བབ་བཟོ་མདའ་ཆེན་དགོན་དགུ་གཏོར

潘壤当

དུས་ད་ལོ་མེ་མོ་བྱ་ཡི་ལོ།།

བྱ་དཀར་པོ་ཞི་བདེའི་གསུང་དབྱངས་ཅན།།

བོད་ཁ་བ་ཅན་གྱི་བླ་བྱ་རེད།།

སྟོད་དབུས་གཙང་ཡུལ་གྱི་ཆོལ་ཁ་ནས།།

བོད་ཕུ་ནུ་མིང་སྲིང་ལོ་གསར་བཟང་།།

དུས་ད་ལོ་མེ་མོ་བྱ་ཡི་ལོ།།

བྱ་དཀར་པོ་འོ་མའི་སེམས་པ་ཅན།།

བོད་ཁ་བ་ཅན་གྱི་ལྷ་བྱ་རེད།།

ཡུལ་མདོ་སྨད་རིག་པའི་ཞིང་ཁམས་ནས།།

བོད་ཕུ་ནུ་མིང་སྲིང་ལོ་གསར་བཟང་།།

མི་ལ་ཚེ་ཡི་བཀྲ་ཤིས་ཤོག

ས་ལ་གཡང་གི་བཀྲ་ཤིས་ཤོག

ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག

དུས་ད་ལོ་མེ་མོ་བྱ་ཡི་ལོ།།

བྱ་དཀར་པོ་འོ་མའི་སེམས་པ་ཅན།།

བོད་ཁ་བ་ཅན་གྱི་ལྷ་བྱ་རེད།།

ཡུལ་མདོ་སྨད་རིག་པའི་ཞིང་ཁམས་ནས།།

བོད་ཕུ་ནུ་མིང་སྲིང་ལོ་གསར་བཟང་།།

ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག

བདེ་སྐྱིད་ལྷ་དང་མཉམ་པར་ཤོག

དུས་ད་ལོ་མེ་མོ་བྱ་ཡི་ལོ།།

བྱ་དཀར་པོ་གཡང་གི་གསུང་དབྱངས་ཅན།།

བོད་ཁ་བ་ཅན་གྱི་གཡང་རྟེན་རེད།།

ཡུལ་མདོ་སྟོད་ནོར་གྱི་ཆོལ་ཁ་ནས།།

བོད་ཕུ་ནུ་མིང་སྲིང་ལོ་གསར་བཟང་།།

ལོངས་སྐྱོད་ཀླུ་དང་མཉམ་པར་ཤོག

ཚེ་སྲོག་བྲག་ལས་སྲ་བར་ཤོག

དུས་ད་ལོ་མེ་མོ་བྱ་ཡི་ལོ།།

བྱ་དཀར་པོ་དར་གྱི་གཤོག་ཟུང་ཅན།།

བོད་ཆོས་ལྡན་ཚང་གི་ལྷག་བསམ་རེད།།

བོད་ཁ་བ་ཅན་གྱི་ཞིང་ཁམས་ནས།།

སྤུན་ས་ཡ་དྲུག་པོ་ལོ་གསར་བཟང་།།

གང་འདོད་ལྷུན་གྱི་འགྲུབ་པར་ཤོག

བྱ་བ་ལམ་འགྲོ་ཡོང་པར་ཤོག

ནད་མེད་ཚེ་རིང་ཡོང་པར་ཤོག

ངས་ཚེས་གཅིག་གི་སྔོན་ལ།

དགུ་ཐུག་གི་སྔོན་ལ།

དགའ་སྤྲོའི་དུས་སྟོན་གྱི་སྔོན་ལ།

སྨོན་ཚིག་གི་ཆ་འཕྲིན་མ་སླེབས་སྔོན་ལ།

ཁྱེད་ཚོར་སྨོན་ཚིག་གི་ཆ་འཕྲིན་འདི་འཕུལ་འདོད།

ལོ་གསར་པའི་ནང་ཁྱེད་དང་ཁྱེད་ཀྱི་ནང་མི་ལོ་གསར་སྐྱིད་པོ་ཡོང་པར་ཤོག

བྱ་བ་ལམ་འགྲོ་ཡོང་པར་ཤོག

ནད་མེད་ཚེ་རིང་ཡོང་པར་ཤོག བསམ་དོན་ཡིད་བཞིན་འགྲུབ་པར་ཤོག