我的美篇

美友6067811

ཡུལ་ལ་བསྙེགས་སོང་། རྩོམ་པ་པོ།            མེ་རིའི་གཟི་འོད། ཤོག་དཀར་མཐའ་མེད་ཐང་ཆེན་འདི་ཉིད།།  མེ་རི་མཐུར་མེད་རྩེད་སའི་གནས་ཡིན།། སྙན་ཚིག་པདྨའི་མགུལ་རྒྱན་བཏེགས་ཏེ།། འཁྱུག་གིན་འཁྱུག་གིན་ཡུལ་ལ་བསྙེགས་སོང་།། ཁྱད་མཚར་ཤེས་བྱའི་རྣམ་གྲངས་ཡོད་ཚད།། མེ་རི་ནམ་མཁར་སྐྱོད་པའི་གཤོག་པ།། མཛད་མེད་ཤེས་བྱའི་ལམ་ཆེན་བརྒལ་ཏེ།། འཕུར་གྱིན་འཕུར་གྱིན་ཡུལ་ལ་བསྙེགས་སོང་།། བདེན་པའི་ཀི་བསྭོའི་ངར་སྐད་ཡོད་ཚད།། མེ་རི་རིང་དུ་བསྐྱོད་པའི་གོམ་འགྲོས།། མི་ཁའི་རླུང་བུ་ཐོད་དུ་བརྒལ་ནས།། དགོད་ཀྱིན་དགོད་ཀྱིན་ཡུལ་ལ་བསྙེགས་སོང་།། ཕྲག་དོག་དུག་གི་སྨན་སྣའི་བཟི་ཁ།། མེ་རི་མདུན་དུ་བསྐྱོད་པའི་ཐེམ་སྐས།། ཕྱོགས་བཞིའི་གྲི་ཁ་རྣོན་པོའི་བར་ནས།། འཛུམ་གྱིན་འཛུམ་གྱིན་ཡུལ་ལ་བསྙེགས་སོང་།།