全县广大群众朋友们:

在2025年第八个“中国医师节”来临之际,为践行“德馨于行,技精于勤”的节日主题,彰显医务工作者护佑健康的使命担当,充分发挥藏西医协同的健康服务优势,提升全民健康素养,称多县卫生健康局特组织举办大型公益义诊活动。

本次活动汇聚称多县人民医院、称多县藏医院专业力量,涵盖多个诊疗领域,包括:

内科:常见病诊疗、呼吸系统疾病康复指导、肝病及肾病咨询、慢病筛查与管理建议。

外科:骨科、普外科、泌尿外科疾患咨询。

妇产科与妇女保健:妇科常见病预防知识宣教、孕产期保健咨询。

儿科:儿童常见健康问题解答。

五官科:眼、耳、鼻、喉及口腔健康筛查与咨询。

藏医特色诊疗:提供藏医体质辨识、健康指导,现场体验藏医特色外治技术。

健康管理:综合健康咨询、日常保健指导、健康档案建立与管理建议。

一、活动时间

2025年8月19日(星期二)上午09:30—12:00

二、活动地点

称多县嘎觉悟文化广场

三、参与专家

由称多县人民医院、称多县藏医院选派本院骨干医师、特邀援青医疗专家及本地资深藏医组成专业义诊团队。

我们诚邀全县广大群众朋友届时前来参与!为便于医生更准确地了解您的健康状况并提供建议,敬请尽量备齐本人过往病历、近期检查检验报告等相关资料。

共同守护健康,共建美好称多!

称多县卫生健康局

2025年8月18日

༼བསམ་སྤྱོད་མཉམ་མཐུན། ལག་རྩལ་བྱང་ཆུབ།༽ཞེས་པས་ཁྲི་འདུ་རྫོང་གི་སྐབས་བརྒྱད་པའི་ཀྲུང་གོའི་སྨན་པའི་དུས་ཆེན་གྱི་དམངས་ཕན་འོས་འགན་སྨན་བཅོས་བྱེད་སྒོར་སྐུ་ཉིད་ཞུགས་པར་གདན་འདྲེན་ཞུ།

རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་རྣམས་པ།

༢༠༢༥ ལོའི་སྐབས་བརྒྱད་པའི་ཀྲུང་གོའི་སྨན་པའི་དུས་ཆེན་ལ་ཉེ་བའི་དུས་འདིར། རང་འཕྲོད་བསྟེན་དང་བདེ་ཐང་ཅུའུ་ཡིས་༼བསམ་སྤྱོད་མཉམ་མཐུན། ལག་རྩལ་བྱང་ཆུབ།༽ཞེས་པ་བརྗོད་བྱར་བཟུང་སྟེ།དམངས་ཕན་གྱི་སྨན་དོན་ཕྲག་ཏུ་ཁུར་ནས་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་ཡོང་ཆེད་འོས་འགན་སྨན་བཅོས་བྱེད་སྒོ་ཆེན་མོ་ཞིག་གཙོ་སྒྲུབ་བྱས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་འདིར་ཁྲི་འདུ་རྫོང་མི་དམངས་སྨན་ཁང་དང་རྫོང་བོད་སྨན་ཁང་གི་སྨན་དོན་ཆེད་ལས་པ་མང་པོ་འཛོམས་ཏེ་ཆེད་ལས་སོ་སོའི་བརྟག་བཅོས་ཀྱི་རྣམ་གྲངས་གང་མང་ཚུད་ཡོད་པ་གཤམ་གསལ་ལྟར།

ཁོང་ནད་ཚན་ཁག རྒྱུན་མཐོང་ནད་བརྟག་སྨན་བཅོས་དང་། དབུགས་རྒྱུ་མ་ལག་གི་ནད་ཀྱི་བདེ་ཐང་མཛུབ་སྟོན། མཆིན་པ་དང་མཁལ་མའི་ནད་ཀྱི་འདྲི་རྟོགས། དལ་བའི་རང་བཞིན་ནད་ཀྱི་བརྟག་དཔྱད་དང་དོ་དམ་གྲོས་འདོན།

ཕྱི་ནད་ཚན་ཁག རུས་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག གཅིན་ཟགས་ཕྱི་ནད་ཚན་ཁག་བཅས་ཀྱི་གནས་ཚུལ་འདྲི་རྟོགས།

