我的美篇

美友7155163

ངོ་མ་བོད་ལ་བོད་རྩིས་མེད་ཟེར་བ་ཡོད་དམ།

ད་སྐབས་མང་ཆེ་བ་ཞིག་གིས་སྤྱི་ལོ་ལ་རྒྱ་རྩིས་དང་རྒྱ་རྩིས་ལ་མཚོ་སྔོན་རྩིས་སམ་རང་རང་གི་ཞིང་ཆེན་དེའི་མིང་རྩིས་སུ་འབོད་ལ། བོད་རྩིས་ལ་ལྷ་སའི་རྩིས་ཞེས་རྒྱ་རྩིས་རང་ལུཊ་སུ་བཟུང་ནས།བོད་རང་གི་དུས་ཚིགས་རྣམས་ཡང་ནོར་ནས་དུས་མཆོད་ཡང་རྒྱ་རྩིས་ལྟར་རྩི་བཞིན་པའི་དགོན་སྡེ་ཁ་ཤས་བྱུང་དང་འབྱུང་བཞིན་འདུག་ལ།

ཅི་ཞིག་བསམ་བཞིན་ཡོད་དམ། འདི་འདྲའི་རྩི་ལུཊ་དག་ལ་བརྟེན་ནས་མི་རྣམས་མགོ་བོ་འཁོར་ནས་དུས་ཆེན་ཡང་ངོས་མི་ཟིན་པའི་གནས་སུ་མཆིས་འདུག བོད་སྐད་དོར་བའི་བོད་པ་ཡོད་མེད་རྩོད་ན། བོད་རྩིས་དོར་བའི་བོད་པ་ཡོད་མེད་ཡང་རྩོད་པའི་གནས་ཞིག་ཏུ་འགྱུར་ན་ཅེས་མི་ཆོག སྤྱི་ལོ་ཞེས་པ་མགོ་ཚུགས་ཚུལ་ནི་ཐེན་ཀྲུའུ་ཅི་ཏོའུ་ཆོས་ལུཊ་ཀྱི་རྩ་བའི་སྟོན་པ་ཡེ་ཤུ་མ་ཤུ་ཀ་ཞེས་པ་དེ་ཉིད་ཡོ་རོབ་གླིང་གི་ཡོའུ་ཐེ་ཞེས་པའི་རིཊ་སུ་སྐྱེས་པའི་ལོ་ནས་རྩི་ལ། སྤྱི་ལོ་ལྟར་གྱི་ལོ་གསར་ནི་དེའི་འཁྲུངས་སྟོན་ཡིནཞེས་བཤད་ཚུལ་ཡང་འདུག བརྒྱ་རྩིས་ནི་རྒྱ་བཟའ་གོང་ཇོའི་སྐབས་ཅུང་དར་ལ།ཉིན་ཚེས་རྩི་སྲོལ་རྒྱལ་དབང་ལྔ་བའི་དུས་སྤྱི་ལོ1744ལོ་ལ་རྒྱ་རྩིས་སྙིང་ནོར་བརྩམས་པ་དེའི་མདོ་ཁམས་སུ་རྩི་ཚུལ་ཤུགས་ཆེན་པོ་བྱུང་།རྗེ་རིན་པོ་ཆེ་སྤྱི་ལོ1419ལོར་གཤེགས་པས་དེའི་སྐབས་རྒྱ་རྩིས་ཀྱི་རྩི་ཚུལ་འདི་དར་མེད་པས་དུས་ཆེན་སོ་སོ་ལ་འཁྲུལ་གཞི་མི་བཟོ་བར་ཞུ།

