关于杜绝乱倒垃圾 共建美丽石渠的倡议书

昂翁四郎

གད་སྙིགས་གང་བྱུང་དུ་གཡུགས་ནས་མཛེས་སྡུག་ལྡན་པའི་རྡོ་ཡུར་མཉམ་སྐྲུན་བྱ་རྒྱུ་གཏན་འགོག་བྱ་རྒྱུའི་སྐོར་གྱི་གྲོས་འདོན་ཡི་གེ།

སྙིང་ཉེ་བའི་སེར་ཤུལ་རྫོང་གི་རྒྱ་ཆེའི་མང་ཚོགས་ཚོའི་རྡོ་ཡུར་དེ་དྭངས་གཙང་དང་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཞིག་ཡིན་པ་དང་བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་ཀྱི་ནང་དོན་ཟབ་མོའི་ཐོག་ནས་ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མཚོན་གྱི་ཡོད། འོན་ཀྱང་འཚོ་བ་དང་ཨར་སྐྲུན་གད་སྙིགས་གང་བྱུང་དུ་གཤོ་བ་དེས་ཕ་ཡུལ་གྱི་མཛེས་སྡུག་མུག་ཟོས་སུ་གཏོང་བཞིན་ཡོད་པ་དང་ཡུར་བུའི་ཆུ་ལམ་འགག་པ་དང་སྦྲང་ནག་གི་ནད་འབུ་ཐོན་ནས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་གི་ཡོད། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཆེད་འདིར་ཚང་མར་གྲོས་འགོ་འདོན་རྒྱུ་གཤམ་གསལ།ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བཙུགས་ནས་དཔལ་ཡོན་ལག་བསྟར་བྱེད་མཁན་ཞིག་བྱེད་པར་བརྩོན་ལེན་བྱ་དགོས། གད་སྙིགས་གང་བྱུང་དུ་དབྱུགས་པ་དེས་སྣོད་བཅུད་ཁོར་ཡུག་དང་སྤྱི་པའི་འཕྲོད་བསྟེན་དང་གྲོང་ཁྱེར་གྱི་གཟུགས་བཪྙན་ལ་གནོད་འཚེ་ཚབས་ཆེན་བཟོ་བར་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་ངོས་ནས་འགོ་བཙུགས་ཏེ་གད་སྙིགས་གང་བྱུང་དུ་མི་དབྱུགས་པ་དང་རང་རྟོགས་ངང་འཚོ་བའི་གད་སྙིགས་རིགས་དབྱེ་ནས་དམིགས་འཛུགས་བསྡུ་རུབ་བྱ་ཡུལ་དུ་མི་གཏོང་བ་དང་ཨར་སྐྲུན་གད་སྙིགས་རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཏེ་གཏན་འབེབས་གཞིར་བཟུང་སྐྱེལ་འདྲེན་དང་གཙང་སེལ་བྱས་ནས་ལྐོག་བླུགས་དང་གང་བྱུང་དུ་བླུགས་པའི་བྱེད་སྤྱོད་གཏན་འགོག་བྱེད་དགོས། རང་འགུལ་ངང་ལྟ་སྐུལ་ནང་ཞུགས་ནས་ཁོར་ཡུག་གི་འགོག་སྲུང་འཛིང་རགས་མཉམ་སྐྲུན་བྱ་དགོས། ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཉེ་འགྲམ་དུ་གད་སྙིགས་གང་བྱུང་དུ་དབྱུགས་པའི་བྱེད་སྤྱོད་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་བཀག་སྡོམ་བསླབ་བྱ་དང་བཀག་འགོག་བྱེད་དགོས་པ་དང་།ཁ་ཏ་བསླབ་བྱར་མི་ཉན་མཁན་ལ་རང་འགུལ་ངང་སེར་ཤུལ་རྫོང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་ལ་ཐེར་འདོན་གོང་ཞུ་(་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་13618139199)་བྱས་ནས་སྒྲིག་འགལ་བྱེད་སྤྱོད་ཁ་གཡར་ས་མེད་པ་བཟོས་ཡོད།

石渠,这片圣洁而广袤的土地,以壮丽的自然风光与深厚的人文底蕴,承载着我们对美好生活的向往。然而,生活和建筑垃圾的随意倾倒,正蚕食着家乡的美丽,堵塞沟渠河道、滋生蚊蝇病菌、破坏生态环境。为守护我们共同的家园,在此向大家发出如下倡议:树立环保意识,争当文明践行者。深刻认识乱倒垃圾对生态环境、公共卫生和城市形象的严重危害,从自身做起,不随意丢弃垃圾,自觉将生活垃圾分类投放至指定收集点,建筑垃圾主动联系相关部门,按照规定运输、处置,杜绝偷倒、乱倒行为。主动参与监督,共筑环境防线。积极发挥监督作用,发现身边存在乱倒垃圾行为时,及时劝阻制止;对不听劝导者,主动向石渠县城市管理综合行政执法大队举报(举报电话:13618139199),让违规行为无处遁形。传播环保理念,凝聚行动合力。积极向家人、朋友、邻里宣传规范处置垃圾的重要性,带动身边人共同参与到维护环境卫生的行动中来,让文明环保的理念深入人心,形成人人参与、共同守护的良好氛围。

ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཁྱབ་སྤེལ་བྱས་ནས་བྱ་སྤྱོད་ཀྱི་འགྲིལ་ཤུགས་གཅིག་ཏུ་སྒྲིལ་དགོས། ཁྱིམ་མི་དང་གྲོགས་པོ་ཁྱིམ་མཚེས་བཅས་ལ་གད་སྙིགས་གཙང་བཅོས་ཚད་ལྡན་བྱེད་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་ཧུར་ཐག་བྱས་ནས་ཉེ་འགྲམ་གྱི་མི་རྣམས་ཐུན་མོང་ཐོག་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ནང་ཞུགས་པར་སྐུལ་ཁྲིད་བྱས་ཏེ་ཡ་རབས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་པ་དང་།མི་ཚང་མ་ཞུགས་པ་དང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱ་དགོས། ཁྱིམ་གཞིས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན། ང་ཚོས་ལག་གདང་སྦྲེལ་ནས་བྱ་སྤྱོད་སྤེལ་ཏེ་ད་ལྟ་ནས་འགོ་འཛུགས་པ་དང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་གད་སྙིགས་གང་བྱུང་དུ་མི་བླུགས་པར་གཙང་ཞིང་གྲལ་འགྲིག་པ་དང་མཛེས་སྡུག་ལྡན་ལ་ཁམས་བདེའི་སེར་ཤུལ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། སེར་ཤུལ་་རྫོང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་གྱིས་2025་ལོའི་ཟླ་6་ཚེས་10་ཉིན་།

守护家园环境,是我们义不容辞的责任。让我们携手行动起来,从现在做起,从点滴小事做起,拒绝乱倒垃圾,为建设干净整洁、美丽宜居的石渠贡献力量!石渠县城市管理综合行政执法大队2025年6月10日