མོ་ནད་དང་བུ་སྐྱེ་ཚན་ཁག བུད་མེད་ཀྱི་ལུས་ཁམས་བདེ་སྲུང་། མོ་ནད་ཚན་ཁག་གི་རྒྱུན་མཐོང་ནད་རིགས་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་དང་མངལ་ཆགས་དུས་ཀྱི་ལུས་ཁམས་བདེ་སྲུང་སྐོར་གྱི་བློ་འདྲི།

བྱིས་ནད་ཚན་ཁག བྱིས་པའི་རྒྱུན་མཐོང་བདེ་ཐང་གི་གནད་དོན་ལ་འདྲི་རྟོགས་བྱེད་པ།

དབང་པོ་ལྔའི་ཚན་ཁག མིག་དང་། རྣ་བ། སྣ་བ། མིད་པ་བཅས་ཀྱི་བདེ་ཐང་ཞིབ་བཤེར་དང་བློ་འདྲི་བྱེད་པ།

བོད་ལུགས་གསོ་རིག་གི་ཁྱད་ལྡན་གསོ་བཅོས། བོད་ལུགས་གསོ་རིག་གི་མིའི་རང་བཞིན་དབྱེ་འབྱེད་དང་བདེ་ཐང་མཛུབ་སྟོན། ཡུལ་དངོས་སུ་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་གསོ་བཅོས་་ཉམས་ལེན་བྱེད་པ།

བདེ་ཐང་དོ་དམ། ཕྱོགས་བསྡུས་བདེ་ཐང་བློ་འདྲི་དང་། ཉིན་རྒྱུན་གྱི་ལུས་ཁམས་བདེ་སྲུང་གི་མཛུབ་སྟོན། བདེ་ཐང་ཡིག་ཚགས་འཛུགས་པ་དང་དོ་དམ་གྱི་གྲོས་འདོན་བྱེད་པ།

དང་པོ། བྱེད་སྒོའི་དུས་ཚོད།

༢༠༢༥ ལོའི་ཟླ ༨པའི་ཚེས༡༩ ཉིན་གཟའ་མིག་དམར་ཉིན་གྱི་སྔ་དྲོའི ༩:༣༠-༡༢:༠༠།

གཉིས། བྱེད་སྒོ་སྤེལ་ཡུལ།

ཁྲི་འདུ་རྫོང་སྒ་སྟོད་ཇོ་བོའི་རིག་གནས་ཐང་ཆེན་ནས།

གསུམ། བྱེད་སྒོར་ཞུགས་པའི་ཆེད་མཁས།

ཁྲི་འདུ་རྫོང་མི་དམངས་སྨན་ཁང་དང་ཁྲི་འདུ་རྫོང་བོད་སྨན་ཁང་གཉིས་ཀྱི་ཆེད་མངག་གདན་ཞུས་སྨན་བཅོས་ཆེད་མཁས་དང་ས་གནས་ཀྱི་སྨན་པ་ཆེད་མཁས་གཉིས་ཀྱིས་གྲུབ།

ང་ཚོས་ལྷག་བསམ་རྣམ་དག་གིས་རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་རྣམས་དུས་ཐོག་ཕེབས་ཏེ་ཆེད་མཁས་སྨན་པས་གནད་ལ་འཁེལ་བའི་སྒོ་ནས་ཁྱེད་ཀྱི་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། བསམ་འཆར་གང་ཡོད་འདོན་པ་དང་། རང་ཉིད་ཀྱི་སྔོན་བཅོས་ཀྱི་ནད་ཐོ་དང་ཞིབ་བཤེར་སྙན་ཞུ་སོགས་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ཡོད་ན་ཁྱེར་ཡོངས་ནས་ཆེད་མཁས་སྨན་པ་འདྲི་གཅོད་བྱས་ཆོག

མཉམ་དུ་བདེ་ཐང་སྲུང་སྟེ་མཛེས་སྡུག་ལྡན་པའི་ཁྲི་འདུ་ལྷན་དུ་བསྐྲུན།

ཁྲི་འདུ་རྫོང་འཕྲོད་བསྟེན་དང་བདེ་ཐང་ཅུའུ་ནས།

སྤྱི་ལོ་༢༠༢༥ལོའི་ཟླ་༨་བའི་ཚེས་༡༨ཉིན།