བོད་རྩིས་ནི་རྒྱལ་བོ་སྲོང་བཙན་ཡར་སྔོན་ནས་ཡོད་ལ་བོད་རང་གི་གནམ་གཤིས་དང་བསྟུན་ནས་སྤྲིན་དང་རླུང་འཁྱག་རོམ་སོཊ་དང་དུས་བརྟག་རྩིས་རིག་གི་རྨང་གཞིའི་སྟེང་དཔལ་དུས་ཀྱི་འཁོར་ལོ་བོད་ལ་བསྒྱུར་བ་ནས་བོད་ཀྱི་སྐར་རྩིས་རིག་པ་འདི་ལ་ལྔ་བསྡུས་དང་ཞག་གསུམ། རྐང་བའི་ལོངས་སྤྱོད། སྒྲ་གཅན་གཟའ་འཛིན། གཟའ་ལྔ་དལ་མྱུར་ལ་སོཊ་པ་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་སྨོས་མ་དགོས།

དེང་དུས་ཆེས་དར་སྲོལ་ཆེ་བའི་བསྒྱུར་བགོས་འཕྲི་སྣོན་གྱི་ཨང་རྩིས་རིག་པས་གཏན་ ལ་ཕབ་པའི་ལྔ་བསྡུས་དང་། གཟའ་ལྔའི་རི་མོ་ལ་བརྟེན་ནས་དུས་བཞིའི་འགྱུར་བ་དང་། ཐན་ཞོད་ཡོད་མེད། ལོ་ལེཊ་ཉེས་མིན། འབྲུ་བཅུད་འཕེལ་མིན། དུས་ཀྱི་བཟང་ངན། རྨོ་བརྐོ་སོ་ནམ་གྱི་དུས་ཚིགས་བརྟག་པ། ཉི་ཟླ་གཟའ་འཛིན་ལ་སོཊ་པ་གཙོ་བོའི་བརྟག་གཞིར་གྱུར་བའི་ལོ་ཐོ་འདི་ནི་རབ་བྱུང་དང་པོའི་མེ་ཡོས་སྤྱི་ལོ་༡༠༢༧ལོར་དཔལ་དུས་ཀྱི་འཁོར་ལོའི་གཞུང་བོད་ཡིག་ཏུ་བསྒྱུར་བའི་རྗེས་སུ་བྱུང་ཞིང་། དེ་ནས་དུས་རབས་རིམ་པར་བརྒྱུད་དེ་མཁས་པ་སོ་སོའི་བློ་གྲོས་ཀྱི་རྩལ་ལས་བྱུང་ བའི་རིག་པ་མང་པོས་ཟུར་བརྒྱན་ཏེ། བོད་ཀྱི་གནམ་གཤིས་དང་བསྟུན་པའི་དུས་རྟགས་མང་པོ་ཞིག་གཏན་ལ་ཕབ་ནས་རིམ་བཞིན་དེང་དུས་ཀྱི་བར་དུ་འཕེལ་རྒྱས་བྱུང་ཡོད་པ་ཞིག་རེད།

