མེ་རིའི་གཟི་འོད་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།། ༼མཚན་སྨག་རིང་མོ༽
རྩོམ་པ་པོ A-• མེ་རིའི་གཟི་འོད།
དོ་ནུབ་ཁྱེད་རང་དྲན་པའི་གཞས་ཞིག་བླངས།།
རྒྱང་རིང་གྲོགས་ཀྱིས་ཕྱོགས་ལ་དབང་མེད་ཤོར།།
ཁྱེད་ཀྱིས་ཁྱེད་དུ་མིག་ཆུ་ཤམ་ཤམ་བཞུར།།
དོ་ནུབ་ག་ལེར་བདག་གི་སྙིང་ལ་འཛུམ།།
དོ་ནུབ་ཁྱེད་རང་དྲན་པའི་ཚིག་གསུམ་བཤད།།
ཚིག་དེ་ཁྱེད་ཀྱིས་ཕྱོགས་ལ་བསྐུར་ནས་ཡོད།།
མཚན་སྨག་རིང་མོ་འདི་ནས་ཅི་འདྲའི་སྐྱོ།།
སྐྱོ་ཚིག་རེ་རེ་ཁྱེད་ལ་བྲིས་ནས་ཡོད།།
ཁ་བ་ལྷབ་ལྷབ་འབབ་པའི་མཚན་མོ་འདིར།།
ཁ་བའི་ཀློང་ནས་ཁྱེད་རང་དྲན་གྱིན་ཡོད།།
དོ་ནུབ་མཚན་སྨག་འདི་ནི་ཅི་འདྲའི་འཁྱག།
ང་ནི་འདི་ལྟར་ཁྱེད་ལ་སྐྱོ་གྱིན་ཡོད།།
སྤྱི་ལོ༢༠༡༦ཟླ་བ༩ཚེས༢༢ཉིན་བྲིས།