༄༅༎༢༠༢༥ལོར་ཞེའུ་གྲོང་རྡལ་ལྟེ་གནས་བྱིས་སྐྱོང་གླིང་གིས་ཟླ༥པའི་ཚེས༦ནས་ཚེས་༡༦ཉིན༼གཟའ་འཁོར་གཉིས་ཀྱི་ལས་དོན་ཕྱོགས་བསྡོམས།༽
གཅིག རྒྱལ་དར་སྒྲེང་བ་། 一、升国旗
ཟླ་༥ཚེས་༦ཉིན་ང་ཚོའི་བྱིས་སྐྱོང་གླིང་གིས་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་།གྲོགས་པོ་ཆུང་ཆུང་ཚོས་ལྡུམ་རའི་ལྭ་བ་གྲལ་དག་གྱོན་ནས་རྣམ་རིག་རྒྱས་ནས་ལུས་རྩལ་ར་བའི་ནང་དུ་ལངས་ཡོད།རྒྱལ་གླུ་གྲགས་པའི་སྐབས་སུ་དགེ་སློབ་ཡོངས་གུས་སྟབས་ཀྱིས་ལངས་ནས་སྐར་ལྔའི་དར་དམར་དལ་བུར་སྒྲེང་བར་བལྟས།འཛིན་གྲྭ་ཆེ་མོའི་དར་ཆ་སྒྲེང་མཁན་ཚོའི་བྱ་སྤྱོད་ཀྱི་ཚད་གཞི་ནུས་ལྡན་ཡོད་པས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད།ད་རེས་ཀྱི་རྒྱལ་དར་སྒྲེང་བའི་མཛད་སྒོ་བརྒྱུད་ཕྲུ་གུ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་གསོ་སྐྱོང་བྱས་པ་དང་མཉམ་སྡེབ་ཀྱི་གཟི་བརྗིད་བསམ་པ་ཆེ་རུ་བཏང་བ་རེད།གྲོགས་པོ་ཆུང་ཆུང་ཚོས་གཟའ་འཁོར་གསར་པའི་ནང་མུ་མཐུད་འབད་བརྩོན་བྱས་ཏེ་ཤེས་དཔལ་ལྡན་ལ་གུས་ཞབས་ལྡན་པའི་ཕྲུ་གུ་བཟང་པོ་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

5月6日我们幼儿园举行了庄严的升国旗仪式。小朋友们穿着整齐的园服,精神饱满地站在操场上。当国歌响起时,全体师生肃立,注视着五星红旗冉冉升起。大班的升旗手们动作标准有力,展现了良好的精神风貌。通过这次升旗仪式,培养了孩子们的爱国情怀,增强了集体荣誉感。希望小朋友们在新的一周继续努力,做文明有礼的好孩子。
གཉིས། ལུས་ཤུགས་འཁོར་རྒྱུག་ཆེན་པོ༽ཕྱི་རོལ་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན། 二、体能大循环户外活动成果展演
5月8日我园开展了“体能大循环”户外活动成果展演
གསུམ། བརྩེ་བས་གྲོང་གླིང་སྦྲེལ།མཉམ་དུ་འཚར་ལོངས་བྱུང་།༼༢༽ 三.情系村园,共同成长(2)
གྲོང་ཚོ་རིམ་པའི་བྱིས་སྐྱོང་གླིང་གི་སློབ་གསོ་སློབ་ཁྲིད་དོ་དམ་ཚད་ལྡན་དུ་གཏོང་བ་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་ཆེད་ཟླ་༥ཚེས་༩ཉིན་རང་རེའི་བྱིས་སྐྱོང་གླིང་གི་ཡོན་ཀྲང་གིས་འབྲིང་རིམ་འགོ་ཁྲིད་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་རིམ་པའི་བྱིས་སྐྱོང་གླིང་ལ་སློབ་གསོ་སློབ་ཁྲིད་ཀྱི་རྒྱུན་གཏན་ལས་དོན་ལ་ཞིབ་བཤེར་བྱས་པ་རེད།

