ལམ།

美友6932792

རང་མཚན་འདོད་མིན་གྱི་ཁྱད་པར་ལ་དཔྱད་པ་ཤེས་རབ་འདྲེན་པའི་འོད་སྣང་།

མི་མཇེད་ཞིང་འདིའི་སྟོན་པ་ཟས་སྲས་དང་།།

བརྩེ་ཆེན་ཡབ་གཅིག་ཤེས་རབ་ལྷག་པའི་ལྷ།།

དེ་ཡི་སྒྱུ་འཕྲུལ་དབུ་མའི་སྲོལ་འབྱེད་དག།

བདག་ཡིད་སྙིང་གི་སྒྲོམ་བུའི་པད་མཚོར་བསུ།།

&_____ཚྭ་ཁ་དོན་ཡོད།

དེ་ལ་འདིར་དང་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་ཕྱོགས་སྔའི་འདོད་ཚུལ་ནི། ཤེས་རབ་སྒྲོན་མེ་ལས། དེ་ལ་འདིར་གཟུགས་ཞེས་བྱ་བར་ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པའི་ཀུན་བཏགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མེད་དོ་ཞེ་ན་ནི། དེ་ནི་དངོས་པོ་ལ་སྐུར་བ་འདེབས་པ་ཡིན་ཏེ་ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པ་ལ་སྐུར་བ་འདེབས་པའི་ཕྱིར་རོ། ཞེས་སོགས་ལ་བརྟེན་ནས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་དང་། སེམས་ཙམ་གྱི་མདོ་སྡེར་གྲགས་པ་དགོངས་པ་ངེས་འགྲེལ་སོགས་ཀྱི་སྐབས་སུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་འཆད་ལ་དེ་རྣམས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཀག་ནས་རང་ལུགས་འཁོར་ལོ་བར་མཐའ་གཉིས་ཀྱི་སྐབས་སུ་མཚན་ཉིད་གསུམ་ལ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གསུངས་པ་དོན་དམ་པའི་དབང་དུ་བྱས་ནས་དགོངས་པ་བཀྲལ་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་འཐད་ཕྱོགས་སུ་བཞེད་པ་ཡིན་ཏེ། དབུ་མ་སྣང་བ་ལས། དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དོན་དམ་པའི་དབང་དུ་མཛད་པ་ཁོ་ནར་བརྗོད་ཅིང་། ཞེས་གསུངས་པ་སོག་ལ་བརྟེན་ཏེ་དབུ་མ་རང་རྒྱུད་པའི་ལུགས་ལ་ཐ་སྙད་ཙམ་དུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་ངོས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་སོགས་དོན་གཅིག་དུ་ཁས་ལེན་པར་བཞེད་དོ། འོན་ཀྱང་། བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ་སོགས་ནི་འདི་བའི་ལུགས་ལ་མི་བཞེད་དོ ། འདིའི་ལུགས་ཀྱི་ཐ་སྙད་ཙམ་དུ་རང་གི་མཚན་ཉིད་ཀྱིས་གྲུབ་ཚུལ་ནི། ཐ་སྙད་འཇོག་བྱེད་ཀྱི་བློས་བཏགས་དོན་བཙལ་བའི་ཚེ་རང་གི་ཆ་ཤས་སམ་གདགས་གཞིའི་ངོས་ནས་རང་ཉིད་རྙེད་རྒྱུ་ཡོད་པའི་ཆ་ནས་འཇོག་དགོས་པར་སྣང་ངོ་། ཆོས་ཐམས་ཅད་ཐ་སྙད་ཙམ་དུ་རང་གི་མཚན་ཉིད་གྲུབ་པ་འགོག་ན་གཞི་དེ་ཐ་སྙད་དུ་ཡོད་པར་འཇོག་མི་ནུས་པས་ཆད་མཐར་ལྟུང་བར་རང་གི་གཞུང་ལུགས་དག་སུ་རྒྱ་ཆེར་གསུངས། འདི་བས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱིས་ངོས་ནས་གྲུབ་པ་དེ་དགག་བྱ་བདེན་པར་གྲུབ་པ་དང་དེ་ལྟར་འཛིན་པ་ལ་ཡང་དགག་བྱ་བདེན་པར་གྲུབ་པར་འཛིན་པའི་འཛིན་ཚུལ་ཚང་བར་འདོད་པར་སྣང་ངོ་། སྤྱིར་ཐལ་རང་གཉིས་ཀས་ཆོས་རྣམས་བློའི་དབང་གིས་བཞག་པར་འདོད་མོད་ཀྱང་། བློའི་བཞག་པ་ཙམ་ཡིན་མིན་ལ་ཁྱད་པར་ཡོད་དེ། ཤེར་མདོར་ཆོས་རྣམས་མིང་ཙམ་བཏགས་ཙམ་དུ་གསུངས་པའི་ཙམ་སྒྲའི་གཅོད་བྱ་ལ་རང་རྒྱུད་པས་ཆོས་རྣམས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་གཅོད་པར་འདོད་ལ། ཐལ་འགྱུར་བའི་ཆོས་རྣམས་རང་ངོས་ནས་གྲུབ་པར་གཅོད་པ་ཁས་ལེན་པས་ཅུང་མི་མཐུན་པར་སྣང་ངོ་། སྐབས་འདིའི་བློ་གནོད་མེད་དང་གནོད་བཅས་ཀྱི་དོན་ནི། བློ་གང་ཞིག རང་གི་ཡུལ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ལ་ཚད་མ་གཞན་གྱིས་གནོད་པ་ཡོད་ན་གནོད་བཅས་དང་། དེ་ལྟ་བའི་གནོད་པ་མེད་པ་ལ་སྐབས་འདིའི་གནོད་མེད་ཀྱི་དོན་དུ་བཞག་ན་འགྲིག་མིན་གཟུར་གནས་བློ་ལྡན་དག་གིས་རིགས་ལམ་ལ་དྲངས་དེ་དཔྱད་པར་བྱའོ།

