འཕུར་འདོད་པའི་སྟངས་སྟབས་ཤིག་གིས་

འཇིག་རྟེན་འདིར་མཚར་སྡུག་སྣ་མང་བསྣན་ཆོག།

རི་གླུ་སིང་སིང་གྲག་ཡོང་དུས།

སེམས་པ་རྩྭ་ཐང་དང་གཡང་དཀར་ལ་ཞོགས་ནས།

ང་ཡི་སེམས་ལ་སྤང་རྒྱན་མེ་ཏོག་འཁྲུངས་བྱུང་།

ས་ཆེན་གྱི་པང་བ་ན།

མིག་ཟུང་ཀེམ་ཀེམ་དུ་གཡོ་བ་ནི།

སྤང་ལ་འཁྲུངས་བའི་མེ་ཏོག

ཡང་ན་གནམ་ནས་སྐྱེས་བའི་སྐར་ཚོམ།

ན་སྤང་དུ་བཞད་པའི་མེ་ཏོག་རེ་རེ་ནི།

དགུ་ཚིགས་ཀྱི་རགས་ཁ་ནས་འཕོས་པའི་སྐར་འོད་རེ་རེ།

སྦྲ་ནག་གིས་རྐྱེན་བྱས་ཏེ།

ང་ཡིས་ལུག་ཁྱུ་ཞིག་ངོ་ཤེས།

དེ་ནི་གངས་འདབས་ཀྱི་སེམས་པ་ལགས།

ལུག་ཁྱུ་ཡིས་རྐྱེན་བྱས་ཏེ།

ང་ཡི་སྤང་ལ་མེ་ཏོག་འཁྲུངས།

དེ་ནི་བག་ཟོལ་གྱི་ཚུལ་དུ་གནས་པའི་སྤང་རྒྱན་མེ་ཏོག་རེད།