为规范村级幼儿园教育教学管理,提升保教质量,5月9日我园园长组织中层领导对辖区内村级幼儿园开展教育教学常规工作检查。
བཞི ༼ཞེའུ་ཡུལ་སྲོལ་གོམས་གཤིས་རྨད།བྱིས་པའི་ཉམས་འགྱུར་ངོ་མཚར་ཆེ།༽ཞེས་པའི་ས་གནས་རིག་གནས་བརྗོད་བྱ་གཙོ་བོའི་ས་ཁོངས་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན། 四 “歇武风情·童样精彩”本土文化主题区域活动成果展示
ཟླ་༥ཚེས་༡༣ཉིན་༼ཞེའུ་ཡུལ་སྲོལ་གོམས་གཤིས་རྨད།བྱིས་པའི་ཉམས་འགྱུར་ངོ་མཚར་ཆེ།༽ཞེས་པའི་ས་གནས་རིག་གནས་བརྗོད་བྱ་གཙོ་བོའི་ས་ཁོངས་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་བརྒྱུད་ཕྲུ་གུ་ཚོར་རོལ་རྩེད་ཁྲོད་ས་གནས་དེ་གའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་པ་རེད།བྱེད་སྒོའི་ནང་བོད་མིག་མངས་ཁུལ་དང་།འདམ་བཙིར་ཁུལ།ལག་ཤེས་བལ་སྐུད་བཟོ་ཁུལ།བོད་བཟོའི་གྱོན་ཆས་ཇུས་འགོད་ཁུལ།ཡིག་གཟུགས་ཁུལ།གཏམ་རྒྱུད་འཁྲབ་སྟོན་ཁུལ།་ལུག་དཀྱོག་རོལ་རྩེད་ཁུལ།བྱིས་གླུ་འཁྲབ་སྟོན་ཁུལ།་སྲོལ་རྒྱུན་ཞབས་བྲོ་ཁུལ།འཐག་ལས་ཁུལ།བོད་བཟོའི་བག་ལེབ་བཟོ་ཁུལ་བཅས་ཚུད་ཡོད།བྱིས་པ་ཚོ་ཧུར་ཐག་གིས་ཞུགས་པ་དང་།ལག་འགུལ་བཀོལ་སྤྱོད་དང་མཉམ་འགུལ་ཉམས་ལེན་ཁྲོད་རང་ཡུལ་གྱི་རིག་གནས་ལ་ངོས་འཛིན་དང་བརྩེ་དུང་ཇེ་ཟབ་ཏུ་བཏང་།བྱེད་སྒོས་བུ་བཅོལ་ཁང་གི་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད་ལ་བྱིས་པའི་རིག་གནས་ཀྱི་མོས་སེམས་ཀྱང་གསོ་སྐྱོང་བྱས་པས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་ཕན་འབྲས་ཐོན་ཡོད་པ་རེད།ཁྱིམ་བདག་གིས་ཚུར་ལན་ཡག་པོ་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་རིག་གནས་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

5月13日通过“歇武风情·童样精彩”本土文化主题区域活动成果展示,让孩子们在游戏中感受本土文化魅力。活动包括:藏棋区,捏泥区,手工毛线制作区,藏式服装设计区,书法区,故事表演区,羊拐游戏区,儿歌表演区,传统舞蹈区,编织区,藏式糕点区。孩子们积极参与,在动手操作和互动体验中增进了对本土文化的认知与情感。活动既丰富了幼儿园课程内容,又培养了幼儿的文化认同感,达到了寓教于乐的效果。家长反馈良好,表示希望多开展此类接地气的文化活动。
ལྔ། འབུ་རྐོ་གནང་བ་སྔོན་རོལ་གྱི་བྱ་བ་བཀོད་སྒྲིག 五.虫草假期前期工作部署
ངེད་བྱིས་སྐྱོང་གླིང་གིས་གོང་རིམ་པའི་བདེ་འཇགས་ལས་དོན་གྱི་འཆར་གཞི་དང་དགོངས་སྙིང་ལག་བསྟར་བྱེད་པ་དང་།བྱིས་པ་གནང་བ་སྐབས་ཀྱི་བདེ་ཐང་ལ་ཁག་ཐེག་དང་།བྱིས་པའི་བདེ་འཇགས་ཀྱི་འདུ་ཤེས་སོགས་མཐོ་འདེགས་གཏོང་ཆེད།ཟླ་༥བའི་ཚེས་༡༦ཉིན་བྱིས་པ་སློབ་གྲྭ་ནས་མ་བྲལ་བའི་སྔོན་ལ་་གནང་བ་སྔོན་རོལ་གྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས།

虫草假期将至,为了深入贯彻上级有关部门关于进一步加强幼儿园安全工作的精神,确保幼儿假期间的安全,我园在教育幼儿提高安全意识的基础上,在5月16日幼儿离园前我园进行了假期前期工作部署。

༡.དགེ་རྒན་དང་མཁོ་སྒྲུབ་དགེ་རྒན་ཡོངས་རྫོགས་འདུས་ནས་གནང་བ་སྔོན་རོལ་གྱི་ལས་དོན་བཀོད་སྒྲིག་བྱས་པ།

1.我园放假前对全体教师及后勤人员集中进行一次扎实有效的假期前期工作部署会议。

会议主持:达哇卓玛园长

会议参与者:全园所有教师及后勤人员

༢.དགེ་རྒན་དང་ཁྱིམ་བདག་བྱིས་པའི་བར་ལ་འབུ་རྐོ་གནང་བ་སྐབས་ཀྱི་བདེ་ཐང་གྲོས་མཐུན་ཡི་གེ་བྲིས།

2.与家长签订虫草假期安全协议书

༣.འབུ་རྐོ་གནང་བ་སྐབས་ཀྱི་ལས་རེས་པ་ལས་དོན་བཀོད་སྒྲིག

3.虫草假期值班工作安排
དྲུག གླིང་ཡོངས་གཙང་སྦྲ་ཆེན་པོ་། 六.全园大扫除