དགེ་ལེགས་དཔལ་བཟང་ནས།

美友6932792

ཕྱོཊ་བཅུའི་རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་པའི། །

གསང་བདག་ཕྱག་ན་རྡོ་རྗེའི་སྒྱུ་འཕྲུལ་གར། །

ངེས་དོན་བསྟན་པའི་སྲོག་ཤིང་ཇོ་ནང་པ། །

འཇིགས་མེད་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །

སྐལ་ལྡན་བྱེ་བའི་བསོད་ནམས་མཐུ་དཔལ་ལས། །

ལེགས་གྲུབ་མཚན་དཔེ་སྟོང་འབར་གཟུགས་ཀྱི་སྐུ། །

མི་འགྱུར་རྡོ་རྗེའི་ཁྲི་ལ་རྟག་བཞུགས་ནས། །

མཛད་འཕྲིན་འོད་སྟོང་ནམ་མཁའི་མཐར་ཁྱབ་ཤོག །

ཐུཊ་བསྐྱེད་པད་དཀར་འདབ་བརྒྱ་བཞད་པའི་དབུས། །

བསྟན་འགྲོའི་དོན་ཆེན་འབྲས་བུ་ཡོངས་སྨིན་ནས། །

མཐའ་མེད་འགྲོ་བའི་དོན་ཆེན་མ་རྫོགས་པར། །

སྐུ་ཚེ་སྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །

བསྟན་པའི་དགྲ་ཆེན་རླུང་ལྟར་ལྡང་ན་ཡང་། །

དེ་ཡི་གཤེད་དུ་བསམ་བཞིན་སྐུར་བཞེངས་བའི། །

ལག་ན་རྡོ་རྗེའི་གོ་ཆ་ཉེར་བགོས་ཏེ། །

རྒྱལ་བསྟན་བསྲུང་ཆེད་སྐུ་ཚེ་དཔག་མེད་ཤོག །

ཉོན་མོངས་ནད་ཀྱིས་གདུངས་བའི་འགྲོ་བ་རྣམས། །

སྙིགས་མའི་དུས་སུ་ཤིན་ཏུ་གདུལ་དཀའ་ཡང་། །

རླབས་ཆེན་རྒྱལ་བའི་སྤྱོད་པ་ལ་བརྟེན་ནས། །

མི་འགྱུར་སྲིད་མཐའི་བར་དུ་བརྟན་བཞུགས་གསོལ། །

གང་འདོད་རེ་བའི་འབྲས་བུ་མྱུར་སྩོལ་བའི། །

རྒྱལ་ཡུམ་མྱུར་མ་དཔའ་མོའི་ཐུགས་རྗེ་དང་། །

བསྟན་སྲུང་ཆོས་སྐྱོང་ཡོངས་ཀྱི་ནུས་མཐུ་ཡིས། །

གྲངས་མེད་བསྐལ་བའི་བར་དུ་བརྟན་བཞུགས་གསོལ། །

གང་གི་སློབ་བུ་དགེ་ལེགས་དཔལ་བཟང་ནས་བྲིས་པ་དགེའོ།།