བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སེ་སྒོ་རྭ་གྲོང་ཚོའི་ཤར་ངོས་སུ་རྨིད་༡༠༠ཙམ་ཕྱིན་པ་ན་ཆུ་ཇོ་བོ་ལྷ་ཁང་ཞེས་ཀོང་ཡུལ་ཙམ་མ་ཟད་གངས་ལྗོངས་ཁུལ་དུ་གྲགས་པ་ཆེ་བའི་ལྷ་ཁང་ཞིག་མཇལ་རྒྱུ་ཡོད།

从西藏林芝市巴宜区出发,米瑞乡色果绕村往东约百余米的地方,有一座小寺庙(拉康),称为曲觉拉康,是水中佛祖殿的意思。

དེའང་《ཀུན་བཟང་བླ་མའི་ཞལ་ལུང་》ལས། ཀོང་པོ་ན་ཀོང་པོ་འབེན་བྱ་བའི་གླེན་པ་ཞིག་ཡོད་པ་དབུས་སུ་ཇོ་བོ་རིན་པོ་ཆེ་མཇལ་དུ་ཕྱིན། ཇོ་བོའི་མདུན་ན་དཀོན་གཉེར་སོགས་སུ་ཡང་མེད་པའི་སྐབས་ཤིག་ལ་དྲུང་དུ་སོང་ནས་མཆོད་པའི་ཞལ་ཟས་དང་མར་མེ་རྣམས་མཐོང་བས་ཞལ་ཟས་ཀྱི་ཟན་འདི་རྣམས་མར་མེའི་མར་ཁུ་ལ་བསྒྲེེས་ནས་ཇོ་བོ་རིན་པོ་ཆེས་གསོལ་བ་ཡིན་པར་འདུག མར་ཁུ་རྣམས་མི་འཁྱག་པའི་ཆེད་མེ་སྤར་བར་འདུག ཇོ་བོ་ཁོང་ཇི་ལྟར་གསོལ་བ་ངས་ཀྱང་ཟ་དགོས་སྙམ། ཞལ་ཟས་ཀྱི་རྩམ་པར་མར་མེའི་མར་ཁུ་ལ་བསྒྲེས་ནས་ཟོས། ཇོ་བོའི་ཞལ་ལ་བལྟས་ཏེ། ལྷ་བཤོས་ཁྱི་ཡིས་ཁྱེར་ཡང་འཛུམ་དམུལ་དམུལ། མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་དམུལ་དམུལ་བྱེད་པ་བླ་མ་བཟང་།

关于"水中佛"有一段传奇故事。在《普贤上师的言教》中记载,很久以前工布地方有一个叫工布苯的人,生性愚钝,行为与常人不同。一次前往拉萨朝拜,到大昭寺释迦牟尼佛前时,见诸多供物和酥油灯,以为佛像就以眼前的供物为食,甚为惊奇。见管家僧人不在,心想也一尝佛祖享用的美食,便抓起糌粑做的供物沾着酥油灯吃了起来。看着佛像面部一如既往地和善,说到,"狗吞供物面不改,风吹油灯颜尤善。您真是位善良的上师。"

