མངའ་རི་མཚོ་ཆེན་རྫོང་ཕ་ཡུལ་ཆུ་ལྷོའི་གྱོན་ཆས་ཀྱིས་ལོ་རྒྱུས་མདོར་བསྡུས།

སྔོ་ལྗང་དམར་གསུམ་ནི་མཚོ་ཆེན་ཆུ་ལྷོའི་བུ་མོའི་གྱོན་ཆས་ཀྱིས་རྒྱན་ཁྲའི་གྲུབ་ཆ་གཙོ་བོ་ཞིག་ཡིན་སྟབས་དེ་ལ་དཔེ་སྟོན་ཟུང་འབྲེལ་གྱི་གྱོན་ཆས་ཀྱི་མཚོན་རྟགས་འདི་དངོས་སུ་སྤྱི་ལོ་2021ལོར་གཏན་འཁེལ་བྱས་།

འོན་ཀྱང་ད་བར་དུ་རང་རེ་མི་རིགས་ལག་ཤེས་བཟོ་གྲྭ་འདི་ཉིད་ལ་འཕེལ་རྒྱས་དེ་ཙམ་མེད་སྟབས་འཚེམ་གྲུབ་གྱི་མཚོན་རྟགས་འདི་མེས་རྒྱལ་ནང་ཁུལ་སོགས་ནས་མངགས་བཟོ་བྱེད་འཐུབ་སོང་བས་ཕྱིས་སུ་ང་ཚོ་ཆུ་ལྷོའི་གྱོན་ཆས་འདི་ཉིད་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་གྲགས་ཅན་གྱི་ཚོང་རྟགས་ཡོད་པའི་ཚོང་ཟོག་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ཡིས་འབུངས་ལྷོད་མེད་བྱེད་བཞིན་ཡོད།

ལག་བཟོས་ཀྱི་ཆུ་ལྷོའི་གྱོན་ཆས་མཚོན་རྟགས་ཡོད་པས་དཔེ་སྟོན་གི་ལྟོ་ཕད་ཆུང་ཆུང་ཞིག་།

དེའང་ཐོག་མར་བསྐལ་བ་ཡ་ཐོག་གི་དུས་ནས་འཛམ་གླིང་ཡང་རྩེར་མཐོ་སྒང་ས་མཐོར་གནས་པའི་བྱང་ཐང་གི་ཨ་ཁུ་འབྲོག་པ་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་པ་མེད་པ་དང་ལྷག་པར་དུ་ཆར་རླུང་དྲག་ཆར་བརྒྱུད་ནས་མཐོ་སྒང་གི་འབྲོག་ལས་ཐོན་སྐྱེད་གཏོང་བཞིན་དྭངས་གཙང་ལྷད་མེད་ཀྱི་སྔོ་ལྗང་ཟས་རིགས་ལ་རོལ་བའི་མི་རིགས་ཞིག་ཡིན་པ་མ་ཚད་ཤ་མར་ཐུད་གསུམ་དང་སྦྲང་དཀར་རྩམ་པ་བཟས་ནས་མི་རབས་ནས་མི་རབས་དུ་བདེ་ཐང་གི་འཚོ་བ་ཞིག་སྐྱེལ་གྱི་ཡོད་པ་མ་ཟད་ལྷག་པར་དུ་ལུས་ལ་གྱོན་བྱེད་ནི་ཕྱུགས་ཟོག་གི་ལྤགས་རིགས་ཡིན་པ་དང་རྐང་ལྷམ་ཆུང་གི་སྤྲད་པ་ནི་ནོར་གྱི་རྐོ་བ་སོགས་བྱས་ཏེ་ཕྱུགས་ཟོག་གི་བལ་དང་སྤུ་རིགས་ཀྱིས་སྦྲ་གུར་དང་ཐག་པ་རྒྱད་མོ་སོགས་བཟོས་ཏེ་འཚོ་བའི་དགོས་འཁོ་མཐའ་དག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཐོན་སྐྱེད་གཏོང་གི་ཡོད་པའི་ལོ་རྒྱུས་འདུག།

དེ་རིང་ལྷག་པར་དུ་རང་ཉིད་ཀྱི་ལྷན་རྒྱས་ལ་ཞུ་རྒྱུ་ཡིས་བརྗོད་བྱ་གཙོ་བོ་ནི་མཚོ་ཆེན་འབྲོག་ཁུལ་གྱི་སྐྱེས་པ་ཕོ་ཡི་སློག་པའི་ལོ་རྒྱུས་རགས་ཙམ་ཞུ་རྒྱུ་ཡིན།

