我的美篇

美友6067811

དད་པའི་སེམས་ཀྱི་མཆོད་པ། རྩོམ་པ་པོ---འབྲོག་མྱི་ལྡོམ། འཇ༵མ་དབྱ༵ངས་སྐུ༵་ཡི་འོད་ཟེར་ཕྱོགས་བཅུ་འཕྲོས།། བློ༵་གས༵ལ་གསུང་གི་ཡོན་ཏན་མཁའ་ལ་ཁྱབ།། སྨྲ༵་བའི༵་ཉི༵་མ༵འི་ཐུགས་ཀྱིས་འགྲོ་ལ་གཟིགས།། ད༵ད་པའི༵་སྙིང་གི་མེ་ཏོག་འབུ༵ལ་ནས་ཡོད།། མ་རིག་མུན་པ་སེལ་བའི་སྒྲོལ་མེ་མཆོག། མ་ཤེས་འགྲོ་ལ་ཤེས་བྱའི་ཡོན་ཏན་སྩལ།། སྐྱེ་འགྲོ་ཀུན་ལ་ཆོས་ཀྱིས་བདུད་རྩི་གནང།། དད༵་པའི༵་སེམས་ཀྱི་མཆོད་པ་འབུལ༵་ནས་ཡོད།། འཇ༵མ་དབྱ༵ངས་བྱམས་བརྩེའི་འགྲོ་ལ་སྐྱོང་ནས་ཡོད།། བློ༵་གས༵ལ་ཤེས་རིག་འདབས་མ་རྒྱས་ནས་ཡོད།། སྨྲ་བའི༵་ཉི༵་མ༵་གནས་འདིར་ཤར་ནས་ཡོད།། དད༵་པའི༵་བསྟོད་དབྱངས་ཁྱེད་ལ་འབུ༵ལ་ནས་ཡོད།། གསེར་ཁྲི་གསེར་བོའི་གདན་གྱི་འཇམ་དབྱངས་མཆོག། ཁྱེད་ཀྱི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག། ཁྱེད་ཀྱི་མཛད་བཟང་ཕྱོགས་ཀུནརྒྱས་པར་ཤོག། དད༵་པ༵འི་སྙན་ཚིག་ཕྲེང་བ་འབུ༵ལ་ནས་ཡོད།།