我的美篇

美友6067811

ང་། ཡོད་ཚད་བསམ་གཞིག་བཏང་ན།། རྩ་བའི་གཏད་སོ་མེད་དོ།། ངར་འཛིན་བདུད་གྱི་འགོང་བོ།། མྱུར་བར་ཐུལ་ན་བསམ་བྱུང་།། སྲིད་རྩེེ་མནར་མེད་འཁོར་བ།། ང་འོ་ཞེས་བའི་དྲུད་འདུག། ང་འཛིན་རང་གི་དགྲ་བོ།། མྱུར་བར་བྲལ་ན་བསམ་བྱུང་།། འཁོར་བ་ཐོག་མ་མེད་པས།། ད་ནི་མྱུར་བར་འཁོར་འགྲོ།། ངར་འཛིན་ལྷན་སྐྱེས་རྟོགས་ན།། དབུ་མའི་ལྟ་བ་རྟོགས་རེད།། ནམ་ཡང་ང་སྐྱིད་ང་བཟང་།། ང་ནི་སྡུག་དང་འཛེམ་དགོས།། དེ་འདྲའི་ང་དེ་ཡོད་ན།། ངེས་བར་སྟོན་དང་བློ་སྐྱེད།། ངར་འཛིན་ཆགས་སྡང་ཞིག་གིས།། ང་ཡི་གཏམ་རྒྱུད་བྲིས་ཏེ།། ང་ཚོ་ཚང་མས་དེ་ལ།། ང་བཞིན་བསམ་བློ་གཏོང་ཤོག། 2016 11 1 ནང་ཞོགས་པར་མལ་ནས་བྲིས།