ང་རང་གི་ལྷམ་འདི་ཁྱོད་ལ་བཅོལ་བ་ཡིན་པས་ཉར་ཚགས་གྱིས་དང་། ངས་ཁྱོད་ལ་བསྐོར་བ་ཞིག་བྱེད་འོང་ཟེར། ལྷམ་ཕུད་དེ་ཇོ་བོའི་དྲུང་དུ་བཞག ཁོ་རང་བར་སྐོར་ལ་སོང་བའི་རྗེས་སུ་དཀོན་གཉེར་འོང་ནས་ལྷམ་དེ་ཕྱི་རོལ་དུ་འདོར་བར་བརྩམས་པས། ཇོ་བོ་རིན་པོ་ཆེས་གསུང་བྱོན་ཏེ། དེ་ཀོང་པོ་འབེན་གྱིས་ང་ལ་བཅོལ་བ་ཡིན་པས་མ་དོར་གསུངས། སླར་ཁོ་འོང་ནས་ལྷམ་བླངས་ཏེ་བླ་མ་བཟང་པོ་བྱ་བ་ཁྱོད་ཡིན། སང་ཕོད་ངེད་རང་ཚོའི་ཡུལ་དུ་ཤོག་དང་། ངས་ཕག་རྒན་བཤས་ནས་ཤ་བཙོ། ནས་རྒན་བཙོས་ནས་ཆང་བསྙལ་ཏེ་སྒུག་སྡོད་ཟེར་བས། ཇོ་བོའི་ཞལ་ནས་འོང་གསུངས། དེར་ཁོ་རང་ཁྱིམ་དུ་ལོག་ནས་ཆུང་མ་ལ། ངས་ཇོ་བོ་རིན་པོ་ཆེ་མགྲོན་དུ་བོས་ཡོད། ཁོ་ནམ་འབྱོན་མི་ཤེས་པས་ཁྱོད་ཀྱི་རྒྱུན་དུ་ཁོ་ཨེ་འབྱོན་ལྟ་བ་མ་བརྗེས་ཟེར་སྐད། དེར་སང་ཕོད་ཙམ་གྱི་ཉིན་ཞིག་ན་ཁོའི་ཆུང་མ་ཆུ་ལེན་དུ་ཕྱིན་པས་ཆུ་ནང་དུ་ཇོ་བོའི་སྐུའི་གཟུགས་བརྙན་མངོན་སུམ་དུ་ཤར་ནས་འདུག ཆུང་མ་འཕྲལ་དུ་ཁྱིམ་དུ་རྒྱུགས་ནས་ཆུ་ནང་ཕ་ཀི་ན་ཅིག་འདུག དེ་ཁྱོད་ཀྱིས་བོས་པའི་མགྲོན་པོ་དེ་མིན་ནམ་བྱས་པས། ཁོ་འཕྲལ་དུ་བརྒྱུགས་ནས་བལྟས་པས་ཆུ་ནང་དུ་ཇོ་བོ་རིན་པོ་ཆེ་ཤར་བ་མཐོང་ནས། ཇོ་བོ་ཆུ་ནང་དུ་ལྷུང་བ་ཡིན་ནམ་སྙམ་སྟེ་ཆུ་ནང་དུ་ལྕེབས་ནས་ཇོ་བོའི་སྐུ་ལ་འཇུས་པས་དངོས་སུ་བཟུང་ཏེ་ཁྲིད་འོང་རྒྱུ་ཞིག་བྱུང་། ཁྱིམ་ལ་ཁྲིད་པར་འོང་བའི་ལམ་པར་དུ་རྡོ་ཆེན་པོ་ཞིག་ཡོད་པའི་དྲུང་དུ་སླེབས་ཚེ། ང་རང་མི་ནག་གི་ཁྱིམ་དུ་མི་འགྲོ་གསུངས་ནས་འབྱོན་དུ་མ་འདོད་པར་བྲག་དེ་ལ་ཐིམ་སོང་། དེར་ཇོ་བོ་རང་བྱོན་དུ་ཤར་བ་ལ་རྡོ་ལེ་ཇོ་བོ་དང་། ཆུ་ནང་དུ་ཇོ་བོའི་སྐུ་གཟུགས་ཤར་བ་ལ་ཆུ་ཇོ་བོ་ཟེར་ཏེ། ལྷ་ཁང་ཞིག་བཞེངས་པར་ཀོང་པོ་ཆུ་ཇོ་བོ་ལྷ་ཁང་ཞེས་སུ་འབོད་པ་དེའོ།

随后,又把自己一双笨重而破旧的鞋子脱下来放入佛祖怀中,说:"我将为您转寺庙一圈,请您保管我的鞋子。"管家僧人回来后,见佛像怀中有一双破旧的鞋子,捡起就准备往外扔。佛像突然显灵,喊道:"且慢,这双鞋是工布苯托付于我保管。"工布苯转完寺庙后,回到佛像前拿回鞋子。"谢谢,您是我敬重的上师。"穿上鞋子,工布苯望着佛像说。"明年请来我的家乡,为您献上最香的猪肉和最醇的美酒。""去"。他似乎听到了佛祖的回应。回到家乡,他对自己的妻子万般嘱托:"我邀请佛祖来家,但不知具体日子,你每次外出务必留意。"来年有一日,妻子到河边取水,一尊佛像在水中清晰可见。便回家告知。工布苯认出佛祖,以为佛祖掉入了河里。便跳入河水营救,却如实触摸到佛祖,牵引着上岸。于是工布苯领着佛祖前往家里,途中经过一块岩石,佛祖突然说:"吾不往俗人家。"便钻入石块中不见了。不久,石面上映现出天然佛像。后称之为"夺勒觉悟",意为石面佛。而河水映现的佛像称为"曲觉悟",即水中佛。修建一座拉康(小寺庙)故此得名。

ད་ལྟའང་བྱིན་རླབས་ལྷ་སའི་ཇོ་བོ་དང་མཉམ་ཟེར་ནས་ཀུན་གྱིས་ཕྱག་མཆོད་འབུལ་བྱེད་བཞིན་ཡོད།

时至今日,仍有众多信徒对此磕头烧香,认为其功德等同于拉萨大昭寺的觉悟佛像。