གཉིས་པ་དབུ་མ་ཐལ་འགྱུར་བའི་མདོ་སྡེ་གང་དག་ལ་ཁོང་བཅོལ་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་ཚུལ་ཇི་ལྟར་ཡིན་ཞེ་ན། ཉེ་བར་འཁོར་གྱི་མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ར་བ་ན། །གསེར་གྱིས་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེ་དག་རྟོགས་པའི་དབང་གིས་བཞག་པ་ཡིན། །རྟོགས་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །ཞེས་དང་། མདོ་རྒྱ་ཆེན་རོལ་པ་ལས། མ་རིག་འདུ་བྱེད་རྐྱེན་ཡིན་དེ། །འདུ་བྱེད་དེ་ཡང་ཡང་དག་ཉིད་དུ་མེད། མ་རིག་པ་དང་འདུ་བྱེད་དེ་དག་ཀྱང་། །རང་བཞིན་སྟོང་སྟེ་ཡོད་པ་མེད་པ་ཡིན། །ཞེས་དང་། རིན་ཕྲེང་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། ཞེས་སོགས་ལ་བརྟེན་ནས་ཆོས་རྣམས་རང་ངོས་ནས་གྲུབ་པར་འགོག་པ་ཡིན་ནོ། དེས་ན་འདི་བའི་ལུགས་ལ་ཆོས་རྣམས་རྟོགས་པས་བཏགས་ཙམ་ལས་མ་གྲུབ་ཚུལ་ནི། དཔེར་ན་ཐག་ཁྲ་སྤྲུལ་དུ་འཛིན་པའི་ཚེ། ཐག་པའི་ངོས་ནས་སྦྲུལ་རང་མཚན་པ་ཞིག་ཡེ་ནས་འཇོག་རྒྱུ་མེད་ཀྱང་། དེའི་བློ་ལ་སྣང་བའི་སྤྲུལ་ནི་ཐག་པའི་སྟེང་དུ་རྟོག་པས་ཕར་བཏགས་པ་ཙམ་ལས་དོན་ལ་ཐག་ཁྲ་དེར་སྦྲུལ་རང་མཚན་པ་ཞིག་མ་གྲུབ་པ་དཔེ་དེ་བཞིན་དུ་ཆོས་གཞན་རྣམས་ཀྱང་དེ་དང་འདྲ་བར་རྟོག་པས་ཆོས་དེའི་གདགས་གཞིའི་སྟེང་དུ་ཕར་བཏགས་པ་ལས་གདགས་གཞིའི་ངོས་ནས་ཚུར་གྲུབ་པའི་ཆོས་ཤིག་མེད་པ་རིགས་འགྲེ་སྦྱར་ཏེ་ཤེས་པར་སླའོ། དེ་ལྟར་རྟོག་པའི་དབང་གིས་བཞག་པ་ཙམ་དེ་ལ་ཡང་ཐ་སྙད་ཙམ་དུ་རང་རང་གི་བྱ་བྱེད་ཐམས་ཅད་མི་འགལ་བར་འཐད་པ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་། ཞི་བ་ལྷ་དང་། དཔལ་ལྡན་ཟླ་གྲགས་སོགས་ཀྱིས་རང་རང་གི་མདོ་རེ་ལ་ཁོང་བཅོལ་