དེའང་གནའ་སྔ་མོ་ནས་འབྲོག་པ་རྣམས་དགུན་གྱི་དུས་སུ་གྲང་ངར་ཤིན་ཏུ་ཆེན་པོ་ཡིན་སྟབས་ལུག་ལྤགས་ལས་གྲུབ་པའི་དགུན་སློག་ཞིག་བཟོས་ནས་རྒྱོན་ཏེ་ཕྱུགས་རྫི་དང་ཚྭ་ཚོང་སོགས་འགྲོ་བའི་ལུགས་སྲོལ་བྱུང་འདུག་ལ་དཔྱིད་ཁ་དང་དབྱར་ཁ་སྟོན་ཁ་སོགས་ལ་ར་ལྤགས་གི་སློག་པ་བཟོས་ཏེ་གྱོན་སྲོལ་བྱུང་འདུག་།

དཔྱིད་དབྱར་སྟོན་གསུམ་ལ་ར་ལྤགས་གི་སློག་པ་བཟོ་དགོས་པའི་རྒྱུ་མཚན་ནི་ནམ་དུས་གསུམ་ལ་ཆུ་དང་ཆར་པ་འབབ་གི་ཡོོད་པས་ར་ལྤགས་ནི་ཉེས་ཚར་ན་ཆུའི་མི་རྒྱོང་སྟབས་རྒན་རབས་ཀྱི་བློ་གྲོས་དང་ཐབས་ཤེས་ལ་བརྟེན་ནས་བཟོས་ཞིག་ཡིན་སོ་འདུག།།

སྔ་མོ་ནས་མཚོ་ཆེན་འབྲོག་པའི་སློག་པ་ནི་ལག་བཟོས་དག་མའི་གྱོན་ཆས་ཞིག་ཡིན་པ་མ་ཟད་ལྷག་པར་དུ་དུས་ཆེན་དང་རྟ་རྒྱུགས་ལ་གྱོན་བྱེད་ནི་ནང་དུ་ལུ་གུ་ཡི་ཚ་རུ་དང་ར་ལྤགས་ཀྱི་སྙེམ་དཀར་པོ་གཡོགས་ནས་དེ་ལ་རི་མོ་སྣ་ཚོགས་བརྒྱབ་པ་མ་ཚད་རི་མོ་མཚན་ཉིད་ནས་ཁྱི་སྣ་དང་ཤིང་ལོ་ལ་སོགས་པའི་ལག་ཚེམ་བསྐོད་མ་རྒྱབ་ནས་བཟོ་གི་མ་ཟད་ཕྱུ་པའི་མཐའ་འཁོར་རུ་སྤུ་མ་ཁུ་སུ་ནག་པོའི་མཐའ་རྒྱན་རྒྱབ་ནས་སྔར་རྒན་རབས་ཀྱི་ངག་རྒྱུན་དུ་༼ཕྱག་ནག་རི་སྐད་སྨུག་པ་༽ཞེས་ཁྱད་དུ་འཕགས་པའི་མཛེས་གོན་ཞིག་ཡིན་ལ་དེའི་ཟུར་དུ་རྡོ་དཀར་ཀྱིས་ཚེམ་བུ་དང་ད་དུང་སྲོག་པོ་འབྲུལ་དུམ་ཞེས་པའི་ཚོན་མདོག་དམར་སེར་ལྗང་གསུམ་གྱི་ཚེམ་གྲུབ་ཡོད་པ་མ་ཟད་སྔ་མོའི་དུས་སུ་དེ་ལ་སྲམ་དང་སྟག་གཟིག་སོགས་ཀྱིས་ལྤགས་པའི་མཐའ་རྒྱན་བརྒྱབ་ནས་རྒྱོན་སྲོལ་ཡོད་པ་མ་ཚད་དུང་སེམས་ཆུང་ཞིབ་ཕྲ་དང་མགོ་ལ་ཝ་དམར་གྱི་སྦྲ་ལོ་ལུས་ལ་འབུ་རས་ཀྱི་སྟོད་གོས་དང་སྨད་གོས་རྒྱོན་ཏེ་སྐད་རག་འཇའ་ཚོན་སྣ་ལྔ་དང་དངུལ་ཀྱིས་རྒྱན་ཆ་སྣ་ཚོགས་བཏགས་ཏེ་རྫིགས་ཉམས་ལྡན་པའི་ཕོ་གསར་གྱི་ལུས་ལ་འཆོར་རྒྱན་སྣ་ཚོགས་སྤྲས་ཡོད་པའི་ཁྱད་ཆོས་མངོན་འདུག།

