我的美篇

美友6067811

ཨ་མ་དྲན་བྱུང་། དཔྱིད་ཁུག་བྱུག་གི་དྲུག་འགྱུར་སྒྲོཊ་ཤིང་།། མགོན་ཟླ་མེད་ཀྱི་བླ་མ་དམ་པས།། འཁོར་སློབ་འབངས་ཚོ་བརྩེ་བའི་སྐྱོང་དུས།། དམན་འཁྱམ་པོ་ངས་མ་ལོ་དྲན་བྱུང་།། དབྱར་སྦྲང་ཆར་གྱིས་དབྱིག་འཛིན་རླན་ཏེ།། མཛེས་སྣ་བརྒྱ་ཡི་མེ་ཏོག་བཞད་དུས།། རྩལ་ནུས་མེད་ཀྱི་གཡུ་སྦྲང་ང་ཡིས།། དྲིན་མ་ལོ་ཡི་ཞལ་རས་དྲན་བྱུང་།། སྟོན་སེར་བུ་ཡི་གྲང་རླུང་རྩུབ་མོས།། ནགས་ལྗོན་པ་ཡི་འདབ་ལོ་གཏོར་དུས།། རྒྱབ་གོས་མེད་ཀྱི་འཇོལ་མོ་ང་ཡིས།། གསུང་འགག་མེད་ཀྱི་མ་ལོ་དྲན་བྱུང་།། དགུན་ཁ་བ་ཡི་བུ་ཡུག་སྟུག་པོས།། རྫ་རི་ཐང་ཀུན་དུང་མདོག་སྒྱུར་དུས།། གནས་གཞིས་མེད་ཀྱི་འབྲོང་ཕྲུག་ང་ཡིས།། དཔའ་འགྲན་མེད་ཀྱི་མ་ལོ་དྲན་བྱུང་།།