང་སེམས་དཔའ་སེམས་མ་རྣམས་ཀྱིས་བསྐོར་ནས། འཛམ་བུའི་གླིང་པའི་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་ནས་བཏགས་པས། དེས་ན་གང་ལ་གང་འདུལ་དེ་ལ་དེར་སྟོན་པ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ་བྱ་བ་བྱུང་ངོ། །" ཞེས་གསལ།

བཀའ་ཆེམས་ཀ་ཁོལ་མ་ལས་བལ་བཟས་ར་སའི་གཙུག་ལག་ཁང་གི་འོག་ཁང་བཞེས་པ་ཞེས་པར་གསལ།

ཡོངས་གྲགས་སུ་བཀའ་ཆེམས་ཀ་ཁོལ་མའམ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་འཕྲེང་བ་ཞེས་བྱ་བ་ནི། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བའམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྟེ་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བོད་རབ་བྱུང་དང་པོའི་བགྲང་བྱ་ཉེར་གཉིས་པ་ས་བྱི། སྤྱི་ལོ༡༠༤༩ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་མོའི་ཀ་བ་བུམ་པ་ཅན་ནས་གཏེར་དུ་དྲངས་པའོ། །