ད་ལྟའི་དུས་སུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་མི་རྣམ་དེང་རབས་ཅན་མངོན་འགྱུར་བྱུང་རྗེས་འཕྲུལ་ཆས་ལ་བརྟེན་ནས་ལས་ཀ་བྱེད་རྒྱུ་ཡོད་པ་མ་ཟད་ལྷག་པར་དུ་མི་རིགས་ལག་ཤེས་བཟོ་རྩལ་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས་གློག་གི་འཁོར་ཚེམས་ཀྱི་འཚེམ་བུ་རྒྱག་གི་ཡོད་སྟབས་མེས་པོ་གོང་མ་རྣམས་ཀྱི་སྲོལ་རྒྱུན་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་ཆེད་བཟོ་རྩལ་གྱི་སྲོལ་རྒྱུན་དང་ལོ་རྒྱུས་ལ་འགྱུར་བ་མ་བཏང་པར་ཕོ་མོའི་གྱོན་ཆས་བཟོ་གི་ཡོད་པ་མ་ཟད་དེ་དག་ལ་རི་མོ་བརྒྱབ་པའི་ལུགས་སྲོལ་ཐད་བཟོ་པ་རྣམས་ཀྱིས་སྔར་ལས་ལྷག་པའི་གསར་གཏོད་གནང་ཏེ་མི་བཟོས་ལྭ་ཚར་ལ་སྲོལ་རྒྱུན་རྒྱུད་འཛིན་བྱས་སྟབས་སྔར་ལས་མཛེས་པ་དང་ཡང་བའི་ཁྱད་ཆོས་ཡང་ཧ་ཅང་མང་པོ་མངོན་ཡོད།

མཚོ་ཆེན་ཆུ་ལྷོའི་བུ་མོ་ཡི་རྒྱན་ཆས་ཀྱི་ལོ་རྒྱུས་རགས་ཙམ་གསན་པར་འདོད་ན་དེའང་གནའ་སྔ་མོ་ནས་གོང་གི་བུའི་སློག་པའི་ལོ་རྒྱུས་དང་ངོ་བོ་ཕལ་ཆེ་བ་གཅིག་མཚུངས་རེད་ལ་བུ་མོའི་སློག་པ་ཡི་རིང་ཚད་ལ་བུ་མོ་གཟུགས་སྟོབས་ཆེ་ཆུང་ལ་སྤེལ་བའི།་༼མཐོ་བརྒྱད་དང་ཡང་ན་མཐོ་བརྒྱད་སོར་ལྔ་ཡང་ན་རིང་ཤོས་ལ་མཐོ་དགུ་༽སོགས་བཏང་སྲོལ་ཡོད་ལ་ད་དུང་རྒྱབ་ཁྱད་དང་མདུན་ཁྱད་ཕྱག་མཐའ་དང་གོང་འཐའ་་སྟོད་ཀྱི་སྒོར་རྒྱན་སོགས་གནའ་སྔ་མོ་ཡི་དུས་སུ་རྒྱན་ཁྲ་ཡིས་རེས་ཆ་དཀོན་པ་དང་སྤྱི་ཚོགས་ཆ་རྐྱེན་ཞན་པའི་དབང་གིས་གཉིས་རྒྱན་དང་གསུམ་རྒྱན་ལས་བྱུང་མི་འདུག།

ད་ལྟའི་དུས་སུ་རྒྱུ་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་སྟབས་ཆུ་ལྷོའི་བུ་མོའི་གྱོན་ཆས་ནི་སྔར་ལས་ལྷག་པའི་རྒྱན་ཁྲ་ཧ་ཅང་མང་བ་དང་མཛེས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་མ་ཟད་ད་དུང་དེང་དུས་ཀྱི་བཟོ་རྩལ་གྱི་ཁྱད་ཆོས་ལ་བརྟེན་ནས་ཕུ་རྡུང་གཉིས་ཀྱི་རྒྱན་ཁྲའི་བར་འཚམ་སུ་རི་མོ་བརྒྱབ་སྲོལ་ཡོད་པ་ནི་སྔར་ལས་ལྷག་པའི་མཛེས་བར་གྱུར་ཡོད།