ཏེ་རྒྱ་ཆེར་གསུངས་ཡོད་མོད་འདིར་མང་དོགས་ནས་མ་བཀོད། ལུགས་འདིར་བདེན་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་ངོས་ནས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། རང་མཚན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ་སོགས་རྡུལ་ཙམ་ཡང་མེད་པར་འདོད་དོ། འོན་ཀྱང་རང་རང་འཇོག་བྱེད་ཀྱི་སྒྲ་རྟོག་དང་ཆ་ཤས་སོགས་ལ་བརྟེན་ནས་ཕར་བཏགས་ཙམ་དང་སྣང་ཙམ་དུ་ཡོད་པར་ཁས་ལེན་ལ། ཆོས་གང་ཞིག་རང་ངོས་ནས་མ་གྲུབ་ཀྱང་སྒྲ་རྟོག་སོགས་ཀྱིས་ངོར་ཕར་བཏགས་ཙམ་དུ་ཡོད་པ་ནི་འདི་བའི་ལུགས་ཀྱི་ཐ་སྙད་ཕྲ་མོའི་གྲུབ་ཚད་ལ་བཞག་ན་འགྲིག་མིན་ཐུགས་སྣང་བརྩེ་བའི་ཆོས་མཆེད་དག་གིས་སླར་དཔྱད་པར་བྱའོ། སྐབས་འདིར་ཆོས་ཐམས་ཅད་ཐ་སྙད་ཙམ་དུ་ཡོད་ཅེས་པའི་ཐ་སྙད་དུ་གྲུབ་པ་ལ་སྣང་ཙམ་བཏགས་ཙམ་གྱིས་མི་ཚིམ་པར་དེ་ལ་ཐ་སྙད་ཁྱད་པར་གསུམ་ལྡན་ཅིག་དགོས་པའི་ཞུབ་ཆ་བྱས་ན་ལེགས་སམ་ཟུར་གནས་མཁས་དབང་རྣམས་ཀྱིས་བསྲེག་བཅད་བརྡར་ཏེ་ངག་ལས་ཤེས་དགོས་སོ། དེ་མིན་ཐལ་རང་གཉིས་ཀྱི་ལུགས་ལ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་ལ་ཕྲ་རགས་འཇོག་ཚུལ་དང་ཐ་སྙད་དཔྱོད་བྱེད་ལ་འགྲོ་ཚུལ་དང་དོན་དམ་དཔྱོད་བྱེད་ལ་འགྲོ་ཚུལ་སོགས་ཀྱི་དཔྱད་གཞི་མང་མོད། རང་ལ་མཚོན་ན་དེ་དག་གི་ཕྱོགས་ལ་ཉམས་མྱོང་ཅི་ཡང་མ་མཆིས་པས་རེ་ཞིག་འདིར་མ་བཀོད་དོ། དེ་མིན་འདིར་དཔྱད་གཞིའི་ཚུལ་དུ་ཟུར་ཙམ་གླེང་བ་ཡིན་པའི་གཟུར་གནས་ཆོས་མཆེད་དག་གི་ཐུགས་འཁྲེལ་མི་གནང་བར་ཞུ།

སྨྲས་པ།

འདིར་བཤད་རྣམ་དཀར་དགེ་ཚོགས་ཇི་སྙེད་ཀུན།།

མ་རྒན་འགྲོ་རྣམས་སྡུག་བསྔལ་ལས་གྲོལ་ཏེ།།

གཏན་གྱི་བདེར་གནས་སྐུ་བཞིའི་རྒྱལ་ས་རུ།།

རིང་མིན་མྱུར་དུ་འཇུག་པའི་རྒྱུ་རུ་བསྔོ།།