ལྷ་སྲས་བྱིས་སྐྱོང་ཁང་གི་༢༠༢༥ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་ལོ་སར་ཤིས་ཚིག།

琼周、

བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐར་བཟང་འདིར་ངེད་ལྷ་སྲས་བྱིས་སྐྱོང་གི་དགེ་བཟོ་བ་ཡོངས་ཀྱིས་ཁྱིམ་བདག་རྣམས་གཙོ་མཛད་དེ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་ལོ་སར་སྨོན་འདུན་ཞུ་རྒྱུ་གཤམ་གསལ་ལྟར།

གནམ་ལོ་གསར་བའི་ནང་དུ།། ཚེ་རིང་ནད་མེད་བདེ་སྐྱིད་ཤོག།

ཁ་རྗེ་དབང་ཐང་རླུང་རྟ་དར།། ཤེས་རིག་ཡོན་ཏན་འཕེལ་བར་ཤོག།

འཛིན་གྲྭ་ཆུང་བའི་གྲོགས་པོ་ཆུང་ཆུང་ཚོས་ཁྱེར་ཡོང་བའི་ལོ་གསར་གྱི་སྨོན་ཚིག།

ཕ་མ་སྤུན་མཆེད་འཛོམས་པའི་བཀྲ་ཤིས་ཤོག། ལུས་བདེ་སེམས་སྐྱིད་ཡོང་བའི་བཀྲ་ཤིས་ཤོག།

གྲོགས་མཆེད་འཆམ་མཐུན་ཡོང་བའི་བཀྲ་ཤིས་ཤོག། བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།

འཛིན་གྲྭ་འབྲིང་བའི་གྲོགས་པོ་ཆུང་ཆུང་ཚོས་ཁྱེར་ཡོང་བའི་ལོ་གསར་གྱི་སྨོན་ཚིག།

ཚེ་དང་བསོད་ནམས་འཕེལ་བའི་བཀྲ་ཤིས་ཤོག། ལས་དང་སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག།

ཤེས་རིག་ཡོན་ཏན་འཕེལ་བའི་བཀྲ་ཤིས་ཤོག། བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་ཤོག།

འཛིན་གྲྭ་ཆེ་བའི་གྲོགས་པོ་ཆུང་ཆུང་ཚོས་ཁྱེར་ཡོང་བའི་ལོ་གསར་གྱི་སྨོན་ཚིག།

མཇུག་མཐར་གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་སྐར་བཟང་འདི་ལ་ངེད་ལྷ་སྲས་བྱིས་སྐྱོང་ཁང་གི་དགེ་བཟོ་བ་ཡོངས་ཀྱིས་རི་ཁ་བའི་ལྗོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་ཞུ།

གནམ་ལོ་གསར་བའི་ནང་དུ།

རྒན་པ་ཚེ་ཐག་རིང་།

གཞོན་པ་འདབ་ལག་རྒྱས།

ཆར་ཆུ་དུས་སུ་འབབ།

ལོ་ཕྱུགས་རྟག་ཏུ་ལེགས།

ནད་མུག་འཁྲུག་རྩོད་ཞི།

དུས་བདེ་ཞོད་འཇགས་དང་འཆམ་མཐུན་དར་རྒྱས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།།