པར་མིག་ནང་གི་འཚོ་བ། བཙན་མེ་ལོང་།

赞美龙

གངས་ཀྱི་འདབས་རོལ་ན་ངའི་མེས་པོ་ཡི་ཕ་ཡུལ། ལྷིང་འཇགས་ཀྱི་རྩྭ་ཐང་ཁྲོད་ན་རྟ་ནོར་ལུག་གསུམ་གྱི་ས་གཞི་ཁེབས་པ། ཁྲུང་ཁྲུང་དཀར་མོ་གཤོག་རྩལ་ངོམ་བཞིན། ཅི་འདྲའི་མཛེས་སྡུག་ལྡན་པའི་གནས་མཆོག་གི་ཕ་ཡུལ། པར་བ་བཙན་མེ་ལོང་ངམ་རང་བྱུང་རྡོ་རྗེ་ནི་༡༩༨༠ ལོ་ཟླ་བ༦ཚེས་༤ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྩྭ་ཐང་ཆེན་མོ་རྨེ་ཡུལ་གཡང་སྡེ་ཕྱུག་མོ་རུ་སྐྱེས།ཆུང་དུས་སློབ་ཆུང་འགྲིམས་ཀྱང་སློབ་ཆུང་མཐར་ཕྱིན་ལ་ཉེ་བའི་སྐབས་རབ་ཏུ་བྱུང་སྟེ་འདོན་རྟ་དབྱངས་གསུམ་གང་ལ་གང་འཚམ་སྦྱངས་པ་མཛད།སློབ་སྦྱོང་བྱེད་རྒྱུ་གོ་སྐབས་དབེན་ཀྱང་རྒྱ་ཡིག་སོགས་རང་སྦྱོང་གང་འཚམ་བྱས།རང་གི་དགའ་ཕྱོགས་ཀྱི་དབང་གིས་ཉིས་སྟོང་བཅུ་གསུམ་བཅུ་བཞི་ནས་པར་ལེན་མགོ་བརྩམས་ཤིང་།རྒྱ་ཡི་པར་བ་གྲགས་ཅན陈峰དགེ་རྒན་དུ་བསྟེན་ཏེ་ད་ལྟའི་བར་དུ་པར་བརྒྱ་ཕྲག་ཁ་ཤས་བླངས་ཟིན་པ་དང་།དྲྭ་ལམ་སྣ་སོགས་ནས་ཁོང་གི་པར་གཟུགས་མང་བོར་དགའ་བསུ་ཐོབ།ཁོང་གིས་ང་ལ་པར་རྒྱག་རྒྱུ་ལས་བྱ་བ་ཅི་ཡང་མེད་ལ་ཅི་ཡང་དགོས་ཀྱང་མི་དགོ་ཟེར།