སྐལ་བཟང་ཐང་བྱིས་སྐྱོང་ཁང་གིས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན།

格桑滩幼儿园

གུས་པར་འོས་པའི་ཁྱིམ་བདག་ལགས།

བདེ་མོ།

དབྱར་གནང་སྟེར་ལ་ཉེ་བའི་སྐབས་འདིར། བྱིས་པར་བདེ་འཇགས་དང་བདེ་ཐང་གི་དབྱར་གནང་ཞིག་རོལ་དུ་འཇུག་ཆེད། ཆུར་རྐྱལ་བ་དང་ཆུ་ལོག་སྔོན་འགོག འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་འབྲེལ་ཡོད་གསལ་བརྡ་གཤམ་གསལ་ལྟར། ཁྱེད་ནས་ནན་གྱིས་བཀླག་ཏེ་བྱིས་པའི་བདེ་འཇགས་ལ་ལྟ་སྐུལ་བྱ་རོགས།

གཅིག ཆུར་ལྷུང་བ་སྔོན་འགོག

༡ བྱིས་པ་རང་གཅིག་པུའམ་བྱིས་པ་གཞན་དང་འགྲོགས་ནས་གཙང་བོ་དང་མཚེའུ། ཆུ་མཛོད་སོགས་ཉེན་ཁ་ཆེ་སར་འགྲོ་རུ་འཇུག་མི་རུང་།

༢ ཆུར་རྐྱལ་དུས་ཁྱིམ་བདག་དང་ལྷན་དུ་ཚད་ལྡན་གྱི་ཆུ་རྐྱལ་སར་འགྲོ་དགོས།

༣ རྩེད་རོགས་སོགས་ཆུར་ལྷུང་ན་མྱུར་སྐྱོབ་ཁ་པར་གཏོང་བ་ལས་རང་དགར་ཆུར་ལྡིང་མི་རུང་བའི་སློབ་གསོ་གཏོང་དགོས།

གཉིས། ཆར་ཆུའི་གནོད་པ་སྔོན་འགོག

༡ གནམ་གཤིས་སྔོན་བརྡ་དང་སྔོན་བརྡའི་ཆ་འཕྲིན་ལ་དོ་ཁུར་བྱས་ཏེ། དྲག་ཆར་དང་གློག་འཁྱུག་དུས་ཕྱི་ལ་མི་འགྲོ་བ།

༢ ཆུ་འཁྱིལ་དང་ཆུ་འགྲམ། དེའུ་འབུར་སོགས་ཉེན་ཁ་ཆེ་སའི་གནས་དང་། ཆུ་ཁ་དང་རི་ཉིལ་འབྱུང་སར་མི་འགྲོ་བ།

༣ ཆར་འབབ་དུས་གློག་སྒོ་བརྒྱབ་ནས་ཐོག་གི་ཉེན་ཁར་གཡོལ་བ་དང་། རླངས་འཁོར་བསྐོར་དུས་ཆུ་འཁྱིལ་སར་གཞོལ་བ།

གསུམ། འགྲིམ་འགྲུལ་བདེ་འཇགས།

༡ བྱིས་པར་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་གཏོང་བ་སྟེ། རྒྱ་ལམ་བརྒལ་དུས་གསལ་བརྡའི་རྟགས་དང་གློག་དམར་སོགས་ལ་མཉམ་འཇོག་བྱ་བ།

༢ འཕྲུལ་རྟར་ཞོན་དུས་བདེ་འཇགས་ཞྭ་མོ་གྱོན་པ་དང་། རླངས་འཁོར་བསྐོར་དུས་སྐྱོབ་ཐག་བཅིངས་དགོས།

༣ ལོ་བཅུ་གཉིས་ལ་མ་སོན་པའི་བྱིས་པས་ལྕགས་རྟ་ཞོན་ནས་ལམ་དུ་བསྐྱོད་མི་ཆོག

བཞི་བ། ཁྱིམ་གྱི་བདེ་འཇགས།

༡ ཁེ་གྲི་དང་སྨན་རྫས། མེ་ཆ་སོགས་ཉེན་ཁ་ཆེ་བའི་དངོས་རྫས་རྣམས་ཉར་ཚགས་ལེགས་པོ་བྱེད་དགོས།

༢ བྱིས་པར་རང་དགར་གློག་སྒོ་སོགས་ལ་རེག་མི་རུང་བ་དང་། གཅིག་པུ་ཁྱིམ་དུ་སྡོད་དུས་མི་ཆ་མེད་ལ་སྒོ་ཕྱེ་མི་རུང་བའི་སློབ་གསོ་གཏོང་དགོས།

༣ བྱིས་པ་འཁྱམས་ར་དང་དྲ་མ་སོགས་གཡང་གཟར་ལས་ལྷུང་བ་སྔོན་འགོག་བྱ་དགོས།

ལྔ། གཡོ་འཚོང་སྔོན་འགོག

བྱིས་པར་མི་ཆ་མེད་རྒྱུས་མེད་ལ་ཁ་བརྡ་བྱེད་པའམ་རྗེས་སུ་འབྲངས་པ་དང་། དེས་བྱིན་པའི་ཟས་སོགས་བཟའ་མི་རུང་བའི་སློབ་གསོ་གཏོང་དགོས་པར་མ་ཟད། ཁྱིམ་བདག་གི་མིང་དང་ཁ་པར་ཨང་གྲངས། ཁྱིམ་ཚང་གི་ས་གནས་སོགས་ཡིད་ལ་ངེས་དགོས། ཉེན་ཁར་འཕྲད་དུས༡༡༠ཡང་ན་སྤྱི་བདེ་ཅུའུ་སོགས་ལ་སྐྱབས་བཅོལ་རྒྱུ་ཤེས་པར་བྱ་དགོས།

བྱིས་པའི་བདེ་འཇགས་ནི་སློབ་གྲྭ་དང་ཁྱིམ་བདག་མཉམ་འབྲེལ་སྒོའི་སྒྲུབ་དགོས་ཕྱིར། དབྱར་གནང་སྐབས་སུ་གནད་དོན་ཅི་ཞིག་ལ་འཕྲད་ཀྱང་ངེད་བྱིས་སྐྱོང་ཁང་ལ་འབྲེལ་གཏུགས་བྱེད་པར་མཁྱེན། མཐར་ལུས་བདེ་སེམས་སྐྱིད་ཡོང་བར་སྨོན།