ཁ་བྱང་།
༼མི་གླེང་ཐུ་མེད་དུ་གྱུར་བའི་བོད་ཀྱི་གཞི་རིམ་སློབ་གསོའི་གནད་དོན་འགའ།༽

ཐེ་བོའི་མི་རབས་གསར་བའི་གླེང་སྟེགས་ཚང་གི་གཟའ་ མཇུག་བགྲོ་གླེང་བ་ངོ་སྤྲོད་མདོར་བསྡུས
མིང་། སྤྱི་རྒན་ཚེ་རིང་དོན་གྲུབ།
ཕ་ཡུལ། ཅོ་ནེ་ཆས་པའི་གཤིས།
ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་ནང་ན་སློབ་གཉེར་བྱེད་ཀྱིན་ཡོད། མ་ཡུམ་སློབ་གྲྭའི་རྩོམ་ཡིག་འགྲན་བསྡུར་ལས་བྱ་དགའ་ཨང་དང་བོ་ཐོབ། ཆོལ་གསུམ་བོད་ཀྱི་སྐད་ཡིག་གཅིག་གྱུར་གྱི་དུས་དེབ་༼བླ་སྲོག་༽གཙོས་པའི་བོད་ཁུལ་གྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་དྲ་ཚིགས་སོགས་སུ་དཔྱད་རྩོམ་དང་འབོལ་རྩོམ་གྱིས་མཚོན་པའི་རྩོམ་ཡིག་མང་པོ་སྤེལ་མྱོང་ཞིང་། ༢༠༡༥ལོར་བོད་ཀྱི་སློབ་གསོའི་གནད་དོན་སྐོར་གྱི་འབོལ་རྩོམ་དེབ་༼ན་ཟུག་གི་ང་རོ་༽ཞེས་པ་ཞིག་དཔར་དུ་བསྐྲུན་རྗེས། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ་ནས་མཁས་པ་དང་སློབ་གསོ་བ། དགེ་རྒན་ཆེན་མོ་འགའ་གདན་དྲངས་པའི་སྟེང་སློབ་མ་དང་དགེ་རྒན། གྲྭ་བ་དང་སྤྱི་ཚོགས་སྟེང་གི་མི་སྣ་གཞན་དང་བཅས་མི་དྲུག་བརྒྱ་ལྷག་འཛོསམ་ནས་༼སྤྱི་རྒན་ཚེ་རིང་དོན་གྲུབ་ཀྱི་ན་ཟུག་གི་ང་རོ་དང་འབྲེལ་བའི་མི་རིགས་སློབ་གསོའི་བགྲོ་གླེང་༽ཞེས་པ་ཞིག་ཀྱང་སྤེལ། ད་དུང་བོད་ཀྱི་བྱིས་པའི་དུས་དེབ་༼དཔྱིད་ཆར་༽ཞེས་པའི་གཙོ་སྒྲིག་པའི་འགན་འཁུར་ནས་བོད་ཀྱི་བྱིས་པ་རྣམས་ལ་ཕན་པའི་ཀློག་དེབ་ཡག་པོ་ཞིག་བསྒྲུབ་ཨེ་ཐུབ་ལ་འབད་འབུངས་བྱེད་ཀྱིན་པ་མ་ཟད། དུས་རྒྱུན་བོད་ཀྱི་སློབ་གསོ་སྤྱི་དང་ལྷག་པར་དུ་བོད་ཀྱི་བྱིས་པའི་སློབ་གསོའི་ཕྱོགས་ལ་སེམས་ཁུར་དང་བརྟག་དཔྱད་བྱས་ནས་དེ་ཕྱོགས་ཀྱི་རྩོམ་ཡིག་རེ་དང་དེ་མིན་འབོལ་རྩོམ་གང་མང་རེ་འབྲི་བཞིན་པ་ལགས།

སློབ་གསོའི་གནད་དོན་སྐོར་གྱི་འབོལ་རྩོམ་དེབ།༼ན་ཟུག་གི་ང་རོ༽

བོད་ཀྱི་བྱིས་པའི་དུས་དེབ།༼དཔྱིད་ཆར༽