འོ་ན་དཔལ་དུས་ཀྱི་འཁོར་ལོའི་གཞུང་བོད་ཡིག་ཏུ་མ་བསྒྱུར་བའི་གོང་དེར། བོད་རྒྱལ་སྲོང་བཙན་གྱི་ཡར་སྔོན་ནས་བོད་ལ་བོད་རྩིས་སོཊ་དར་ཡོད་ལ། དཔལ་དུས་ཀྱི་འཁོར་ལོའི་གཞུང་བོད་ལ་བསྒྱུར་བ་ནས་བོད་རང་གི་གནམ་གཤིས་དང་བསྟུན་པའི་དུས་བརྟག་རྩིས་རིག་གི་ཟུར་རྒྱན་ནས་འཕེལ་རྒྱས་ཀྱི་གོ་རིམ་འདི་བྱུང་། ང་ཚོའི་བོད་ལ་བོད་རྩིས་མེད་ཟེར་མཁན་ཡང་མཁས་པ་ཚོས་གསུངས་བཞིན་མཆིས། ངོ་མ་ཇི་ལྟར་བསམ་བཞིན་འདུག བོད་ལ་བོད་རྩིས་མེད་དེ་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་བོད་ལ་བསྒྱུར་བ་ཡིན་པས་བོད་རྩིས་མིན་ཏེ་ཟེར་ན། བོད་ལ་བོད་བརྒྱུད་ནང་ཆོས་ཡང་མེད་ཟེར་དགོས་པར་སྙམ། བོད་ལ་བོད་རྩིས་ཡོད་དེ་ཆེས་གནའ་བོའི་དུས་ནས་བོད་རང་ཉིད་ལ་གནམ་གྱི་སྐར་མ་ལ་བརྟགས་པ། བར་སྣང་གི་སྤྲིན་དང་རླུང་ལ་བརྟགས་པ། ས་གཞི་ན་བྱ་དང་ཤིང་ལ་བརྟགས་པ། མཚོ་དང་ཆབ་རོམ་ལ་བརྟགས་པ་སོགས་དུས་བརྟགས་ཀྱི་རྩིས་རིགས་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་སྡུད་བྱས་པ་དེ་དག་རིམ་བཞིན་འཕེལ་རྒྱས་སོང་ནས་ཉི་ཟླ་སྐར་གསུམ་འཁོར་བགྲོད་ལ་འཚོལ་ཞིབ་དང་། འབྱུང་ཁམས་འཕྲོད་སྦྱོར། དུས་བཞིའི་འགྱུར་ལྡོག སྐྱེ་དངོས་ཀྱི་ནུས་པ་བཅས་ལ་ཞིབ་འཇུག་བྱས་པའི་རིག་གཞུང་གི་རྨང་གཞིའི་སྟེང་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་བོད་ལ་བསྒྱུར་བ་ནས་བོད་ཀྱི་རྩིས་རིག་ལ་འགྱུར་བ་ཐེབས་ཀྱང་དེ་ཙམ་གྱི་བོད་ཀྱི་རྩིས་མིན་ཞེས་བརྗོད་ག་ལ་ནུས། དུས་འཁོར་སྐར་རྩིས་ལྟར་ན་ནག་པ་ཟླ་བ་ནས་ལོ་འགོ་འཛིན་དགོས་ཟེར་ན་བདེན་མོད། འོན་ཀྱང་བོད་རང་ཉིད་ཀྱི་རྩིས་ཀྱི་རྨང་གཞིའི་སྟེང་བྱུང་རྐྱེན་སྔོན་ནས་བོད་ཟླ་ཟེར་བ་ཡོད་ཆོག་ལ་བོད་རང་གི་གནས་བབ་དང་བསྟུན་ནས་བོད་ཟླ་དང་བོ་ལོ་སར་ཟེར་བ་ཡོད་ཆོག་པ་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་དུས་ལ། བོད་ཟླ་དང་བོ་ཚེས་གཅིག་ཉིན་རྒན་མོ་བལ་མའི་ཟླ་རྩིས་བྱེད་པ། ཤིང་སྡོང་གི་མེ་ཏོག་འཁྲུངས་པ། སོ་ནམ་གྱི་ལས་བྱེད་པའི་བཀྲ་ཤིས་པའི་ཟླ་བ་ལ་སྟོན་མོ་བྱེད་སྲོལ་ཡོད་པ་དེ་བོད་ཀྱི་ལོ་སར་དུ་ཆགས་ཚུལ་ཡོད་ལ། དེ་མིན་བཤད་ཚུལ་གཞན་ཞིག་ལ་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ཙམ་གྱི་ནང་དུ་སྟོན་པ་གཤིན་རབ་འཁྲུངས་པའི་སྐབས་སུ་བོད་ཟླ་དང་བོ་སྟེ་དཔྱིད་ར་བ་སྟག་གི་ཟླ་བ་ལ་ལུགས་འདིར་དར་སྲོལ་ཡང་ཡོད། དེའི་ཕྱིར་བོད་རང་ལ་སྔོན་ནས་ཡོད་པ་མེད་པར་བྱས་ནས་ཡོད་ཚུལ་གཞན་ལ་བསྟུན་དགོས་དོན་མེད་ལ། མེད་པ་ཡོད་པར་བྱེད་པ་ལ་གཞན་གྱི་རིག་གནས་ཀྱི་ལེགས་ཆ་དེ་ལེན་པ་ལས་རང་ཡོད་ཚུལ་མེད་པར་བྱས་ནས་གཞན་རྗེས་འབྲང་དོན་མེད་པས་སོ། བོད་ལ་བོད་རྩིས་ཡོད་མེད་བརྩད་ནས་ཐམས་ཅད་མགོ་བོ་འགལ་མེ་བཞིན་འཁོར་དུ་འཇུག་པ་ལས་བོད་གཅིག་གྱུར་དུ་སྐྱོད་ཐུབ་པའི་རྩིས་རིག་གི་ལམ་ཁ་དེ་བསྐྲུན་རོགས།

