2025年泽库县麦秀镇多龙幼儿园毕业班

2025ལོའི་རྩེ་ཁོག་རྫོང་དམེ་ཤུལ་གྲོང་བརྡལ་རྡོ་ལུང་བྱིས་སྐྱོང་ཁང་གི་མཐར་ཕྱིན་འཛིན་གྲྭ།

རྒན་གྱིས་བསམ་དོན་འགྲུབ་ཤོག །

བྱིས་པ་ཚོའི་རེ་འདུན་འགྲུབ་ཤོག །

གསེར་སེར་བོའི་རིན་ཐང་འཚོལ་དུ་འགྲོ །།

དབྱངས་སྙན་མོའི་ཀ་ཁ་གྱེར་དུ་འགྲོ།།

ཁྱེད་རང་གིས་བསམ་དོན་འགྲུབ་ཤོག །

ང་རང་གིས་བསམ་དོན་འགྲུབ་ཤོག །

འུ་ཅག་གིས་བསམ་དོན་འགྲུབ་ཤོག །

དགེ་རྒན་དང་ཁྱིམ་བདག་རྣམས་པ་ཁྱེད་ཅག་གིས་ལྟོས་དང་། ང་ཚོའི་བྱིས་པ་ཚོ་ནི། སྨྲ་བརྗོད་མི་བདེ་བ་ནས་སྐད་ཆ་བཤད་ཤེས་པ། འགྲོ་འདུག་མི་ཤེས་པ་ནས་སྒྲིག་ལམ་སྲུང་ཤེས་པ། སྐོམ་ལྟོག་མི་ཤེས་ནས་བདེ་ཐང་འཚོལ་ཞིབ་བྱེད་ཤེས་པ། གཅིན་ལྕག་དབང་མེད་ཀྱིས་ཤོར་བ་ནས་ངོ་ཚ་ཤེས་པ། སྐད་ཆ་བཤད་མི་ཤེས་པ་ནས་ཡི་གེ་འབྲི་ཀློག་བྱེད་ཤེས་པ་སོགས་འདི་དག་ཡོད་ཚད་ཀྱི་ཡོད་ཚད་ནི་ཚད་དཔག་དཀའ་བའི་རིན་ཐང་གཞལ་མེད་ཀྱི་རིན་ཆེན་གྱི་ནོར་བུ་ཞིག་ཡིན་པ་མཆིས། དེ་ཡང་ལོ་གསུམ་གྱི་རིང་ལ་དགེ་རྒན་ཚོའི་སློབ་ཕྲུག་ཚོ་ལ་རང་གི་༼བུ་ལྟར་བྱམས་སྐྱོང་༽བྱས་པའི་བཀའ་དྲིན་དང་འབད་འབུངས་ཀྱིས་གཡུ་ཟའི་གྲུབ་འབྲས་དེ་རེད། དེ་ཡང་དབྱར་ཀའི་འབྲས་སྨིན་གྱི་དུས་མཚམས་ཀྱི་ལོ་ལེགས་རྩི་ཤིང་གི་འབྲས་བུ་སྦྲང་མའི་ཨ་མས་ལོངས་སུ་སྤྱོད་པ་དང་གཉིས་སུ་མ་མཆིས་སོ།

ཁྱེད་ཚོས་ས་ཆ་ཞིག་ལ་བདེ་སྐྱིད་གཞན་ཞིག་འཚོལ་བཞིན་ཡོད། སློབ་ཆུང་ནང་དུ་ངོ་མཚར་ཆེ་བའི་དངོས་པོ་མང་པོ་ཞིག་ཁྱེད་ཚོས་འཚོལ་ཞིབ་བྱེད་པར་སྒུག་ཡོད། ཁྱོད་ཀྱི་གཤིས་འཇམ་ཅིག་གྱིས་དང་། ཚང་མས་ཁྱོད་ལ་སྙིང་ཉེ་བར་བྱེད། ཁྱོད་ཀྱིས་ནན་ཏན་གྱིས་རྒྱུན་འཁྱོངས་བྱས་ནས་ཚང་མར་ཁྱོད་ཀྱི་སེམས་འགུག་ཏུ་འཇུག་དགོས། སླད་ཕྱིན་ཁྱེད་རང་ཁོར་ཡུག་གསར་པའི་ནང་སླེབས་སྐབས་ཀྱང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ལོ་ལེགས་ཀྱི་འབྲས་བུ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། བུ་བཅོལ་ཁང་གི་སྒོ་ཆེན་ལས་ཁྱོད་ཀྱིས་སློབ་སྦྱོང་གི་འགོ་འཛུགས་ས་གཞན་ཞིག་བསུ་རྒྱུ་ཡོད །ཁྱེད་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུར་འོད་སྣང་འཕྲོ་བར་སྨོན།