དེ་ཡིས་མ་ཚད་པའི་སྔར་ཆུ་ལྷོའི་བུ་མོའི་ཞྭ་མོ་ནི་ཧོར་མོའི་ཞྭ་ཆུང་ཞེས་ཚར་ཞྭ་སྐྲོང་སྐྲོང་ཞིག་འགོ་རྣམ་ཀྱིས་རྒྱན་ཁྲ་བཏང་ནས་རི་མོ་ཤིང་ལོ་དང་ཁྱི་སྣ་རྒྱབ་ཡོད་པ་མ་ཟད་སྲམ་ཁྲ་ཡང་བཏང་སྲོལ་འདུག་ལ་སྐབས་དེ་དུས་མི་རྣམས་ཀྱི་ངག་རྒྱུན་དུ་༼ཆུ་ལྷོའི་བུ་མོ་རྨ་བྱ་འདྲ་།།རྨ་བྱ་མཇུག་རིང་ལྟགས་རྒྱེད་རེད།༽ཞེས་ཞུ་སྲོལ་འདུག།

ད་ལྟའི་དུས་སུ་དེ་ཡི་ཐད་འགྱུར་བ་ཏོག་ཙམ་ཕྱིན་ནས་ཆུ་ལྷོའི་བུ་མོ་རྣམས་ཝ་དམར་ཀྱི་ཞྭ་མ་ཐེར་སྐྲོང་ཞེས་པ་རྒྱོན་སྲོལ་འདུག་ལ་ཝ་མོ་ནི་གདོང་མཛེས་ཤིང་རྣ་ཅོག་འཁྲོང་བའི་སྲོག་ཆགས་ཞིག་ཡིན་སྟབས་གསར་དུ་རྣམ་རིག་བཀྲ་བའི་ཚེམ་བུ་བ་རྣམས་དང་བུད་མེད་རྣམས་ཀྱིས་གསར་གཏོད་བྱས་པ་ཞིག་རེད་དེང་དུས་ཀྱི་བུ་མོ་ནི་ངོ་གདོང་དཀར་ལ་བྱུག་རྫས་སྣ་ཚོགས་ཀྱིས་མདྭངས་སྟོན་སྟབས་ཝ་ཞྭ་ནི་དེ་བས་ཀྱང་མཛེས་པ་ཞིག་རེད་འདུག་ལ་དེའང་ཕྱི་རབས་ཀྱི་དུས་སུ་དར་སྲོལ་ཤིན་ཏུ་ཆེ་བའི་མཛེས་གོན་ཞིག་ཏུ་འགྱུར་བ་མངོན་སུམ་བརྗོད་མེད་རེད།

རང་ཉིད་ཀྱིས་རྡོ་ནག་པོ་མི་གཟུགས་འདྲ་བའི་སྟིང་དུ་ཤིང་མཚོན་སྣ་ཚོགས་ཀྱིས་ལུས་རྒྱན་འཆོར་བའི་འབྲོག་པའི་བུ་མོའི་རྣམ་པ་ཞིག་བྲིས་བ།

རྒྱབ་སྲུན་ཤིན་ཏུ་མང་བའི་འབྲོག་མོ་ཡི་རྒྱབ་བཟོའི་རྣམ་པ་ཞིག།

ལོ་ངོ་བདུན་ལ་སོན་པའི་འབྲོག་པའི་བུ་མོ་ཡི་རྒྱབ་བཟོ།།

དེ་དུས་ཀྱི་ལུས་ལ་རྒྱན་ཁྲ་གྱོན་ཞིང་མགོ་ལ་ཝ་མ་སྦྲ་ལོ་གྱོན་པའི་འབྲོག་པའི་བུ་མོ་གཅེན་གཅུང་གཉིས་ཀྱི་རྣམ་པ།

བུ་ཕྲུག་ནི་ཕ་མའི་ནོར་བུ་ཞིག་ཡིན་སྟབས་ང་ཚོའི་ཡོད་ཚད་ནས་ཡོད་ཚད་ཀྱི་བར་དུ་དེ་ལ་སྦྱིན་དགོས།