ལུགས་འདི་ལྟར་ན་ཉིན་ཞག་གི་འགྲོས་དང་གོ་ལའི་འགྲོས་གཉིས་པོ་ཕན་ཚུན་མྱུར་བུལ་ མི་མཉམ་པའི་དབང་གིས་ལོ་གཅིག་ལ་ཉིན་ཞག་བཅུ་གཅིག་ལྷག་པས། འདི་ནི་ཉིན་ཞག་དང་། ཚེས་ཞག་ཁྱིམ་ཞག་གསུམ་རིང་ཐུང་མ་འགྲིགས་པའི་དབང་གིས་བྱུང་བ་ཡིན་ལ། ཁྱིམ་ཞག་ལ་ཚེས་ཞག་གཅིག་ལས་ཆུ་ཚོད༡ཆུ་སྲང༨དབུགས༣ལྷག་ལ་ཟླ་གཅིག་ལས་

ཆུ་ཚོད ༥༥ ལྷག་ཡོད་ལ། ལོ་གཅིག་ལ་ཉིན་ཞག ༡༡ ལྷག་ཡོད། ཉིན་ཞག་གི་དབང་དུ་བྱས་པའི་ཞག་པོ་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་རྩིས་ནའང་། ཉིན་ཞག་དང་ཚེས་ཞག་བར་ཉིན་ལྔའི་ཁྱད་པར་ཡོད། དེ་ལ་ཆུ་ཚོད ༦༦༠ཡོད། ལོ་གསུམ་ན་ཟླ་གཅིག་དང་ཉིན་གསུམ་ལྷག་ཡོད་ལ། འདི་འདྲའི་ལྷག་པའི་ཟླ་བ་དེ་ཟླ་བར་རྩི་དགོས་སམ་མི་དགོས། དགོས་ན་རྒྱ་རྩིས་ལྟར་གཡམ་རྒྱུགས་བྱས་ནས་བོད་རྩིས་དོར་དགོས་དོན་མེད་ལ། མི་དགོས་ན་དབྱར་དགུན་ཕན་ཚུན་གོ་ལྡོག་དང་། སྟོན་དཔྱིད་ཕན་ཚུན་གོ་ལྡོག་ཏག་ཏག་ཡོང་ངེས་ཡིན་ཚུལ་སོགས་བསམ་གཞིག་མ་བཏང་བ་ག་ལ་ཡིན། ཟླ་ལྷག་འདོན་སྟངས་ནི་སྐར་རྩིས་ལ་བྱང་བ་ཞིག་མིན་ན་ལྟ་དཀའ་བས་གཞན་འཁྲུལ་བའི་སྣང་ཚུལ་མི་བཟོ་བར་ཞུ།

ཞེས་གངས་བུ་སྨྱུག་འཛིན་ནམ་གླིང་བ་མཁས་བཙུན་ནས།