ལུས་ལ་འབྲོག་ཆས་དག་མ་སྤྲད་པའི་འབྲོག་པའི་ཕ་རྒན་ཞིག་།

1921ནས2021བར་དུ་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་དུས་ཡུན་ལོ་ངོ་བརྒྱ་འཁོར་བའི་དྲན་གསོར་ཆུ་ལྷོ་གྲོང་ཚོའི་ཏང་ཡོན་དང་གྲོང་ཚོ་ཨུ་གཉིས་ཀྱི་ཨུ་ཡོན་དང་གྲོང་ཚོའི་དྲིལ་བསྒྲགས་པ་ཚེ་སྒྲུབ་ནས་ཕུལ་བའི་ལག་རྟགས།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནས་ཏང་ལོ་བརྒྱ་ལ་གསེར་ཐིག་ལྔ་བཅུ་ང་དྲུག་འདུས་པའི་ཨང་ཀི་བརྒྱ་ཡིས་ཚོན་རྟགས་འདིར་ཚེ་གྲུབ་ཀྱི་ལུག་གས་གི་སྟེང་དུ་བསྐོད་རྒྱབ་ནས་དདུང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་དགོས་པའི་ཚིག་བཅད་ཡང་བྲིས་ཡོད་པ།

2025ལོར་རང་རྫོང་དུ་གཞི་རིམ་སྒྲོག་འགྲེལ་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་བཤད་སྐབས་འཕུལ་བའི་མི་རིགས་མཐུན་སྒྲིལ་གྱི་མཚོན་རྟགས།

གཏམ་བཤད་བྱེད་བཞིན་པའི་འདྲ་པར།

2020ལོར་བུ་མོ་སྐར་མ་འོད་ཟེར་སྒྲོལ་མ་ནས་དགེ་རྒན་གྱི་དུས་ཆེན་ལ་ཕུལ་བའི་ལག་རྟགས།

བུ་མོ་སྐར་མ་འོད་ཟེར་སྒྲོལ་མ་ཡི་ཟླ་བ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་ལ་ལུགས་ལྤགས་ཀྱི་སྟེང་དུ་བྲིས་པའི་གནམ་བདེ་སྒོ་མོ་ཆེ་ཡི་བཟོ་དབྱིབས་ཀྱི་ལག་འབྲིས་འཁྲུངས་སྐར་སྐྱིག།།

འབྲོག་པའི་ཕོ་སློག་ཀྱི་ཁྱད་ཆོས་རྣམ་པའི་བརྙན་ཐུང་།

འབྲོག་པ་ཕོ་མོ་རུ་བསྒྲིགས་ནས་མི་རིགས་ཁྱད་ཆོས་གི་རྒྱོན་ཆས་ཀྱི་རྣམ་པ།

མེ་ཏོག་སྤང་ལ་བཞད་པའི་འབྲོག་པའི་བུ་མོ་ཆུང་ཆུང་གི་གཟུགས་ཆས་

བརྗིད་ཆགས་སྐུ་མཁར་ཕོ་བྲང་པོ་ཏ་ལའི་མདུན་དུ་མགོ་ལ་སྨྱུག་གཤིབ་ཀྱིས་ལྷས་མ་སླས་ཏེ་གཡུ་བྱུར་མུ་ཏིག་གི་རྒྱན་སྤྲས་ཤིང་ལུས་ལ་ཕ་ཡུལ་གྱི་རྒྱན་ཁྲ་རྒྱོན་པའི་གཅེས་ཕྲུག་སྐར་མ་འོད་ཟེར་སྒྲོལ་མ་ཡིས་སྤྲོ་སྣང་གི་རྣམ་པ།

2017ལོར་སྣང་ཆེན་དང་དགའ་ཞེན་བཞི་ཡི་ལས་འགུལ་སྤེལ་སྐབས་གུས་པའི་དམངས་གཞས་ཀྱི་གདངས་ལ་བརྟེན་པའི་སྒྲ་སྙན་སྤྲོ་སྟོང་གི་གྲོང་ཚོའི་མཉམ་གཞས་དང་གཞས་ཚིག་གི་རྩམ་བྱ།

འབྲོག་པའི་བུ་མོ་ཆུང་ཆུང་གི་འདེམས་རྒྱུར།

ཕ་ཡུལ་མཚོ་ཆེན་གྱི་ཀྲ་རི་གནམ་མཚོ་རིག་གནས་བྱེད་སྒོ་དུས་ཆེན་གྱི་མཛེས་ལྗོངས།

རི་མོ་བ་སྐར་མ་འོད་ཟེར་སྒྲོལ་མ།

རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག།